དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་སོགས་འབྲེལ་ཡོད་སྲིད་ཇུས

    ༡. ཅི་ཞིག་ལ་དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་ཟེར།

དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་ནི་ཆེད་དུ་ཡིག་ཚགས་བྱང་བུ་བཟོས་ཡོད་པའི་དབུལ་ཁྱིམ་ལ་འཕེལ་རྒྱས་གཏོང་བའི་མ་དངུལ་འདོན་སྤྲོད་བྱ་ཆེད་བཀོད་སྒྲིག་བྱས་པའི་དབུལ་སྐྱོར་དབུལ་བུན་རིགས་ཤིག་ཡིན།གཙོ་བོ་དབུལ་ཁྱིམ་ལ་སྒོར་ཁྲི5ཡི་མན་ཆད་ལོ་གསུམ་ནང་བར་འདུག་དང་གཏའ་མ་མི་དགོས་པར་ཚད་ལྡན་སྐྱེད་ཀ་ལྟར་བསྐྱི་བ་དང་།ནོར་སྲིད་ཀྱིས་སྐྱེད་ཀ་གསབ་པ་དང་།རྫོང་རིམ་པས་ཉེན་སེལ་སྐྱིན་ཚབ་སྤྲོད་པའི་ཡིད་རྟོན་དངུལ་བུན་རིགས་ཤིག་ཡིན།

༢ . དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་ལ་ཁྱད་ཆོས་གང་དག་ཡོད།

དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་ལ་ཁྱད་ཆོས་གསུམ་ཡོད་པ་སྟེ།གཅིག་ནི་འགྲོ་ལུགས་སྟབས་བདེ་ཡིན་པ།དབུལ་ཁྱིམ་གྱིས་དངུལ་ཁང་ལ་བར་འདུག་དང་གཏའ་དངོས་འཇོག་མི་དགོས་པ།  གཉིས་ནི་མ་རྩ་ཆུང་བ།  ཚད་ལྡན་སྐྱེད་ཀ་ལྟར་བསྐྱི་བ་དང་།ནོར་སྲིད་ཀྱིས་སྐྱེད་ཀ་གསབ་པ། གསུམ་ནི་བསྐྱི་ཡུན་རིང་བ།དངུལ་བུན་གཏོང་བའི་ཆེས་རིང་དུས་ཡུན་ལོ་གསུམ་ཡིན་པ།

༣.  དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་བཀོལ་ས།

དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་ནི་སྒོར་མོ་བསྐྱི་འདོད་ཡོད་པའི་ཡིག་ཚགས་བྱང་བུ་ཅན་གྱི་དབུལ་ཁྱིམ་གྱིས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་ཡོང་འབབ་འཕར་སྣོན་ཡོང་བར་བཀོལ་དགོས་པ་སྟེ།  གཙོ་བོ་དབུལ་ཁྱིམ་གྱིས་ཁྱད་ལྡན་གསོ་སྤེལ་ལས་རིགས་དང་།ཕྱུགས་ལས་ཐོན་རྫས་ལས་སྣོན། ཞོར་གཉེར་འབྲོག་ལས། ཉི་ནུས་གློག་འདོན།གྲོང་གསེབ་ལྗོངས་རྒྱུ་སོགས་ཐོན་ལས་ཁེ་གཉེར་རྣམ་གྲངས་དང་། གཞན་དབུལ་ཁྱིམ་གྱིས་མ་རྐང་འཇོག་པའི་རྣམ་པས་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་དང་།འབྲོག་དམངས་མཉམ་ལས་ཁང་། དུད་ཁྱིམ་རང་བཞིན་གྱི་སྒེར་གཉེར་ཕྱུགས་གསོ་ར་བ།  འབྲོག་ལས་ཆེད་གཉེར་ཕྱུག་བདག་སོགས་རྣམ་པ་གསར་བའི་འབྲོག་ལས་ཁེ་ཚོང་ལ་ཞུགས་པར་རྒྱབ་སྐྱོར་བྱེད་པ་ལས།བུ་བུ་མོ་སློབ་གྲྭར་སྐྱེལ་བ་དང་ནད་བརྟག་སྨན་བཅོས་བྱེད་པ། དོམ་གསོད་པ་སོགས་ཐོན་སྐྱེད་མ་ཡིན་པའི་འགྲོ་སོང་གི་ཕྱོགས་སུ་བཀོལ་མི་ཆོག་པ་དང་།རྒྱན་འཇོག་ཤོ་རྒྱག་དང་འདོགས་ནག་དངུལ་བུན་གཏོང་བ་སོགས་ཁྲིམས་འགལ་གྱི་བྱ་བ་བསྒྲུབ་མི་ཆོག   

༤. དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་ནི་རྒུད་སྐྱོབ་སྒོར་མོ་ཡིན་ནམ།

མིན་ཏེ།དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་ནི་དངུལ་ཁང་གིས་བཏང་བའི་བསྐྱི་དངུལ་ཡིན་པས་དོམ་གསོད་དགོས།དངུལ་ཁང་གི་སྒོར་མོ་ནི་མི་སེར་གྱི་གསོག་དངུལ་ཡིན་པས།བསྐྱིས་ན་གསོད་དགོས་པ་རྩོད་མེད་ཀྱི་གནས་ལུགས་ཡིན་ལ། བསད་ན་ཡང་བསྐྱར་བསྐྱིས་ཆོག

༥. དངུལ་བསྐྱི་མཁན་ལ་ཆ་རྐྱེན་གང་དག་འཛོམས་དགོས་སམ།

ཡིག་ཚགས་བྱང་བུ་བཟོས་ཡོད་ཅིང་ཆ་འཕྲིན་མ་ལག་ཏུ་ཚུད་པའི་དབུལ་ཁྱིམ་ལས་འཕེལ་རྒྱས་ཀྱི་རེ་བ་ཡོད་པ་དང་།ཐོན་སྐྱེད་ནུས་ཤུགས་འཛོམས་པ།འཕེལ་རྒྱས་རྣམ་གྲངས་དང་དོམ་གསོད་པའི་ནུས་པ་ཡོད་པ་ཚང་མར་རེ་ཞུ་བྱེད་པའི་དབང་ཆ་ཡོད། དངུལ་རྩའི་ལས་ཁུངས་ཀྱིས་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་འོས་མཐུན་གྱིས་དངུལ་བུན་གཏོང་བ་དང་རེ་ཞུ་བའི་ལོ་ཚོད་ལ་ཚད་འཛིན་པ།

༦.  དབུལ་ཁྱིམ་གྱིས་འཕེལ་རྒྱས་རྣམ་གྲངས་ཅི་ལྟར་གདམ་པ།

དབུལ་ཁྱིམ་གྱིས་རོགས་སྐྱོང་འགན་འཁུར་བ་དང་།སྡེ་བར་བཅའ་སྡོད་བྱས་ཡོད་པའི་ལས་སྒྲུབ་རུ་ཁག སྡེ་ཨུ་གཉིས། ཧྲུའུ་ཅི་དང་པོ་སོགས་དང་མཉམ་དུ་གྲོས་མོལ་གྱིས་རང་ཉིད་ཀྱི་འཕེལ་རྒྱས་ལམ་བུ་དང་འཚང་པའི་རྣམ་གྲངས་འདེམ་དགོས།

༧. དངུལ་བུན་ལག་ཏུ་འཐོབ་པར་འགྲོ་རིམ་གང་དག་བརྒྱུད་དགོས།

སྤྱིར་བཏང་འགྲོ་རིམ་ལྔ་ཡོད་དེ།དབུལ་ཁྱིམ་གྱིས་རེ་ཞུ་བྱེད་པ། སྡེ་བས་ཞིབ་བཤེར་བྱེད་པ། ཤང་གིས་ཞིབ་བཤེར་བྱེད་པ།རྫོང་གིས་བསྐྱར་ཞིབ་བྱེད་པ། དངུལ་ཁང་གིས་གཏན་འཁེལ་བྱས་ཏེ་དངུལ་བུན་གཏོང་བ། 

༨.  ཡུལ་ཚོ་དང་སྡེ་བ་ཡིས་དངུལ་བུན་ལ་ཇི་ལྟར་ཞིབ་བཤེར་བྱ་དགོས།

སྡེ་བ་རིམ་པའི་རྩ་འཛུགས་(སྡེ་དམངས་ཨུ་ཡོན་ལྷན་ཁང་ངམ་དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་ལ་བཙུགས་པའི་སྡེ་བ་རིམ་པའི་དོ་དམ་ལས་ཁུངས)ཀྱིས་དབུལ་ཁྱིམ་གྱི་རེ་ཞུ་གཞིར་བཟུང་སྟེ་ཡིག་ཚགས་བྱང་བུ་བཟོས་ཡོད་པའི་དབུལ་ཁྱིམ་དང་དུད་ཚང་གཞན་གྱི་སྡོད་ཁུལ་ཞབས་ཞུ་ཁང་གི་ཡིད་རྟོན་ཚད་དང་།འཕེལ་རྒྱས་ནུས་པ། ངལ་རྩོལ་ལག་རྩལ། སྒྲིག་བརྩིའི་གནས་ཚུལ་སོགས་ལ་དཔྱད་འཇོག་བྱེད་པ།རེ་ཞུ་བྱེད་པའི་དངུལ་བུན་དེ་སྡེ་བ་གང་གི་ཐོན་ལས་འཕེལ་རྒྱས་འཆར་འགོད་དང་ཚོང་རའི་དགོས་མཁོ།བསྐྱི་མཁན་གྱི་ཁྱིམ་ཚང་གི་གནས་ཚུལ་སོགས་དང་འབྲེལ་ཏེ་འཕེལ་རྒྱས་རྣམ་གྲངས་འོས་འཚམ་ཡིན་མིན་དང་།འཕེལ་རྒྱས་གཞི་ཁྱོན། དབུལ་བུན་གྱི་ཁ་གྲངས།བསྐྱི་ཡུན་འཚམ་མིན་སོགས་ལ་གཞིགས་ཏེ་བསམ་འཆར་འདོན་པ།ཤང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རྣམ་གྲངས་དངོས་ཡོད་གནས་ཚུལ་དང་དབུལ་སྐྱོར་འཆར་འགོད་སོགས་དང་མཐུན་མིན་ལ་བལྟས་ཏེ་གཏན་འཁེལ་བསམ་འཆར་འདོན་པ།གཞི་རིམ་གྱི་དངུལ་རྩའི་ལས་ཁུངས་ཀྱིས་ཡུལ་དངོས་ཞིབ་འཇུག་བརྟག་དཔྱད་བྱེད་པར་རེ་བ་འདོན་པ།

༩. དབུལ་ཁྱིམ་གྱིས་དངུལ་བུན་གྲངས་ཀ་དུ་རེ་ཞུ་བྱས་ན་དུ་བསྐྱི་བ་དང་། བསྐྱི་ཡུན་ཅི་ཙམ་རེ་ཞུ་བྱས་ན་དེ་ཙམ་ལ་བསྐྱིའམ།

མ་ངེས་ཏེ།སྡེ་བ་རིམ་པའི་རྩ་འཛུགས་ཀྱིས་རེ་ཞུ་བར་ཞིབ་བཤེར་བྱེད་པ་ལས་གཞན།ད་རུང་རེ་ཞུ་བྱས་པའི་རྣམ་གྲངས་ལ་དཔྱད་བགྱི་བ།རྣམ་གྲངས་ཀྱི་གཞི་ཁྱོན་དང་ཐོན་སྐྱེད་དུས་ཡུན་གཞིར་བཟུང་སྟེ་བསྐྱི་དངུལ་གྱི་ཁ་གྲངས་དང་བསྐྱི་ཡུན་ལ་ཞིབ་བཤེར་རགས་ཙམ་བྱ་དགོས།དངུལ་ཁང་གིས་རེ་ཞུ་བའི་གནས་ཚུལ་ལ་བསྐྱར་ཞིབ་བྱེད་པ་སྟེ། དཔེར་ན།གནས་ཚུལ་དོན་དངོས་དང་མཐུན་མིན།གཞི་རྩའི་སྟེང་དབུལ་ཁྱིམ་གྱིས་བཏོན་པའི་བསྐྱི་དངུལ་རེ་ཞུའི་གྲངས་འབོར་དང་བསྐྱི་ཡུན་གྱི་རེ་འདོད་སྐོང་ཐུབ་དགོས་མོད།ཡིན་ཡང་བསྐྱི་དངུལ་གྲངས་འབོར་ཁྲི༥ལས་མི་བརྒལ་བ་དང་།བསྐྱི་ཡུན་ལོ་༣ལས་འགྱང་མི་རུང་།

༡༠. དངུལ་ཁང་དུ་ཡིད་རྟོན་མི་འཕེར་བའི་ཟིན་ཐོ་ཡོད་པའི་དབུལ་ཁྱིམ་གྱིས་སྒོར་མོ་འདི་བསྐྱི་ཐུབ་བམ།

གཟས་ནས་དོམ་མ་བསད་པའི་ཟིན་ཐོ་མིན་ཚེ།དངུལ་བུན་གཏོང་བའི་དངུལ་ཁང་གིས་ཞིབ་བརྟག་དབྱེ་འབྱེད་བྱས་ཏེ་གཞི་རྩའི་སྟེང་དངུལ་གཏོང་བར་བར་ཆད་འབྱུང་དུ་འཇུག་མི་རུང་།

༡༡. དབུལ་ཁྱིམ་ལ་སྣེ་ཁྲིད་དེ་འཕེལ་རྒྱས་གཏོང་བའམ་ལས་ཞུགས་ཐག་གཅོད་པའི་ཁེ་ལས་ལ་ཐད་ཀར་དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་འཐོབ་བམ།

འཐོབ་མི་ཐུབ་སྟེ།དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་ནི་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཁྱིམ་ཁོ་ན་ལ་དམིགས་པ་ཡིན། དབུལ་ཁྱིམ་ལ་སྣེ་ཁྲིད་དེ་འཕེལ་རྒྱས་གཏོང་བའམ་ལས་ཞུགས་ཐག་གཅོད་པའི་ཁེ་ལས་ལ་ཐབས་ལམ་གཞན་བརྒྱུད་ནས་དབུལ་བུན་འཐོབ་ཆོག

༡༢. དངུལ་ཁང་གང་དག་ནས་དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་རེ་ཞུ་བྱ་ཆོག

ཞིང་སྡེ་ན་ལས་གཉེར་ཞབས་ཞུ་དྲྭ་ཚིགས་ཡོད་པ་མ་ཟད།སྲིད་གཞུང་དང་མཉམ་ལས་ཀྱི་འབྲེལ་ཡོད་གན་རྒྱ་བཞག་ཡོད་པའི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་ཡོད་ཚད་ལས་དབུལ་ཁྱིམ་ལ་སྟབས་བདེ་ས་གང་ནས་དངུལ་བུན་འགྲོ་ལུགས་བསྒྲུབ་ཆོག

༡༣. ཅི་ལྟར་བྱས་ཏེ་ཡིག་ཚགས་བྱང་བུ་བཟོས་ཡོད་པའི་དབུལ་ཁྱིམ་གྱིས་དངུལ་བུན་གྱི་སྒོར་མོ་ཆེད་དངུལ་ཆེད་སྤྱོད་ལ་ཁག་ཐེག་བྱ་དགོས་སམ།

དངུལ་བུན་མ་དངུལ་འདི་གཞི་རྩའི་སྟེང་རེ་ཞུ་བྱས་ཡོད་པའི་དངུལ་བུན་གན་རྒྱའི་གཏན་ལ་ཕབ་པའི་རྣམ་གྲངས་ཁོ་ན་ལ་ཆེད་དངུལ་ཆེད་སྤྱོད་ཀྱི་ཚུལ་གྱིས་བཀོལ་དགོས།དངུལ་བུན་བཀོལ་བའི་གོ་རིམ་ཁྲོད་སྡེ་བ་རིམ་པའི་རྩ་འཛུགས་དང་།རོགས་སྐྱོང་འགན་འཁུར་མི་སྣ། སྡེ་བའི་བཅའ་སྡོད་ལས་བྱེད་པ་སོགས་ཀྱིས་རྟག་པར་་དངུལ་བུན་ཡོད་པའི་དབུལ་ཁྱིམ་ལ་སོང་སྟེ་ཁོ་ཚོའི་ཐོན་སྐྱེད་འཚོ་བའི་གནས་བབས་དང་ལས་གཉེར་གནས་ཚུལ་ལ་རྒྱུས་ལོན་བྱེད་པ།དབུལ་ཁྱིམ་གྱིས་དངུལ་བུན་རེ་ཞུ་བྱས་པའི་རྣམ་གྲངས་ཐོག་བཀོལ་མིན་ལ་ལྟ་རྟོག་བྱས་ནས།དངུལ་བུན་གན་རྒྱའི་གཏན་ཕབ་ལྟར་བཀོལ་མེད་པར་གཞན་ལ་བཀོལ་བ་སོགས་དུས་ལྟར་དུས་ལྟར་ཡར་ཞུ་བྱ་དགོས།

༡༤.  དབུལ་ཁྱིམ་ལ་ལག་རྩལ་དང་ཚོང་རའི་ཞབས་ཞུ་ཅི་ལྟར་འཐོབ་པ།

ལག་རྩལ་ཞབས་འདེགས་ནི་གཙོ་བོ་སྡེ་བ་རིམ་པའི་རྩ་འཛུགས་བརྒྱུད་དེ་འཐོབ་པ་ཡིན།དབུལ་ཁྱིམ་གྱིས་ལག་རྩལ་ཞབས་ཞུ་གང་མཁོ་བ་དེ་སྡེ་བ་རིམ་པའི་རྩ་འཛུགས་འགན་འཁུར་མི་སྣར་ཡར་ཞུ་བྱ་དགོས་པ་དང་།སྡེ་བར་བཅའ་སྡོད་བྱས་ཡོད་པའི་ལས་དོན་རུ་ཁག་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པ།ཧྲུའུ་ཅི་དང་པོ་སོགས་ཀྱིས་རྫོང་དང་ཡུལ་ཚོ།གྲོང་རྡལ་གྱི་འབྲེལ་ཡོད་ལས་སྒྲུབ་ཁང་ལ་འབྲེལ་གཏུག་གིས་ལག་རྩལ་མི་སྣ་མངགས་ཏེ་ཆེད་དམིགས་ཀྱིས་ལག་རྩལ་ཞབས་ཞུ་བྱེད་པ་ཡིན།ཚོང་རའི་ཞབས་ཞུ་དེ་གཙོ་བོ་རོགས་སྐྱོར་ལས་ཁུངས་དང་སྣེ་ཁྲིད་ཁེ་ལས།འབྲོག་དམངས་མཉམ་ལས་ཁང་སོགས་རྣམ་པ་གསར་བའི་འབྲོག་ལས་ཚོང་གཉེར་བས་སྡེབ་འཚོང་ཚོང་ར་དང་དྲྭ་ཐོག་ཚོང་ལས་སོགས་ཀྱི་མཐུན་རྐྱེན་གང་ལེགས་ཀྱིས་བེད་སྤྱད་དེ་ཚོང་རའི་ཆ་འཕྲིན་དང་ཐོན་རྫས་ཚོང་གཉེར་གྱི་ཞབས་ཞུ་འཐོབ་པར་བྱ་དགོས།

༡༥.  དངུལ་བུན་ཕྱིར་བསྡུ་བར་ཁག་ཐེག་ཅི་ལྟར་བྱ། 

དབུལ་ཁྱིམ་གྱི་བསྐྱི་དངུལ་དེ་ཕྱིར་བསྡུ་ཚད་ལ་མ་ཐོན་གོང་གི་ཟླ་གཅིག་གི་སྔོན་ལ།དངུལ་བུན་གཏོང་མཁན་གྱི་དངུལ་ཁང་གིས་སྡེ་བ་རིམ་པའི་རྩ་འཛུགས་བརྒྱུད་དེ་དངུལ་བུན་བསྐྱི་མཁན་གྱི་དུད་ཁྱིམ་ལ་བརྡ་བཏང་ནས་དུས་ཚོད་ལྟར་དོམ་གསོད་པར་གསལ་འདེབས་བྱེད་དགོས།དུས་ལྟར་དོམ་མི་འཕྲོད་མཁན་ལ་དངུལ་ཁང་དང་སྡེ་བའི་རྩ་འཛུགས་ཀྱིས་ཁྲོམ་བསྒྲགས་དང་།ཁྱབ་བསྒྲགས། ཁྱིམ་ཚང་ལ་འགྲོ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་དོམ་གསོད་པར་སྐུལ་འདེད་བྱེད་དགོས།

༡༦. དབུལ་ཁྱིམ་གྱི་དོམ་གསོད་པའི་དུས་ཡུན་ཕྱིར་འགྱང་བྱ་ཆོག་གམ།

ཡིག་ཚགས་བྱང་བུ་བཟོས་ཡོད་པའི་དབུལ་ཁྱིམ་གྱིས་གནས་ཚུལ་ཁྱད་པར་ཅན་གྱི་དབང་གིས་དོམ་མ་སོད་པ་ཡིན་ན།སྔ་མོ་ནས་དུས་ཡུན་ཕྱིར་འགྱང་བྱ་བར་ཡིག་ངོས་རེ་ཞུ་འབྲི་དགོས་པ་དང་།དེ་སྡེ་བའི་རྩ་འཛུགས་ཀྱིས་བདེན་མིན་ཞིབ་རྩད་བྱས་རྗེས་དངུལ་ཁང་ལ་ཞིབ་བཤེར་བྱ་རུ་བཅུག་ན།གཞི་རྩའི་སྟེང་དབུལ་ཁྱིམ་དེ་ལ་འོས་འཚམ་གྱིས་དུས་ཡུན་ཕྱིར་འགྱང་བྱ་ཆོག

༡༧.   ནོར་སྲིད་མ་དངུལ་གྱིས་སྐྱེད་ཀ་ཅི་ལྟར་སྤྲོད་དམ།

སྤྱིར་བཏང་གིས་བྱ་ཐབས་རིགས་གཉིས་བཀོལ་བ་སྟེ།བྱ་ཐབས་རིགས་གཅིག་ནི་ཁྱིམ་ཚང་ལ་ཁ་གསབ་ཀྱི་ཚུལ་གྱིས་སྟེར་བ། སྔོན་ལ་ཁྱིམ་ཚང་གིས་དངུལ་ཁང་ལ་མ་དང་སྐྱེད་ཀ་གཅིག་ཀྱང་མ་ཆད་ཀྱང་དོམ་གསོད་པ་དང་།དེ་རྗེས་ནོར་སྲིད་ཀྱིས་སྐྱེད་ཀ་དེ་ཁྱིམ་ཚང་ལ་ཁ་གསབ་ཀྱིས་སྤྲོད་ཡིན།ཡང་གཅིག་བཤད་ན་དངུལ་བུན་བསྐྱིས་ཡོད་པའི་དུད་ཁྱིམ་གྱིས་སྔོན་ལ་གན་རྒྱའི་གཏན་འབེབ་ལྟར་དངུལ་ཁང་ལ་མ་དང་སྐྱེད་ཀ་གཉིས་ཆད་ལྷག་མེད་པར་དོམ་གསོད་པ་དང་།དེ་རྗེས་ད་གཟོད་ནོར་སྲིད་ཀྱིས་གཏན་འཁེལ་གྱི་འགྲོ་རིམ་དང་བྱ་ཐབས་ལྟར་དུད་ཁྱིམ་ལ་སྐྱེད་ཀ་གསབ་པ་ཡིན།བྱ་ཐབས་ཅིག་ཤོས་ནི་ནོར་སྲིད་ཀྱིས་ཐད་ཀར་དངུལ་ཁང་ལ་སྐྱེད་ཀ་སྤྲོད་པ་སྟེ།འགྲོ་རིམ་སྟབས་བདེ་ཡོང་ཆེད་ས་གནས་ཀྱི་གཏན་འཁེལ་གཞིར་བཟུང་ནས་དབུལ་ཁྱིམ་གྱི་བསྐྱི་དངུལ་གྲངས་འབོར་ལྟར་ཐད་ཀར་དངུལ་ཁང་ལ་སྐྱེད་ཀ་གསབ་པ་ཡིན།

༡༩. རྫོང་རིམ་པས་ཉེན་སེལ་གསབ་དངུལ་ཅི་ལྟར་འཇོག་པ།

རྫོང་རིམ་པས་ནོར་སྲིད་མ་དངུལ་སྤྱད་དེ་དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་གྱི་ཉེན་སེལ་གསབ་དངུལ་འཇོག་པ་དང་།ས་གནས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་དངུལ་ཁང་དང་། ཉེན་འགོག་འགན་ལེན་ཀུང་ཟི།སྲིད་གཞུང་བཅས་ཕྱོགས་གསུམ་གྱིས་བུ་ལོན་མཉམ་འཁུར་ལམ་ལུགས་འཛུགས་པ་སྟེ།དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་གྱི་ཉེན་འཁུར་གསབ་དངུལ་དོ་དམ་ཐབས་ལམ།བསྡུས་ཏེ<<ཐབས་ལམ>> ཞེས་པ་ཞིག་གཏན་འབེབས་བྱ་དགོས་པ་མ་ཟད།གཏན་འཁེལ་ལྟར་རྟོན་བྲལ་དངུལ་བུན་གྱི་གྱོང་གསབ་པ་དང་། སྡེ་བ་རིམ་པའི་རོགས་སྐྱོར་ལས་ཁུངས་ཀྱིས་སྡེ་བར་ཕུད་པའི་ཞལ་འདེབས་མ་དངུལ་ཀྱིས་གྱོང་གསབ་པར་སྐུལ་མ་བྱ་དགོས།

༡༨. དབུལ་ཁྱིམ་གྱིས་དོམ་མི་གསོད་ན་མཇུག་འབྲས་ཅི་ཞིག་འབྱུང་ངེས།

གལ་ཏེ་དོམ་མི་གསོད་ན་དེ་ལ་མཇུག་འབྲས་ལྔ་འབྱུང་བ་སྟེ།གཅིག་ནི་ནོར་སྲིད་ཀྱི་སྐྱེད་ཀའི་གསབ་དངུལ་མི་འཐོབ་པ། གཉིས་ནི་ཡིད་རྟོན་བྲལ་བའི་ཟིན་ཐོ་ཡོད་པ་བྱས་ཏེ་དངུལ་

ཁང་གིས་མི་ངན་མིང་ཐོ་ཡི་གྲས་སུ་འཇོག་པ།གསུམ་ནི་རང་ཉིད་དང་ཁྱིམ་མི་གང་བོའི་རྗེས་ཕྱོགས་དངུལ་ཁང་ནས་སྒོར་མོ་བསྐྱི་བར་ཤུགས་རྐྱེན་ཡོད་པ།བཞི་ནི་སྡེ་བ་དེའི་ཡིད་རྟོན་

རིམ་པའི་དཔྱད་འདེམ་དང་དངུལ་བུན་ལེན་པ་ལ་ཤུགས་རྐྱེན་ཡོད་པ།ལྔ་ནི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཁྲིམས་ཆད་འཁུར་དགོས་པ་བཅས་ཡིན།

༢༠. དངུལ་བུན་བསྐྱིས་ཡོད་པའི་དབུལ་ཁྱིམ་གྱིས་ཅི་ལྟར་ཉེན་འགོག་བྱ་ཐབས་བརྒྱུད་དེ་ཉེན་ཁར་གཡོལ་བ།

དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་བསྐྱིས་ཡོད་པའི་དབུལ་ཁྱིམ་སྲིད་ཇུས་རང་བཞིན་གྱི་འབྲོག་ལས་ཉེན་འགོག་དང་།གཞིས་ཁྱིམ་རྒྱུ་ནོར་ཉེན་འགོག བསམ་ཡུལ་ལས་འདས་པའི་ལུས་ཕུང་གནོད་འཚེ་ཡི་ཉེན་འགོག  ཁག་ཐེག་ཉེན་འགོག་སོགས་ལ་ཞུགས་ཏེ་ཐོན་སྐྱེད་འཕེལ་རྒྱས་ཁྲོད་ཀྱི་བློ་ལས་འགོངས་པའི་དོན་རྐྱེན་སྣ་ཚོགས་ལ་སྔོན་འགོག་དང་།གྱོང་གུད་གསབ་པར་སྐུལ་མ་བྱ་དགོས།རྫོང་རིམ་པའི་སྲིད་གཞུང་གིས་འོས་འཚམ་གྱིས་ནོར་སྲིད་མ་དངུལ་བཀོད་སྒྲིག་བྱས་ཏེ་ཉེན་འགོག་ཐེབས་རྩ་བཙུགས་ཀྱང་ཆོག

༢༡.  དངུལ་བུན་བཏང་བའི་དངུལ་ཁང་གི་བུ་ལོན་གྱོང་གུད་ལ་སྐྱིན་ཚབ་ཅི་ལྟར་འཇལ་བ།

དངུལ་ཁང་གིས་དངུལ་བུན་མ་ལོན་པར་བུ་ལོན་གྱོང་གུད་ལ་འཕྲད་ན།གཤམ་གྱི་གོ་རིམ་ལྟར་བུ་ལོན་གསབ་ཆོག་སྟེ།གཅིག་ནི་སྡེ་བ་རིམ་པའི་ཉེན་འཁུར་རོགས་རེས་མ་དངུལ་གྱིས་ཁ་གསབ་པ་དང་།གཉིས་ནི་ཉེན་འགོག་རིགས་ཀྱིས་འཇལ་བ།དབུལ་ཁྱིམ་ཞུགས་ཡོད་པའི་འབྲེལ་ཡོད་ཉེན་འགོག་གིས་དངུལ་བུན་གྱི་མ་དང་སྐྱེད་ཀ་བསད་མ་ཚར་གོང་ལ་ཉེན་འགོག་སྐྱིན་ཚབ་ལ་ཐུག་ཚེ།ཐོག་མར་དངུལ་བུན་གཏོང་མཁན་གྱི་དངུལ་ཁང་ལ་དབུལ་ཁྱིམ་གྱིས་བསྐྱིས་པའི་དངུལ་བུན་གྱི་མ་དང་སྐྱེད་ཀ་ཡི་སྐྱིན་ཚབ་འཇལ་དགོས་པ།གསུམ་ནི་རྫོང་རིམ་པའི་ཉེན་འགོག་སྐྱིན་ཚབ་སྤྲོད་པ་སྟེ།དངུལ་བུན་གཏོང་མཁན་གྱི་དངུལ་ཁང་གིས་རྫོང་གིས་བཞག་པའི་ཉེན་འགོག་སྐྱིན་གསབ་ལམ་ལུགས་དང་ཐབས་ལམ་ལ་གཞི་བཅོལ་ཏེ།རྫོང་རིམ་པའི་ཉེན་འགོག་གསབ་དངུལ་ནང་ནས་འཐེན་པ་དང་ཁྲིམས་ལྟར་སྐྱིན་ཚབ་ལེན་པའི་དབང་ཆ་ཡོད།

༢༢.  གནས་ཚུལ་ཅི་འདྲ་ཞིག་གི་འོག་ཏུ་ཉེན་འགོག་གསབ་དངུལ་བཀོལ་དགོས།

དངུལ་བུན་གཏོང་མཁན་གྱི་དངུལ་ཁང་དང་རྫོ་ང་རིམ་པའི་དབུལ་སྐྱོར་ལས་ཁུངས་ཀྱིས་ཞིབ་བཤེར་གཏན་འབེབ་བརྒྱུད་ནས་ཕྱིར་བསྡུ་ཐབས་བྲལ་བའི་དངུལ་བུན་གྱི་གྱོང་གུད་དེ་རྫོང་རིམ་པ་ཡིས་<<ཐབས་ལམ>>གྱི་ནང་དོན་ལྟར་སྐྱིན་ཚབ་སྤྲོད་དགོས་པ་མ་ཟད།དོམ་མ་བསད་པའི་དུད་ཁྱིམ་ལ་ཁྲིམས་ལྟར་དོམ་འདེད་པའི་དབང་ཆ་ཡོད།ཡིན་ཡང་ཉེན་འགོག་སྐྱིན་ཚབ་གསབ་དངུལ་སྤྲད་པ་རྐྱེན་བྱས་ཏེ་གནས་ལུགས་དང་མི་མཐུན་པའི་ཆ་རྐྱེན་བརྩིས་ནས་དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་གཏོང་ཚད་ལ་ཤུགས་རྐྱེན་ཐེབས་སུ་འཇུག་མི་ཆོག

༢༣.  དབུལ་སྐྱོར་འབོར་ཆུང་དངུལ་བུན་གྱི་ནང་དོན་གང་དག་ཁྲོམ་བསྒྲགས་བྱ་དགོས།

དབུལ་སྐྱོར་འབོར་ཆུང་དངུལ་བུན་ལ་བསྒྲག་བྱའི་ནང་དོན་གཙོ་བཞི་ཡོད་པ་སྟེ།གཅིག་ནི་ དབུལ་སྐྱོར་འབོར་ཆུང་དངུལ་བུན་གྱི་འབྲེལ་ཡོད་སྲིད་ཇུས་ཡིན།དམངས་མི་སེར་རྣམས་ལ་དབུལ་སྐྱོར་འབོར་ཆུང་དངུལ་བུན་ཟེར་བ་ཅི་ཞིག་ཡིན་པ་ཤེས་སུ་འཇུག་པ་དང་།ཆ་རྐྱེན་གང་དག་འཛོམས་མཁན་གྱིས་རེ་ཞུ་བྱས་ཆོག་པ།གཉིས་ནི་དངུལ་བུན་བསྐྱི་སྐབས་ཀྱི་རེ་ཞུའི་གོ་རིམ་ཡིན་ལ། དངུལ་བུན་ཇི་ལྟར་འཐོབ་པ་དབུལ་ཁྱིམ་ལ་ཤེས་སུ་འཇུག་པ།གསུམ་ནི་ལས་རིགས་འཕེལ་རྒྱས་ཀྱི་འབྲེལ་ཡོད་ཆ་འཕྲིན་ཤེས་སུ་བཅུག་སྟེ་དབུལ་ཁྱིམ་དག་གིས་རྣམ་གྲངས་གདམ་པ་དང་འབྲེལ་ཡོད་ཞབས་ཞུ་ལ་གཞི་འཛིན་སའི་དཔྱད་གཞི་དང་ཁ་ཕྱོགས་ཡོད་པར་བྱ་བ།བཞི་ནི་དབུལ་ཁྱིམ་གྱིས་དངུལ་བུན་ཅི་ལྟར་ལེན་པ་དང་བེད་སྤྱོད་པ། དོམ་གསོད་པའི་འབྲེལ་ཡོད་ཤེས་བྱ་འདོན་སྤྲོད་ཀྱིས།མི་གང་དག་གིས་དངུལ་བསྐྱི་ཆོག་པ་དང་། དངུལ་བསྐྱིས་ཏེ་ཅི་ཞིག་བྱ་དགོས་པ།  བསྐྱིས་དངུལ་ཕྱིར་སྤྲོད་པའི་དུས་ཚོད།དུས་ལྟར་མ་འཕྲོད་པའི་ནག་ཉེས་སོགས་ཤེས་སུ་འཇུག་པ།

༢༤.  དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་ལ་ལྟ་རྟོག་དང་དོ་དམ་ཅི་ལྟར་བྱ་དགོས།

སྡེ་བར་སྡོད་པའི་དབུལ་སྐྱོར་བྱ་སྒྲུབ་རུ་ཁག་དང་།རོགས་སྐྱོར་འགན་འཁུར་བ། སྡེ་ཨུ་གཉིས། ཧྲུའུ་ཅི་དང་པོ།སྡེ་བའི་རྩ་འཛུགས་བཅས་ཀྱིས་དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་གྱི་མགོ་མཇུག་བར་གསུམ་ལ་ཀུན་ལ་ལྟ་རྟོག་བྱེད་པ་ལས་གཞན།ས་གནས་དབུལ་སྐྱོར་ལས་ཁུངས་འབྲོག་ཁྱིམ་ལ་སོང་སྟེ་དུས་ལྟར་རྟོག་ཞིབ་བྱེད་པ་དང་།སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་གླིང་།སྤྱི་ཚོགས་ཀྱི་རྩ་འཛུགས་སོགས་ལ་ལས་བཅོལ་ཏེ་ཕྱོགས་གསུམ་པ་ལ་དཔྱད་འཇོག་བྱ་རུ་འཇུག་པ།

༢༥.  དབུལ་སྐྱོར་འབོར་ཆུང་དངུལ་བུན་གྱི་གཞི་གྲངས་ཆ་འཕྲིན་ལ་ཅི་ལྟར་དོ་དམ་བྱེད་པ།

ས་གནས་སོ་སོས་རིམ་པ་ལྟར་སྙན་ཐོའི་རེའུ་མིག་གི་ལམ་ལུགས་བཙུགས་ཏེ་ཡིག་ཚགས་བྱང་བུ་བཟོས་ཡོད་པའི་དབུལ་ཁྱིམ་གྱི་གཞི་རྩའི་གནས་ཚུལ་དང་དངུལ་ཁང་གི་དངུལ་བུན་དོ་དམ་ཆ་འཕྲིན་གཉིས་ལེགས་པར་ཐོད་གཏུག་པ་དང་གཅིག་གྱུར་གྱིས་སྤྱོད་པ།གཞི་རིམ་གྱི་དངུལ་ཁང་དང་ཡུལ་ཚོ། སྡེ་བ་སོ་སོས་ཟླ་རེ་བཞིན་དབུལ་ཁྱིམ་གྱི་དངུལ་བུན་གནས་ཚུལ་ཆ་འཕྲིན་ཡར་གོང་རིམ་ལ་སྤྲོད་པ་དང་།རྫོང་རིམ་པས་སྤྱི་བསྡོམས་བྱེད་པ། ཁུལ་རིམ་པས་ཞིབ་བཤེར་རགས་རིམ་བྱེད་པ།ཞིང་ཆེན་རིམ་པས་ཞིབ་བཤེར་གཏན་འབེབ་བྱས་རྗེས་དུས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་ལས་སྒྲུབ་ཁང་ལ་ཞུ་འབུལ་བྱེད་པ།ལོ་མཇུག་ལ་ས་གནས་སོ་སོས་ཞུ་འབུལ་གཞི་གྲངས་ཆ་འཕྲིན་གཞིར་བཟུང་སྟེ་དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་གྱི་གནས་ཚུལ་ལ་དཔྱད་སྡུར་གྱིས་བྱ་དགའ་སྟེར་བ་ཡིན།

༢༦.  ཅི་ལྟར་བྱས་ཏེ་དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་གྱི་བྱ་བ་དབུལ་སྐྱོར་དཔྱད་ཞིབ་ཀྱི་གྲས་སུ་འཇོག་པ་དང་དགའ་ཆད་ལམ་ལུགས་འཛུགས་པ།

ཀྲུང་དབྱང་དང་ཞིང་ཆེན་རིམ་པས་དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་གྱི་རྫོང་རིམ་པའི་ཉེན་འགོག་སྐྱིན་གསབ་མ་དངུལ་འཛུགས་གཉེར་བྱས་པའི་གནས་ཚུལ།དབུལ་ཁྱིམ་

ལ་དངུལ་བུན་ཐོབ་མིན་དང་དངུལ་བུན་གྱི་དོམ་བསད་པའི་གནས་ཚུལ་སོགས་རེ་རེ་བཞིན་རིགས་དབྱེ་ནས་ས་གནས་སྲིད་གཞུང་ལ་དཔྱད་ཞིབ་བྱེད་པའི་ཁྱབ་ཁོངས་སུ་བརྩི་ངེས་ཡིན།

རྫོང་རིམ་པས་ཡིད་རྟོན་སྡེ་བ་དང་ཡིད་རྟོན་དུད་ཁྱིམ་ལ་བྱ་དགའ་སྟེར་བ་དང་།བསམ་གཟས་ཏེ་དངུལ་བུན་གྱི་དོམ་མི་གསོད་པའི་དབུལ་ཁྱིམ་ལ་ཁྲིམས་ལྟར་གཏུག་བཤེར་བྱེད་པ།དོ་དམ་དང་ལྟ་རྟོག་གི་ལས་ལ་ཞུགས་པའི་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་ཁོངས་མི་ལ་འོས་འཚམ་གྱི་བྱ་དགའི་གསབ་དངུལ་སྤྲོད་པ།དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་གྱི་ཕྱོགས་ལ་བྱས་རྗེས་འབུར་ཐོན་བཞག་པའི་དངུལ་བུན་གཏོང་མཁན་དངུལ་ཁང་དང་ཉེན་འགོག་ལས་ཁུངས་བཅས་ལ་གཟེངས་རྟགས་དང་བྱ་དགའི་དངུལ་བྱིན་ཆོག

༢༧.   གཞི་རིམ་སྲིད་གཞུང་གིས་རང་འགུལ་གྱི་ངང་ནས་བྱ་བ་གང་དག་ལེགས་པར་བསྒྲུབ་དགོས།

དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་གྱི་སྲིད་ཇུས་དངོས་འབེབ་དང་དྲིལ་བསྒྲགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པ།དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་གྱི་ཉེན་འགོག་ལམ་ལུགས་དང་ཉེན་སེལ་གསབ་དངུལ་ལམ་ལུགས་འཛུགས་པ།དངུལ་ཁང་གི་དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་གྱི་བྱ་བ་དངོས་འབེབ་དོན་འཁྱོལ་ཡོང་བར་བྱེད་པ།དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་ལ་ལོ་མཇུག་དཔྱད་ཞིབ་དང་སྤྱི་བསྡོམས་བྱེད་པ།དབུལ་ཁྱིམ་གྱི་གཏན་འཇགས་དང་རྒྱུན་མཐུད་ཀྱི་ཡོང་འབབ་འཕར་སྣོན་ལམ་ལུགས་ལ་རྟོག་དཔྱོད་དང་།མིག་དཔེར་འོས་པའི་ཉམས་མྱོང་ལ་སྤྱི་བསྡོམས་དང་དྲིལ་བསྒྲགས། དར་སྤེལ་གཏོང་དགོས།

༢༨.  གཞི་རིམ་དབུལ་སྐྱོར་ལས་ཁུངས་ཀྱི་འགན་འཁུར་གཙོ་བོ་ཅི་ཞིག་ཡིན།

དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་གྱི་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་ཡིག་ཚགས་བྱང་བུ་བཟོས་ཡོད་པའི་དབུལ་ཁྱིམ་ལ་ཧ་གོ་རུ་འཇུག་པ།འབྲེལ་ཡོད་ལས་ཁུངས་ཀྱིས་གཏན་ལ་ཕབ་པའི་དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་གྱི་ཉེན་སེལ་གསབ་དངུལ་གྱི་དོ་དམ་བྱ་ཐབས་དང་ལོ་རེའི་བྱ་བའི་འཆར་འགོད།ལག་བསྟར་ཇུས་གཞི་སོགས་རྟོགས་པར་བྱེད་པ།དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་གྱི་གཞི་གྲངས་འཚོལ་སྡུད་བྱེད་པ་།ཆ་འཕྲིན་གོང་འབུལ་དང་ཞིབ་སྡུར་གྱི་བྱ་བ་ལེགས་པོར་བསྒྲུབ་པ།སྡེ་བར་སྡོད་པའི་བྱ་སྒྲུབ་ཚན་ཆུང་གིས་དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་ནི་ཡིག་ཚགས་བྱང་བུ་བཟོས་ཡོད་པའི་དབུལ་ཁྱིམ་དབུལ་ཐར་ཡོང་བར་རོགས་སྐྱོར་བྱེད་པའི་བྱ་བ་གལ་ཆེན་ཞིག་ཏུ་བརྩི་བར་སྐུལ་འདེད་བྱེད་པ།

རྩ་འཛུགས་ཀྱིས་དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་གྱི་བྱ་བར་དཔྱད་ཞིབ་བྱེད་པ་དང་།ཡིག་ཚགས་བྱང་བུ་བཟོས་ཡོད་པའི་དབུལ་ཁྱིམ་རོགས་སྐྱོར་གྱི་འཆར་གཞི་བཟོ་བར་རམ་འདེགས་ལེགས་པོར་བྱ་བ།སྤྱོད་མཛངས་གཉིས་ལྡན་གྱི་ལས་བྱེད་པ་སྡེ་བར་མངགས་ཏེ་རོགས་སྐྱོར་བྱེད་པའི་བྱ་ཐབས་དངོས་འབེབ་ཡོང་བར་བྱེད་པ།དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་ཕྱོགས་ཀྱི་ཞུ་གཏུག་དང་ལེན་དང་ཐག་གཅོད་བྱེད་པ་བཅས་ཡིན།

༢༩. གཞི་རིམ་གྱི་དངུལ་ཁང་གིས་རང་འགུལ་གྱིས་བསྒྲུབ་དགོས་པའི་བྱ་བ་གང་དག་ཡོད།

གཞི་རིམ་དངུལ་ཁང་གིས་རང་འགུལ་གྱིས་བྱ་བ་སྣ་གསུམ་བསྒྲུབ་དགོས་པ་སྟེ།གཅིག་ནི་དངུལ་རྩའི་དབུལ་སྐྱོར་སྲིད་ཇུས་དངོས་འབེབ་ཡོང་བར་བྱེད་པ་དང་།དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་གྱི་བེད་སྤྱོད་གཏོང་ཡུལ་རྒྱ་སྐྱེད་པ།  ཚད་ལྡན་གྱི་སྐྱེད་ཀ་ལག་བསྟར་བྱེད་པ།གཏའ་དངོས་དང་བར་འདུག་མི་འཇོག་པ། ཞིབ་བཤེར་གཏན་འཁེལ་བྱས་པའི་དབུལ་ཁྱིམ་ལ་གཏན་འབེབ་ཀྱི་བུན་གཏོང་ཁག་ཐེག་བྱེད་པ།གཉིས་ནི་ཁག་བགོས་འགན་འཁུར་ལམ་ལུགས་འཛུགས་པ།ཞིང་ལས་དངུལ་ཁང་དང་སྦྲག་སྲིད་དངུལ་ཁང་གིས་གཞི་རིམ་ཞིང་སྡེ་ལ་དྲྭ་བའི་ཞབས་ཞུ་ཤར་གཏོང་བྱེད་པ།ཞིང་སྡེ་ཡིད་རྟོན་ཁང་གིས་ཞིང་སྡེའི་དངུལ་རྩའི་ཕྱོགས་ལ་གཙོ་ཤུགས་དགོས་ལ།སྡེ་བ་དང་གྲོང་རྡལ་སོགས་ཀྱི་ཞིང་འབྲོག་མང་ཚོགས་ལ་ཐད་ཀར་ཞབས་འདེགས་ཞུ་ཐུབ་པའི་དངུལ་ཁང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ།རྫོང་རིམ་པས་ཡུལ་ཚོ་དང་གྲོང་རྡལ་འགན་འཁུར་དངུལ་ཁང་ཞིག་ཁས་འདོགས་དགོས་ལ།འགན་འཁུར་དངུལ་ཁང་གིས་ཡིག་ཚགས་བྱང་བུ་བཟོས་ཡོད་པའི་དབུལ་ཁྱིམ་ལ་མིང་ཐོའི་ལམ་ལུགས་ཀྱིས་དོ་དམ་བྱེད་དགོས་པ་མ་ཟད།ཁྱིམ་སྒོ་ཉུལ་གྱིས་སོང་སྟེ་ཡིད་རྟོན་ལ་དཔྱད་འཇོག་བྱེད་པ། 

༣༠. སྡེ་བར་བཅའ་སྡོད་ཀྱི་དབུལ་སྐྱོར་ལས་དོན་རུ་ཁག་དང་།   རོགས་སྐྱོར་ལས་ཁུངས།ཧྲུའུ་ཅི་དང་པོ་སོགས་ཀྱིས་རང་འགུལ་གྱིས་བསྒྲུབ་དགོས་པའི་བྱ་བ་གང་དག་ཡོད།

དེ་དག་གིས་དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་ནི་ཡིག་ཚགས་བྱང་བུ་བཟོས་ཡོད་པའི་དབུལ་ཁྱིམ་དབུལ་ཐར་ཡོང་བར་རོགས་སྐྱོར་བྱེད་པའི་བྱ་བ་གལ་ཆེན་ཞིག་ལ་བརྩི་བ་དང་།དབུལ་ཁྱིམ་དབུལ་ཐར་ཡོང་བར་མཐུན་རྐྱེན་གང་དག་མཁོ་བ་རྟོགས་པར་བྱས་ཏེ་དངུལ་བུན་བླངས་པའི་དབུལ་ཁྱིམ་དུད་ཚང་ལ་རོགས་རམ་གྱིས་རྣམ་གྲངས་ཕྱོགས་ནས་བློ་འདོན་པ།དབུལ་ཁྱིམ་གྱིས་དངུལ་བུན་ལེན་པར་བློ་སྣ་འཁྲིད་པ།དངུལ་བུན་བླངས་པའི་དབུལ་ཁྱིམ་གྱི་གནས་ཚུལ་དང་དངུལ་བུན་ཕྱིར་བསྡུ་བ།དབུལ་ཁྱིམ་གྱིས་དངུལ་བུན་བཀོལ་སྤྱོད་བྱེད་པའི་གནས་ཚུལ་ལ་ལྟ་རྟོག་བྱེད་པར་རམ་འདེགས་བྱེད་པ།དབུལ་ཁྱིམ་དུད་ཚང་ལ་ཚོང་རའི་ཕྱོགས་ཀྱི་ཆ་འཕྲིན་མཁོ་འདོན་བྱེད་པ་དང་།ལག་རྩལ་ལས་ཁུངས་ལ་འབྲེལ་གཏུག་བྱ་རོགས་བྱས་ཏེ་ལག་རྩལ་ཞབས་ཞུ་སོགས་འདོན་སྤྲོད་བྱ་རུ་འཇུག་པ་བཅས་ཡིན།

༣༡.  ལས་ཁུངས་གང་དག་གིས་སྲིད་ཇུས་ཕྱོགས་ཀྱི་དྲི་ལན་འདེབས་པར་འགན་འཁུར་དགོས། 

རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་ལས་སྒྲུབ་ཁང་གིས་དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་སྲིད་ཇུས་གསལ་ཁ་འབྱེད་པར་འགན་འཁུར་བ་དང་།ཞིང་ཆེན་དང་། ཁུལ།རྫོང་རིམ་པའི་དབུལ་སྐྱོར་ལས་ཁུངས་ཀྱིས་ཆེད་དུ་མི་སྣ་བཀོད་སྒྲིག་བྱས་ནས་དབུལ་སྐྱོར་འབོར་ཆུང་ཡིད་རྟོན་དངུལ་བུན་གྱི་སྲིད་ཇུས་ཕྱོགས་ཀྱི་དྲི་ལན་བསྐྱོན་པའི་བྱ་བར་འགན་འཁུར་བ།རྫོང་རིམ་པའི་དབུལ་སྐྱོར་ལས་ཁུངས་ཀྱིས་སྡེ་བ་རིམ་པར་སྲིད་ཇུས་ཕྱོགས་ཀྱི་དྲི་བར་ལན་འདེབས་མཁན་གྱི་མི་སྣའི་རུས་མིང་དང་འབྲེལ་གཏུག་ཁ་པར་སོགས་ཁྲོམ་བསྒྲགས་བྱ་དགོས།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།