ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིན་གྱིས《ཤར་རྒྱུད་དང་བྱང་རྒྱུད་ཀྱི་དབུལ་སྐྱོར་མཉམ་སྒྲུབ་ལས་དོན་སྔར་བས་ཤུགས་སྣོན་པའི་སྐོར་གྱི་སློབ་སྟོན་བསམ་འཆར》པར་འགྲེམས་བྱས་པ །

ཟླ12པའི་ཚེས7ཉིན་ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིན་གྱིས《ཤར་རྒྱུད་དང་བྱང་རྒྱུད་ཀྱི་དབུལ་སྐྱོར་མཉམ་སྒྲུབ་ལས་དོན་སྔར་བས་ཤུགས་སྣོན་པའི་སྐོར་གྱི་སློབ་སྟོན་བསམ་འཆར》འགྲེམས་སྤེལ་བྱས་པ་མ་ཟད། ད་དུང་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན།

《ཤར་རྒྱུད་དང་བྱང་རྒྱུད་ཀྱི་དབུལ་སྐྱོར་མཉམ་སྒྲུབ་ལས་དོན་སྔར་བས་ཤུགས་སྣོན་པའི་སྐོར་གྱི་སློབ་སྟོན་བསམ་འཆར》རྩོམ་ཡིག་ཆ་ཚང་གཤམ་དུ་འགོད་རྒྱུ།

ཤར་རྒྱུད་དང་ནུབ་རྒྱུད་དབུལ་སྐྱོར་མཉམ་སྒྲུབ་དང་ཁ་གཏད་རོགས་སྐྱོར་ནི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ་དང་། མཉམ་ལས་འཕེལ་རྒྱས། ཐུན་མོང་ཐོག་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཆེན་པོ་ཞིག་ཡིན། ས་ཁོངས་མཉམ་ལས། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྱུར། ཕྱི་ནང་ལ་སྒོ་མོ་འབྱེད་པའི་བར་སྟོང་གསར་པ་རྒྱ་བསྐྱེད་པའི་བཀོད་པ་ཆེན་པོ་ཡིན་པ་དང་། དབུལ་སེལ་འགག་ཕྲེང་གི་མཐར་བསྐྲད་དེ་དབུལ་སེལ་ཕྱུག་སྒྱུར་སྔ་མས་དབུལ་བོ་ཕྱི་མར་རོགས་རམ་གྱིས་ཕྱུག་པོར་སྒྱུར་ནས་མཇུག་མཐར་ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་དམིགས་འབེན་ཆེན་པོའི་ཐབས་མཆོག་དུ་འགྱུར་དགོས།

《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་ཕོངས་ལས་ཐར་པའི་འགག་སྒྲོལ་སྐོར་གྱི་ཆོད་དོན》དང་ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ་དང་།ཤར་རྒྱུད་དང་ནུབ་རྒྱུད་དབུལ་སྐྱོར་རོགས་ལས་བཞུགས་མོལ་ཚོགས་འདུའི་དགོངས་དོན་བཅས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་ཆེད། ཤར་རྒྱུད་དང་ནུབ་རྒྱུད་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབ་དགོས་ཐད་བསམ་འཆར་ཁག་བཏོན་པ།

དང་པོ། སྤྱིའི་བླང་བྱ།

(གཅིག)སློབ་སྟོན་བསམ་བློ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི ཞི་ཅིན་ཕེན་གྱིས་ ་གནང་བའི་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཇུས་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྟོན་དུ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོར་བཙུགས་ནས་དབུལ་སྐྱོར་ཡང་དག་པ་དང་།གནད་འཁེལ་དབུལ་སྒྲོལ་གྱི་གཞི་རྩའི་ཇུས་གཞི་རྒྱུན་འཁྱོངས་བྱས་ཏེ། འགན་འཁྲི་དོན་འཁྱོལ་དང་། ཆ་སྒྲིག་འབྲེལ་བ་ལེགས་སྒྱུར་། ཆ་སྒྲིག་རོགས་སྐྱོར་གཏིང་ཟབ ། དབུལ་ཐར་འགག་སྒྲོལ་ལ་དམིགས་པ་བཅས་སྔར་བས་ཤུགས་བསྣན་ཐོག ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་ལས་དོན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ནུབ་རྒྱུད་དབུལ་ཕོངས་ས་ཁུལ་དེ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་ཕྱོགས་ཡོངས་སྐྱོད་པར་སྐུལ་འདེད་གཏོང་དགོས།

(གཉིས)དམིགས་ཚད་གཙོ་བོ། རོགས་སྐྱོར་ཕྱོགས་གཉིས་ཀྱིས་འབད་བརྩོན་ལྷོད་མེད་ལ་བརྒྱུད་ཤར་རྒྱུད་དང་ནུབ་རྒྱུད་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་གྱི་ལས་ཀའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་ནས་མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། ཕྱོགས་བསྡུས་ཀྱི་ཕན་འབྲས་གང་ལེགས་འདོན་སྤེལ་བྱས་ཏེ་ད་ལྟ་ནུབ་རྒྱུད་ས་ཁུལ་དུ་སྤྱོད་བཞིན་པའི་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཚད་གཞི་འོག་ཞིང་སྡེའི་དབུལ་ཁྱིམ་ཡོངས་སྤྱི་ལོ2020་སླེབས་དུས་དབུལ་བོ་ལས་ཐར་ཐུབ་ཏུ་འཇུག་རྒྱུ་དང་། དབུལ་ཕོངས་རྫོང་ཚང་མ་དབུལ་ཕོངས་ལས་ཐར་ནས་ས་ཁོངས་རང་བཞིན་གྱི་སྤྱིའི་དབུལ་ཕོངས་ཐག་གཅོད་ཐུབ་རྒྱུ་དེ་རེད།

(གསུམ། )གཞི་རྩའི་རྩ་དོན། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་ནང་ཞུགས་བྱ་དགོས། རོགས་སྐྱོར་ཕྱོགས་གཉིས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་བསྣན་རྒྱུ་དེ་ལས་ཀའི་གལ་ཆེན་དུ་བརྩིས་ཏེ། ཚན་རིག་དང་མཐུན་པའི་རོགས་སྐྱོར་འཆར་གཞི་བཟོས་པ་མ་ཟད་ད་དུང་ནན་ཏན་གྱི་བཀོད་སྒྲིག་ལག་བསྟར་བྱས་ཏེ། འཐུས་སྒོ་ཚང་བའི་ལམ་སྲོལ་འཛུགས་དགོས། ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་ལས་སྡེ་ཚན་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་ཞུགས་པར་རྒྱ་ཁྱབ་སྐུལ་སློང་བྱས་ནས་རོགས་སྐྱོར་བྱེད་པའི་མཉམ་ཤུགས་ཆགས་དགོས།

གནད་འཁེལ་འདུས་པ་མཐའ་འཁྱོངས་བྱས་ནས། དབུལ་སྐྱོར་གྱི་ཕན་འབྲས་དངོས་ཇེ་མཐོར་གཏོང་དགོས། ཤར་རྒྱུད་དང་ནུབ་རྒྱུད་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་དབུལ་ཐར་འགག་སྒྲོལ་ལ་དམིགས་ནས་གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་སྒྲོལ་གྱི་བླང་བྱ་ལྟར། རོགས་སྐྱོར་བྱ་ཡུལ་གྱི་ས་ཁུལ་ལ་ཡིག་ཚགས་བཟོས་བའི་དབུལ་བོ་གྲངས་ཀ་ཡོངས་ཕྱུག་ལམ་དུ་འགོད་རྒྱུ་དེ་བྱ་བའི་གཙོ་གནད་དུ་བཟུང་བ་དང་། རོགས་སྐྱོར་མ་དངུལ་དང་རྣམ་གྲངས་ཀྱིས་སྡེ་བ་དབུལ་བོ་དང་། ཁྱིམ་ཚང་དབུལ་བོར་དམིགས་ནས་རོགས་སྐྱོར་གནད་ལ་འཁེལ་ཞིང་རྩ་བར་ཟུག་ཐུབ་པ་བྱེད་དགོས།

བཟང་ཆ་གསབ་རེས་བྱེད་པར་རྒྱུན་འཁྱོངས་དང་། སྒྱུར་བཅོས་གསར་གཏོད་ལ་བསྔགས་སྐུལ་བྱ་དགོས། རོགས་སྐྱོར་ ཕྱོགས་གཉིས་ཀྱིས་དོན་དངོས་གནས་ཚུལ་ལ་དམིགས་ནས། ཡུལ་བབ་དང་བྱེད་མཁན་ལ་གཞིགས་ནས་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་བྱ་དགོས། རོགས་སྐྱོར་ཕྱོགས་གཉིས་ཀྱི་བཟང་ཆ་གསབ་རེས་དང་། ཡུན་རིང་མཉམ་ལས། དབུལ་སྐྱོར་དམིགས་པ། མཉམ་རྒྱལ་བཅས་མངོན་འགྱུར་བྱུང་དགོས། ཧུར་ཐག་སྒོས་ཕྱུག་པོར་སྒྱུར་མཁན་སྔ་མས་དབུལ་བོ་གཞན་རྣམས་ཕྱུག་ལམ་འགོད་པར་རོགས་རམ་གྱིས་རིམ་བཞིན་ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་ཐབས་ལམ་གསར་པ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་བྱ་དགོས།

མང་ཚོགས་གཙོ་བོ་རྒྱུན་འཁྱོངས་དང་ནང་ངོས་སྒུལ་ཤུགས་འདོན་སྤེལ་བྱ་དགོས། གང་ལེགས་ཀྱིས་དབུལ་ཕོངས་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཧུར་བརྩོན་གསར་གཏོད་རང་བཞིན་ལ་སྐུལ་སློང་བཏང་ནས། སྐུལ་སྤེལ་དབུལ་སྒྲོལ་ཕྱུག་འགྱུར་ནང་སྐྱེས་སྒུལ་ཤུགས་འདོན་སྤེལ་རྒྱུན་ཆད་མེད་པར་བྱས་ཏེ། དབུལ་ཕོངས་མི་གྲངས་དཀའ་སྤྱད་འབད་འབུངས་བྱས་བར་རོགས་རམ་དང་སྐུལ་ཁྲིད་བྱ་རྒྱུ་དང་། གཟི་བརྗིད་དབུལ་སྒྲོལ་དང་ལས་བརྩོན་ཕྱུག་འགྱུར་ཡོང་བ་མངོན་འགྱུར་འབྱུང་དགོས།

གཉིས། ཆ་སྒྲིག་འབྲེལ་བ།

(བཞི) ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ཆ་སྒྲིག་འབྲེལ་བ་ལེགས་སྒྲིག་བྱ་དགོས། སྔར་ཡོད་ཀྱི་ཆ་སྒྲིག་འབྲེལ་བ་ལ་འོས་འཚམ་གྱིས་ལེགས་སྒྲིག་བྱ་རྒྱུ་དང་། ཞིང་ཆེན་བར་ཆ་སྒྲིག་འབྲེལ་བ་འཐུས་ཚང་དུ་གཏོང་བའི་དུས་མཚུངས་སུ་མི་རིགས་རང་སྐྱོང་ཁུལ་དང་ནུབ་རྒྱུད་དབུལ་ཕོངས་ཀྱི་ཚད་ཟབ་པའི་གྲོང་ཁྱེར་ཁུལ་ཡོངས་སུ་ཁྱབ་པར་མངོན་འགྱུར་འབྱུང་རྒྱུ་དང་། པེ་ཅིན་གྲོང་ཁྱེར་དང་། ཐེན་ཅིན་གྲོང་ཁྱེར། ཧོ་པེ་ཞིང་ཆེན་དབུལ་སྐྱོར་རོགས་ལས་ཀྱི་ལས་འགན་ལག་བསྟར་བྱ་དགོས།

(ལྔ) ལག་གདང་སྦྲེལ་ནས་འབྱོར་འབྲིང་སྤྱི་ཚོགས་བརྩོན་སྙེག་བྱ་སྤྱོད་སྤེལ་དགོས། ཤར་རྒྱུད་ཞིང་ཆེན་གྱིས་སྒྲིག་འཛུགས་བྱས་ནས་སྲིད་འཛིན་ས་ཁོངས་ནང་ཁུལ་གྱི་དཔལ་འབྱོར་དར་རྒྱས་ཅུང་ཆེ་བ(གྲོང་ཁྱེར་དང་ཁུལ)དང་དབུལ་སྐྱོར་རོགས་ལས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། ཁུལ་བཅས་ཀྱི་དབུལ་སྐྱོར་གྱི་ལས་འགན་ལྕི་བ་དང་། དབུལ་སྒྲོལ་དཀའ་ཚད་ཆེ་བའི་རྫོང་ཁག་དབུལ་བོ་བཅས་ལ་ལག་གདང་སྦྲེལ་ནས་འབྱོར་འབྲིང་སྤྱི་ཚོགས་བརྩོན་སྙེག་བྱ་སྤྱོད་སྤེལ། ཞང་དང་གྲོང་རྡལ་བར་དང་སྲིད་འཛིན་སྡེ་བའི་བར་ཆ་སྒྲིག་རོགས་སྐྱོར་ལ་འཚོལ་ཞིབ་བྱ་དགོས།

(དྲུག) ཁ་གཏད་རོགས་སྐྱོར་གཏིང་ཟབ་ཏུ་གཏོང་དགོས། བོད་ལྗོངས་དང་། ཞིན་ཅང་བཅས་ཞིང་ཆེན་བཞིའི་བོད་ཁུལ་བྱ་བར་ཁ་གཏད་རོགས་སྐྱོར་བྱས་ཏེ། ད་ཡོད་ཀྱི་ལམ་སྲོལ་འོག་མུ་མཐུད་དུ་གཞི་རིམ་དུ་ཕྱོགས་པ་དང་། དམངས་འཚོར་ཕྱོགས་པ། ཞིང་འབྲོག་མང་ཚོགས་ལ་ཕྱོགས་དགོས། སྔར་བས་གནད་འཁེལ་དབུལ་སྐྱོར་དང་། གནད་འཁེལ་དབུལ་སྒྲོལ་ལ་དམིགས་ནས་ཡིག་ཚགས་བཟོས་བའི་དབུལ་བའི་གྲངས་ཀར་དམིགས་ནས་གནད་འཁེལ་ཤུགས་འདོན་དང་། ཁ་གཏད་རོགས་སྐྱོར་གྱི་ཕན་འབྲས་ཇེ་མཐོར་གཏོང་དགོས།

གསུམ། ལས་འགན་གཙོ་བོ། 

(བདུན།) ཐོན་ལས་མཉམ་ལས་བྱ་དགོས། རོགས་སྐྱོར་ཕྱོགས་གཉིས་ཀས་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་ཐོན་ལས་མཉམ་ལས་དང་། བཟང་ཆ་གསབ་རེས་བྱེད་པ་དེ་གཏིང་ཟབ་མཁོ་སྤྲོད་ལོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ཀྱི་གྲོས་བསྡུར་བྱ་གཞི་གསར་བ་བྱས་ཏེ། འབྲེལ་ཡོད་སྲིད་ཇུས་ཞིབ་འཇུག་དང་གཏན་འཁེལ་བྱས་ནས་ཤུགས་ཆེན་པོས་སྐུལ་འདེད་དང་དོན་འཁྱོལ་བྱ་དགོས།

ཐོན་ཁུངས་སྤུས་ཚད་དང་ཐོན་ལས་རྨང་གཞིར་གཞི་ཚུགས་ཏེ། ཁེ་ལས་ནས་ས་ཁུལ་དབུལ་བོར་མ་དངུལ་འཇོག་པའི་བརྩོན་སེམས་འདོན་སྤེལ་བྱ་རྒྱུ་དང་། དབུལ་ཕོངས་མི་གྲངས་ཞུགས་ཚད་མཐོ་བའི་ཁྱད་ལྡན་ཐོན་ལས་རྟེན་གཞི་ཁག་ཅིག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་དགོས། ཁྱིམ་ཚང་དབུལ་པོར་སྣེ་ཁྲིད་དེ་ཐོན་ལས་འཕེལ་རྒྱས་ཀྱི་མཉམ་ལས་རྩ་འཛུགས་དང་སྣེ་འདྲེན་ཁེ་ལས་ཁག་ཅིག་སྐྱེད་བསྲིང་བྱས་ནས་ལས་ཞུགས་ལས་གནས་དེ་བས་མང་པོ་མཁོ་འདོན་གྱི་ངལ་རྩོལ་མང་འདུས་ཅན་གྱི་ཁེ་ལས་དང་རིག་གནས་ཡུལ་སྐོར་ཁེ་ལས་ཁག་ཅིག་ནང་འདྲེན་བྱས་ཏེ། ཐོན་ལས་གོང་འཕེལ་ལ་སྐུལ་འདེད་བཏང་ནས་དབུལ་སྒྲོལ་ལ་སྣེ་ཁྲིད་བྱ་དགོས། ཐོན་ལས་མཉམ་ལས་ཚན་རྩལ་རྒྱབ་སྐྱོར་ལ་ཤུགས་སྣོན་པ་དང་། ནུབ་རྒྱུད་ས་ཁུལ་གྱི་རང་ངོས་འཕེལ་རྒྱས་གཏོང་བའི་ནུས་པ་ཁྲོད་ཚན་རྩལ་གསར་གཏོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱ་དགོས།

(བརྒྱད།) ངལ་ལས་མཉམ་ལས་རྩ་འཛུགས་བྱེད་དགོས། རོགས་སྐྱོར་ཕྱོགས་གཉིས་ཀྱིས་ངལ་ནུས་ཕྱིར་གཏོང་གི་གནད་འཁེལ་འབྲེལ་མཐུད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ངལ་ནུས་ཕྱིར་གཏོང་དབུལ་སྒྲོལ་རྩ་འཛུགས་ཅན་དུ་འགྱུར་ཚད་མཐོར་འདེགས་དང་། ནུབ་རྒྱུད་ས་ཁུལ་གྱིས་གནས་ཚུལ་གསལ་རྟོགས་ཡོང་བ། ཡིག་ཚགས་བཟོ་བའི་དབུལ་ཕོངས་མི་གྲངས་ནང་ལས་ཞུགས་ཀྱི་འདོད་བློ་དང་ནུས་པ་ཡོད་ཀྱང་ལས་ཞུགས་མེད་པའི་མི་འབོར་གྱི་ཆ་འཕྲིན ། ས་ཆ་གཞན་གྱི་ལས་ཞུགས་མི་སྣའི་གཞི་རྩའི་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས་ཏེ། ལས་ཞུགས་ཞབས་ཞུ་མཁོ་འདོན་བྱ་དགོས། དུས་ཤར་རྒྱུད་ས་ཁུལ་བར་རྩ་འཛུགས་ཡོད་པའི་ངལ་ལས་ཀྱི་འབྲེལ་མཚམས་སྦྲེལ་དགོས། ནུབ་རྒྱུད་ས་ཁུལ་གྱི་ སྲིད་འཛིན་ས་ཁོངས་དེ་གའི་ངལ་ལས་འབྲེལ་མཐུད་ལས་དོན་ཡག་པོ་བྱས་ཐོག་ས་གནས་དེའི་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ ཐབས་ལམ་མང་པོར་ལས་ཞུགས་ལས་གནས་གསར་འབྱེད་དང་དབུལ་ཕོངས་མི་གྲངས་ཕ་ཡུལ་གྱི་ས་ཆ་ཐག་ཉེ་ས་ནས་ལས་ཞུགས་བྱེད་པར་རྒྱབ་སྐྱོར་བྱ་དགོས།

ལས་རིགས་སློབ་གསོའི་དངོས་པོ་རོགས་ལས་ཀྱི་འགུལ་སྐྱོད་འཆར་གཞི་དང་ནུས་རྩལ་དབུལ་སྒྲོལ “སློབ་གྲྭ་སྟོང་གི་བྱ་སྤྱོད”སྤེལ་ཏེ། ཧུར་ཐག་སྒོས་དབུལ་ཕོངས་ཁྱིམ་ཚང་གི་བུ་ཕྲུག་སྒྲིག་འཛུགས་བྱས་ནས་ཤར་རྒྱུད་ཞིང་ཆེན་གྱི་ལས་རིགས་སློབ་གླིང་དང་། ལག་ཤེས་བཟོ་རྩལ་སློབ་གྲྭར་སོང་སྟེ་ལས་རིགས་སློབ་གསོ་དང་ལས་རིགས་གསོ་སྐྱོང་སྦྱོང་བརྡར་དང་ལེན་བྱ་རྒྱུ་ཁྲིད་སྟོན་བྱ་དགོས།

ཤར་རྒྱུད་ཞིང་ཆེན་གྱིས་ནུབ་རྒྱུད་དབུལ་ཕོངས་མི་གྲངས་བརྟན་ལྷིང་ངང་ལས་ཞུགས་ཐག་གཅོད་ལ་རོགས་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་རྩིས་ཏེ་ལས་ཞུགས་ཀྱི་གོ་སྐབས་བསྟུན་ནས་ལས་མི་བེད་སྤྱོད་བྱེད་པའི་ཆ་འཕྲིན་འདོན་སྤྲོད་དང་། ཁེ་ལས་ཞུགས་པ་སྐུལ་སློང་བྱ་དགོས། མིའི་ལས་གནས་སྦྲེལ་མཐུད་མངོན་འགྱུར་བྱ་རྒྱུ་དང་། ལས་ཞུགས་བརྟན་པོ་ཡོང་རྒྱུར་འགན་སྲུང་བྱས། ཤར་ཕྱོགས་ས་ཁུལ་དུ་ལས་ཀ་དང་འཚོ་བའི་ཡིག་ཚགས་བཟོ་བའི་ཆ་རྐྱེན་དང་མཐུན་པའི་དབུལ་ཕོངས་མི་གྲངས་ལ་སྔོན་ལ་གཞིས་ཆགས་སྲིད་ཇུས་ལག་བསྟར་བྱས་ནས་གོ་རིམ་ལྡན་པའི་ངང་གྲོང་ཁྱེར་པ་འགྱུར་བར་མངོན་འགྱུར་འབྱུང་རྒྱུ་རེད།

(དགུ) ཤེས་ལྡན་མི་སྣར་རོགས་སྐྱོར་ཤུགས་སྣོན་བྱེད་པ། རོགས་སྐྱོར་བྱེད་མཁན་ཕྱོགས་གཉིས་ནས་ཕུལ་བྱུང་ལས་བྱེད་པ་མངགས་ཏེ་འགན་འཁྱེར་བྱ་དགོས། ཤེས་ལྡན་མི་སྣ་བརྗེ་རེས་རྒྱ་ཁྱབ་ངང་སྤེལ་བ་དང་། འདུ་ཤེས་འབྲེལ་མཐུད་དང་། བསམ་ཕྱོགས་མཉམ་འགུལ། ལག་རྩལ་ཕན་ཚུན་སློབ་སྦྱོང་། སྤྱོད་ཚུལ་ཕན་ཚུན་དཔྱད་གཞིར་བཅས་ལ་སྐུལ་འདེད་བཏང་། ཕྱོགས་གཉིས་སུ་འགན་འཁྱེར་དང་། ས་ཆ་གཉིས་ནས་གསོ་སྦྱོང་། མངགས་བཅོལ་གསོ་སྐྱོང་དང་ཚོགས་པ་སྒྲིག་འཛུགས་བྱས་ནས་སློབ་སྐྱོར་དང་།སྨན་སྐྱོར། ཞིང་སྐྱོར་སོགས་ཀྱི་རྣམ་པ་སྤྱད་ནས་སློབ་གསོ་དང་འཕྲོད་བསྟེན་དང་ཚན་རྩལ། རིག་གནས། སྤྱི་ཚོགས་ཀྱི་ལས་དོན་སོགས་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣར་རྒྱབ་སྐྱོར་བྱས་ནས་ཤར་རྒྱུད་ས་ཁུལ་གྱི་སྔོན་ཐོན་གྱི་འདུ་ཤེས་དང་། ཤེས་ལྡན་པ། ལག་རྩལ། ཆ་འཕྲིན་དང་ཉམས་མྱོང་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་ནུབ་རྒྱུད་ས་ཁུལ་དུ་སྤེལ་དགོས།

ཞིང་ལས་སྲིད་ཇུས་ཡར་སྐུལ་བྱེད་ཤུགས་ཆུ་རུ་བཏང་ནས་ཤེས་ལྡན་མི་སྣ་སྣ་ཚོགས་ནུབ་རྒྱུད་དབུལ་ཕོངས་ས་ཁུལ་ལ་རྩ་བཙུགས་ནས་བྱས་རྗེས་འཇོག་དགོས། རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་བདམས་ནས་རོགས་སྐྱོར་ས་ཁུལ་ལ་མངགས་ནས་འགན་འཁྱེར་ལས་བྱེད་པའི་སེམས་ཤུགས་གཙོ་བོར་དབུལ་སྒྲོལ་འགག་སྒྲོལ་ཐོག་འཇོག་དགོས། འགན་འཁྱེར་དུས་བཀག་རྩ་དོན་ཐོག་ལོ་གཉིས་ནས་ལོ་གསུམ་ཡིན། ནུབ་རྒྱུད་ས་ཁུལ་གྱི་ལས་བྱེད་པ་དང་ལྷག་པར་དུ་གཞི་རིམ་གྱི་ལས་བྱེད་པ་དང་། དབུལ་ཕོངས་སྡེ་བའི་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།

(བཅུ) མ་དངུལ་རྒྱབ་སྐྱོར་ལ་ཤུགས་སྣོན་དགོས། ཤར་རྒྱུད་ཞིང་ཆེན་གྱིས་མ་དངུལ་འཕར་ཚུལ་ལྟར་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་གྱི་མ་དངུལ་འཇོག་ལ་ཤུགས་སྣོན་ནས་ལོ་འཁོར་གྱི་སྔོན་རྩིས་སྟེང་འཇུག་དགོས། ནུབ་རྒྱུད་ས་ཁུལ་གྱི་དབུལ་སྐྱོར་འཆར་འགོད་ཀྱིས་སྣེ་ཁྲིད་དེ་རོགས་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་མ་དངུལ་བསྡུ་སྒྲིག་བྱས་ཏེ། དབུལ་སྒྲོག་འགག་གཏོར་གནད་དུ་བཟུང་སྟེ་དབུལ་སེལ་གྱི་མཉམ་ཤུགས་བཏོན་ནས་མ་དངུལ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་བཀོལ་སྤྱོད་ཕན་ནུས་ཇེ་མཐོར་གཏོང་དགོས།

(བཅུ་གཅིག) སྤྱི་ཚོགས་ཟབ་ཞུགས་ལ་སྐུལ་སློང་བྱེད་དགོས། ཞིང་ཆེན་དང་གྲོང་ཁྱེར་ལ་རོགས་སྐྱོར་བྱས་ནས་སྲིད་འཛིན་ས་ཁོངས་དེའི་ནང་དམངས་གཉེར་ཁེ་ལས་དང་། སྤྱི་ཚོགས་ཀྱི་རྩ་འཛུགས། སྤྱི་དམངས་མི་སྒེར་བཅས་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་ལ་ཧུར་ཐག་སྒོས་ཞུགས་དགོས། རྒྱལ་ཡོངས་ཀྱི་དབུལ་སྐྱོར་ཉིན་མོ་དང་ཀྲུང་གོའི་སྤྱི་ཚོགས་དབུལ་སྐྱོར་དྲ་སོགས་ཀྱི་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་སྒྲིག་འཛུགས་ཀྱིས་ནུབ་རྒྱུད་ས་ཁུལ་ལ་སོང་སྟེ་མ་དངུལ་ཞལ་འདེབས་འབུལ་བ་དང་། དགེ་སྒྲུབ་སྤྱི་ཕན་གྱི་སྨན་བཅོས་སྲོག་སྐྱོབ། སྨན་སྐྱོར་སློབ་སྐྱོར། སྤྱི་ཚོགས་ཀྱི་ལས་དོན་དང་དང་བླངས་ཞབས་ཞུ་སོགས་ཀྱི་དབུལ་སྐྱོར་གྱི་བྱེད་སྒོ་སྤེལ་དགོས།

སྤྱི་ཚོགས་ཀྱི་ལས་དོན་གྱི་ཆེད་ལས་ཤེས་ལྡན་མི་སྣས་དབུལ་ཕོངས་ས་ཁུལ་འཆར་གཞི་དང་དབུལ་སྐྱོར་དང་བླངས་པའི་བྱ་སྤྱོད་འཆར་གཞི་ལག་བསྟར་ཞབས་ཞུ་སྒྲུབ་པ་དང་། ཤར་རྒྱུད་ས་ཁུལ་གྱི་སྤྱི་ཚོགས་ལས་ཀའི་སྒྲིག་གཞི་དང་། དང་བླངས་ཞབས་ཞུའི་རྩ་འཛུགས། སྤྱི་ཚོགས་ཀྱི་ལས་དོན་པ་དང་བླངས་པའི་ཆ་སྒྲིག་ནུབ་རྒྱུད་དབུལ་ཕོངས་ས་ཁུལ་རོགས་སྐྱོར་ལ་རྒྱབ་སྐྱོར་བྱས་ཏེ།ནུབ་རྒྱུད་ས་ཁུལ་ལ་ཆེད་ལས་ཤེས་ལྡན་མི་སྣ་དང་ཞབས་ཞུ་འགན་སྲུང་འདོན་སྤྲོད་བྱས།

དམག་དཔུང་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་ནུབ་རྒྱུད་དབུལ་ཕོངས་ས་ཁུལ་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་ལེགས་ཆ་དང་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་དོ་སྣང་བྱས་ནས། ཡུལ་བབ་དང་བསྟུན་ནས་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོར་སྒྲུབ་དགོས། དམངས་གཉེར་ཁེ་ལས་ལ་རྩ་འཛུགས་བྱས་ཏེ“ཁེ་ལས་ཁྲི་ཡི་སྡེ་བ་ཁྲི་ལ་རོགས་སྐྱོར”བྱེད་པའི་གནད་འཁེལ་དབུལ་སྐྱོར་བྱ་སྤྱོད་སྟེང་ཞུགས་ཏུ་འཇུག་དགོས།རོགས་སྐྱོར་བྱ་ཡུལ་ས་ཁུལ་གྱི་དབུལ་ཕོངས་སྡེ་བ་དང་ཆ་སྒྲིག་རོགས་སྐྱོར་བྱས་པ།

བཞི། འགན་སྲུང་བྱེད་ཐབས།

(བཅུ་གཉིས།) རྩ་འཛུགས་ཀྱིས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཤར་རྒྱུད་དང་ནུབ་རྒྱུད་དབུལ་སྐྱོར་རོགས་ལས་སྒྲིག་འཛུགས་མཐུན་སྦྱོར་དང་། བྱ་བའི་མཛུབ་སྟོན་དང་དཔྱད་ཞིབ་ལྟ་ཞིབ་བཅས་ལ་ཤུགས་སྣོན་རྒྱག་དགོས་ལ། ཤར་རྒྱུད་དང་ནུབ་རྒྱུད་དབུལ་སྐྱོར་རོགས་ལས་ཕྱོགས་གཉིས་ཀྱིས་བཙུགས་པའི་མཐོ་རིམ་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་འཛུགས་རྒྱུ་དང་། ཏང་ཨུ་འམ་སྲིད་གཞུང་གིས་ གཙོ་བོ་འགན་ཁུར་པའི་བློ་མཐུན་གྱིས་ལོ་རེར་ལ་དུས་བཀག་འཚམ་འདྲིར་བྱས་ཏེ། མཉམ་ལས་བྱེད་པའི་གཙོ་གནད་གཏན་འཁེལ་བྱས་པ་དང ། དབུལ་སྐྱོར་རོགས་ལས་ལས་དོན་ཞིབ་འཇུག་བཀོད་སྒྲིག་དང་མཐུན་སྦྱོར་ངང་སྐུལ་སྤེལ་གཏོང་དགོས།

(བཅུ་གསུམ།) སྲིད་ཇུས་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོས་སྲིད་ཇུས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་དང་། རྒྱལ་ཁབ་གོང་སྤེལ་བཅོས་སྒྱུར་ཨུ་ལྷན། སློབ་གསོ་པུའུ། དམངས་སྲིད་པུའུ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། ཞིང་ལས་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་སོགས་སྡེ་ཁག་གིས་འགན་འཁྲི་ལས་བགོས་བྱས་ཏེ། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་བྱ་བར་མཛུབ་སྟོན་དང་རྒྱབ་སྐྱོར་ལ་ཤུགས་སྣོན་དགོས།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་འགན་འཁྱེར་ལས་བྱེད་འཇོན་མི་འདེམས་མངགས་ཀྱི་དོ་དམ་ལས་དོན་གཅིག་གྱུར་བྱ་དགོས། རྩིས་བཤེར་ལས་ཁུངས་ཀྱིས་ཁྲིམས་ལྟར་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་དང་དབུལ་སྐྱོར་མ་དངུལ་རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན་དང་། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་འདའ་འདེད་ལ་ཤུགས་སྣོན་རྒྱག་དགོས།

(བཅུ་བཞི།) དཔྱད་ཞིབ་དཔྱད་དཔོག་བྱ་དགོས། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ལས་དོན་དེ་རྒྱལ་ཁབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་དཔྱད་ཞིབ་ཁྱབ་ཁོངས་ཁྲོད་བཅུག་ཏེ། རྒྱལ་ཁབ་ཀྱི་དབུལ་སྐྱོར་ལྟ་ཞིབ་སྐོར་ཞིབ་གལ་ཆེན་ནང་དོན་བྱས་ཏེ། དམིགས་ཚད་ཀྱི་ཁྲིད་སྟོན་དང་མཇུག་འབྲས་ཁྲིད་སྟོན་འབུར་ཐོན་དང་། ལྟ་ཞིབ་སྐོར་ཞིབ་དང་དཔྱད་ཞིབ་ནང་དོན་ཉུང་འཕྲི་ཕན་འབྲས་དང་། ངལ་ལས་མཉམ་ལས། ཐོན་ལས་མཉམ་ལས། ཤེས་ལྡན་མི་སྣར་རོགས་སྐྱོར། མ་དངུལ་རྒྱབ་སྐྱོར་བཅས་ཕྱོགས་ལྔ་འདུས། གཙོ་གནད་ཡིག་ཚགས་བཟོ་བའི་དབུལ་ཕོངས་མི་གྲངས་མང་ཉུང་གི་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱས།

ཁ་གཏད་རོགས་སྐྱོར་ལས་དོན་གྱིས་གནད་འཁེལ་དབུལ་སྐྱོར་བྱ་བའི་གྲུབ་འབྲས་ལ་དཔྱད་ཞིབ་སྔར་ལས་ཤུགས་སྣོན་དགོས། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དཔྱད་ཞིབ་བྱ་བ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་སྒྲིག་འཛུགས་བྱས་ཏེ། དཔྱད་ཞིབ་བྱས་འབྲས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཞུ་བྱ་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།