ཀན་སུའུ་ཞིང་ཆེན་གྱི་<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས>>ལག་བསྟར་བྱེད་པའི་སྐོར་གྱི་གཏན་འབེབས་འགའ།

(1988ལོའི་ཟླ9བའི་ཚེས20ཉིན་ལ་ཀན་སུའུ་ཞིང་ཆེན་དམངས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བར་གྲོས་འཆམ་བྱུང་ཞིང་།2006ལོའི་ཟླ6པའི་ཚེས1ཉིན་ལ་ཀན་སུའུ་ཞིང་ཆེན་དམངས་ཆེན་སྐབས་བཅུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པའི་ཐོག་བཟོ་བཅོས་བྱས།)

དོན་ཚན་དང་པོ། <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས>>དང་<<རྒྱལ་སྲིད་སྤྱི་ཁང་ཁང་གི་<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཁོངས་རང་སྐྱོང་གི་བཅའ་ཁྲིམས>ལག་བསྟར་བྱེད་པའི་སྐོར་གྱི་གཏན་འབེབས>>འགའགཞིར་བཟུང་ནས་རང་ཞིང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།གཏན་འབེབས་འདི་བཟོས་པ་ཡིན

དོན་ཚན་གཉིས་པ། མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་སྡེ་ཁག་གིས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ས་གནས་དེ་གར་བརྩི་སྲུང་དང་ལག་བསྟར་བྱེད་པར་ཁག་ཐེག་བྱ་དགོས་ཤིང་། རྒྱལ་ཁབ་ཀྱི་གཅིག་འགྱུར་སྲུང་སྐྱོབ་དང་།ཧུར་བརྩོན་གྱིས་གོང་རིམ་རྒྱལ་ཁབ་སྡེ་ཁག་གིས་སྤྲད་པའི་ལས་འགན་སྣ་ཚོགས་འགྲུབ་ཏུ་འཇུག་རྒྱུ་དང་།རང་སྟོབས་རང་སྤེལ་དང་། དཀའ་སྤྱད་འབད་བརྩོན་བྱས་ཏེ།ས་གནས་རང་གི་དཔལ་འབྱོར་སྤྱི་ཚོགས་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུན་ངང་གོང་འཕེལ་གཏོང་བར་འགོ་ཁྲིད་བྱ་དགོས།

དོན་ཚན་གསུམ་པ། མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་སྡེ་ཁག་དང་དེ་མིན་རྒྱལ་ཁབ་སྡེ་ཁག་གིས་ཁྲིམས་ལྟར་མི་རིགས་རང་སྐྱོང་ས་གནས་ཀྱི་མི་རིགས་སོ་སོའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་དགོས་ལ། འདྲ་མཉམ་དང་མཐུན་སྒྲིལ།  རོགས་རེས།ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དུ་བཏང་སྟེ།སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱ་དགོས།

དོན་ཚན་བཞི་བ། མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་སྡེ་ཁག་གིས་མི་རིགས་ཁག་གི་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་འགན་སྲུང་བྱས་ཏེ།ཁྲིམས་ལྟར་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཤུགས་སྣོན་པ་དང་། རྒྱུན་ལྡན་ངང་ཆོས་ལགས་བྱ་འགུལ་སྤེལ་བར་འགན་སྲུང་བྱེད་ཅིང་། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱ་འགུལ་སྤེལ་ས།ཆོས་དད་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་དང་ཆོས་ལུགས་ཞི་མཐུན་ཡོང་བར་སྲུང་སྐྱོབ་བྱས་ཏེ།ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་དོན་ལ་ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱིས་ཁ་ལོ་སྒྱུར་དུ་མི་འཇུག་པ་རྒྱུན་འཁྱོངས་བྱེད་ཅིང་། ཧུར་བརྩོན་གྱིས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཆམ་མཐུན་ཡོང་བར་སྣེ་ཁྲིད་བྱ་དགོས།

དོན་ཚན་ལྔ་བ། མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་སྡེ་ཁག་དང་དེ་མིན་གོང་རིམ་རྒྱལ་ཁབ་སྡེ་ཁག་གིས་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་དེ་དམངས་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་སློབ་གསོའི་ནང་དོན་དུ་བཅུག་སྟེ།སྤྱི་དམངས་དང་ཁྲིམས་མི།རྩ་འཛུགས་གཞན་དག་གིས་རང་སྐྱོང་སྐོར་གྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ་བརྩི་སྲུང་བྱེད་པར་སློབ་གསོ་དང་སྣེ་ཁྲིད་བྱ་དགོས། ལོ་རེའི་ཟླ་ལྔ་བ་ནི་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བ་ཡིན།དྲིལ་བསྒྲགས་ཟླ་བའི་བྱ་འགུལ་དེ་དང་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ལུགས་ཁྲིམས་སྲོལ་ལག་བསྟར་དངོས་འབེབས་དང་། མི་རིགས་རང་སྐྱོང་ས་ཁུལ་ལ་དོ་དངོས་སྒྲུབ་ཆེད་དང་ཟུང་འབྲེལ་བྱས་ཏེ་སྤེལ་དགོས།དགོས་མཁོ་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་བྱ་འགུལ་སྤེལ་རྒྱུ།

དོན་ཚན་དྲུག་པ། མི་རིགས་རང་སྐྱོང་ས་ཁུལ་གྱི་གོང་རིམ་རྒྱལ་ཁབ་སྡེ་ཁག་གིས་མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་སྡེ་ཁག་གིས་མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་སྡེ་ཁག་ལ་རང་སྐྱོང་དབང་ཆ་ལག་བསྟར་དང་ཁྲིམས་ལྟར་བབ་བསྟུན་སྒྱུར་བཅོས་དབང་ཆ་སྤྱོད་པར་རྒྱབ་སྐྱོར་དང་འགན་སྲུང་བྱ་དགོས། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་རིགས་རང་སྐྱོང་སྲོལ་ཡིག་དང་ཁེར་སྤྱོད་སྲོལ་ཡིག་འདུས་པའི་མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་ལག་བསྟར་བྱེད་ཚུལ་དུས་བཅད་ལྟར་ཁྲིམས་བསྟར་གནས་ཚུལ་ཞིབ་གཤེར་བྱ་རྒྱུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་དང་དེ་མིན་འབྲེལ་ཡོད་སྡེ་ཁག་གི་མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱེད་ཚུལ་སྐོར་གྱི་སྙན་ཞུར་ཉན་དགོས་པ་མ་ཟད། གནས་ཚུལ་ལ་གཞིགས་ཏེ་འོས་མཐུན་གྱི་གྲོས་ཆོད་དང་གཏན་ཁེལ་ཐག་གཅོད་བྱ་དགོས།

དོན་ཚན་བདུན་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞང་གིས་གཏན་འབེབས་འདིའི་ནང་གི་སྲིད་འཛིན་འགན་འཁྲིའི་སྐོར་ལག་བསྟར་བྱེད་པའི་འགན་འཁུར་དགོས། རིམ་པ་ཁག་གི་མི་རིགས་སྡེ་ཁག་གིས་གཏན་འབེབས་ འདིའི་ནང་གི་སྲིད་འཛིན་བྱེད་ཐབས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་རྟོག་ཞིབ་བཤེར་བྱ་དགོས་པ་མ་ཟད།དུས་བཅད་ལྟར་རིམ་པ་འདྲ་བའི་མི་དམངས་སྲིད་གཞུང་ལ་སྙན་ཉུ་འབུལ་དགོས།

དོན་ཚན་བརྒྱད་པ། ཞིང་ཆེན་དང་གྲོང་ཁྱེར།ཁུལ་གྱི་མི་དམངས་སྲིད་གཞུང་དང་དེ་མིན་འབྲེལ་ཡོད་སྡེ་ཁག་གིས་མི་ཤུགས་དང་དངོས་ཤུགས། ནོར་ཤུགས། ལག་རྩལ། ཆ་འཕྲིན་སོགས་ཀྱི་ཐད་ནས་མི་རོགས་རང་སྐྱོང་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས་ཤིང་། ཆེད་སྤྱོད་མ་དངུལ་སྣ་ཚོགས་བགོ་བཤའ་རྒྱག་པས་མི་རིགས་རང་སྐྱོང་ས་ཁུལ་ལ་དམིགས་བསལ་གནང་སྟེ། མི་རིགས་རང་སྐྱོང་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་སྔར་ལས་མགྱོགས་པ་དང་སྔར་ལས་ལེགས་པར་གོང་འཕེལ་ཡོང་བར་སྐུལ་སློང་བྱ་དགོས།

དོན་ཚན་དགུ་བ། ཞིང་ཆེན་མི་དམངས་སྲིད་གཞུང་གིས་བྱེད་ཐབས་གཏན་ཁེལ་བྱས་ཏེ་དཔལ་འབྱོར་གོང་འཕེལ་ས་ཁུལ་དང་མི་རིགས་རང་སྐྱོང་ས་ཁུལ་བར་དུ་དཔལ་འབྱོར་དང་ལག་རྩལ་མཉམ་འབྲེལ་བྱེད་པར་རྩ་འཛུགས་དང་སྐུལ་འདེད་བྱ་དགོས། ཞིང་ཆེན་ཐད་གཏོགས་སྡེ་ཁག་དང་སློབ་གསོ་ཚན་རྩལ། སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་སྡེ་ཁག་གིས་མི་རིགས་རང་སྐྱོང་ས་ཁུལ་ལ་ཁ་གཏད་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་འོས་མཐུན་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། རྒྱབ་སྐྱོར་གྱི་འགན་འཁྲི་དངོས་འབེབས་བྱེད་པ།རྒྱབ་སྐྱོར་གྱི་རྣམ་གྲངས་གཏན་ཁེལ་བྱས་ཏེ། ལྟ་རྟོག་ཞིབ་བཤེར་ལ་ཤུགས་བསྣན་ནས་དོན་དངོས་ཀྱི་ཕན་འབྲས་ཐོན་ཐུབ་པ་བྱ་དགོས།

དོན་ཚན་བཅུ་བ། ཞིང་ཆེན་དང་གྲོང་ཁྱེར།ཁུལ་གྱི་གོང་འཕེལ་དང་སྒྱུར་བཅོས་སྲིད་འཛིན་སྡེ་ཁག་དང་དེ་མིན་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་དང་དེ་མིན་ལོ་འཁོར་གྱི་འཆར་གཞི་བཟོ་འགོད་བྱེད་དུས་སུ། མི་རིགས་རང་སྐྱོང་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་དང་འཆར་གཞི་དགོས་པ་མ་ཟད། རྣམ་གྲངས་ཡར་ཞུ་དང་ཆོག་འགོད།མ་དངུལ་གཏོང་བ་སོགས་ཀྱི་ཐད་ལ་དམིགས་བསལ་གནང་དགོས། དམིགས་བསལ་གྱི་བྱེད་ཐབས་སྤྱད་ནས་མི་རིགས་རང་སྐྱོང་ས་ཁུལ་གྱི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གོང་འཕེལ་གཏོང་བར་རྒྱབ་སྐྱོར་དང་སྣེ་ཁྲིད་བྱ་དགོས། སྤྱི་ཚོགས་ཀྱི་མ་རྩར་སྐུལ་འདེབས་བྱས་ཏེ་རྒྱལ་དབང་དང་ཐུན་མོང་ཁེ་ལས་ཀྱི་ལུགས་སྒྱུར་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན།སྤྱི་སྤྱོད་ལས་དོན་གྱི་འཛུགས་སྐྲུན་ལ་ཞུགས་སུ་འཇུག་དགོས། ཞིང་ཆེན་གྱི་གོང་འཕེལ་དང་སྒྱུར་བཅོས་སྲིད་འཛིན་སྡེ་ཁག་གིས་མི་རིགས་རང་སྐྱོང་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་འཐབ་ཇུས་གཏན་ཁེལ་བྱེད་པར་རོགས་རམ་བྱ་རྒྱུ་་དང་། ས་གནས་དེ་གའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་ནུས་པ་གལ་ཆེན་ཐོན་པའི་རྣམ་གྲངས་སྐོར་ཞིག་འཛུགས་སྐྲུན་བྱེད་པར་ལེགས་འདེམས་དང་ལུང་རིགས་ཀྱིས་བསྒྲུབ་དགོས། དམིགས་བསལ་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་ཚོགས་སྤྱི་ཕན་ལས་དོན།ཐོན་ཁུངས་གསར་སྤེལ་དང་དེ་མིན་མི་རིགས་བཟོ་ལས་གོང་འཕེལ་གྱི་རྣམ་གྲངས་བཀོད་སྒྲིག་བྱ་དགོས།དོན་དངོས་ཀྱི་དགོས་མཁོའི་ཆ་ལག་སྒྲིག་སྦྱོར་བྱས་ནས་ཐོན་སྐྱེད་དང་འཚོ་བའི་གཞི་རྩའི་ཆ་རྐྱེན་ལེགས་བཅོས་བྱེད་པར་རོགས་རམ་བྱ་དགོས། བྱེད་ཐབས་སྣ་ཚོགས་སྤྱད་ནས་མགྱོགས་མྱུར་སྒོས་མི་རིགས་རང་སྐྱོང་ས་ཁུལ་གྱི་སྲིད་འཛིན་སྡེ་བར་གློག་དང་སྦྲགས་སྲིད། ཁ་པར་ཐོན་པ་དང་བདེ་འཇགས་ཆུ་འཐུང་བའི་གནད་དོན་ཐག་གཅོད་བྱ་དགོས

དོན་ཚན་བཅུ་གཅིག་པ། ཞིང་ཆེན་དང་གྲོང་ཁྱེར་གྱི་དཔལ་འབྱོར་སྲིད་འཛིན་སྡེ་ཁག་གིས་མི་རིགས་རང་སྐྱོང་ས་ཁུལ་གྱི་མི་རིགས་བཟོ་ལས་གོང་འཕེལ་གཏོང་བར་རོགས་རམ་བྱ་དགོས་པ་དང་། སྟོབས་ཤུགས་ཆེན་པོས་ཁེ་ལས་ཆུང་འབྲིང་དང་དམངས་གཉེར་དཔལ་འབྱོར་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ལ་རོགས་སྐྱོར་བྱས་ཏེ།མ་དངུལ་གྱི་ཡོངས་ཁུངས་ཇེ་ཡངས་སུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་མཐུན་པའི་ས་གནས་ཀྱི་མི་ རིགས་བཟོ་ལས་ཀྱི་རྣམ་གྲངས་དང་དེ་མིན་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ལ་ལག་རྩལ་དང་མ་དངུལ་ཐད་ནས་རྒྱབ་སྐྱོར་བྱ་རྒྱུ།

དོན་ཚན་བཅུ་གཉིས་པ། ཞིང་ཆེན་དང་གྲོང་ཁྱེར།ཁུལ་གྱི་ཚོང་གཉེར་སྲིད་འཛིན་སྡེ་ཁག་གིས་མི་རིགས་རང་སྐྱོང་ས་ཁུལ་དུ་མི་རིགས་ཀྱི་ཉོ་ཚོང་དང་ཕྱི་ཕྱོགས་ཀྱི་ཉོ་ཚོང་། རྒྱལ་མཚམས་ཀྱི་ཉོ་ཚོང་གི་གོང་འཕེལ་ལ་རོགས་རམ་བྱས་ཏེ། མི་རིགས་ཀྱི་ཁྱད་མཁོའི་ཚོང་རྫས་དང་ཕྱི་རྒྱལ་ལ་འདྲེན་པའི་ཚོང་རྫས་ཀྱི་ཐོན་སྐྱེད་ལ་མ་དངུལ་དང་ལག་རྩལ་སོགས་ཀྱི་ཕྱོགས་ནས་རོགས་སྐྱོར་བྱ་དགོས། མི་རིགས་ཀྱི་ཉོ་ཚོང་དང་མི་རིགས་ཀྱི་མཁོ་ཆས་ཐོན་སྐྱེད་བྱེད་ས་གཏན་ཁེལ་བྱེད་པའི་ཁེ་ལས་ཀྱིས་སྒོར་མོ་བསྐྱི་བར་དམིགས་བསལ་གྱིས་འཕར་ཁར་ཁ་གསབ་གཏོང་བའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་མ་ཟད། འོས་འཚམ་སྒོས་ཁ་གསབ་མ་དངུལ་གཏོང་བའི་རྣམ་གྲངས་དང་ལོངས་སྤྱོད་ཐུབ་པའི་ཁེ་ལས་ཀྱི་ཁྱབ་ཁོངས་ཇེ་ཆེར་གཏོང་དགོས།

དོན་ཚན་བཅུ་གསུམ་པ། ཞིང་ཆེན་ནོར་སྲིད་དང་ཁྲལ་བསྡུའི་སྲིད་འཛིན་སྡེ་ཁག་གིས་ཕྱོགས་ཡོངས་ནས་རྒྱལ་ཁབ་དང་ཞིང་ཆེན་གྱིས་མི་རིགས་རང་སྐྱོང་ས་ཁུལ་ལ་གནང་བའི་ནོར་སྲིད་དང་ཁྲལ་བསྡུའི་དམིགས་བསལ་སྲིད་ཇུས་དངོས་འབེབས་བྱ་དགོས། ཞིང་ཆེན་ནོར་སྲིད་སྲིད་འཛིན་སྡེ་ཁག་གིས་མི་རིགས་རང་སྐྱོང་ས་ཁུལ་གྱི་སྤྱི་པའི་ཞབས་ཞུའི་གཏོང་དངུལ་གྱི་མ་གནས་བར་ཁྱད་ལ་བསམ་གཞིགས་གང་ལེགས་བྱས་ནས། མི་རིགས་རང་སྐྱོང་ས་ཁུལ་གྱི་ནོར་སྲིད་སྒྱུར་སྤོར་གཏོང་བའི་ཤུགས་ཚད་ཇེ་མཐོར་གཏོང་རྒྱུ་དང་། སྤྱིར་བཏང་རང་བཞིན་གྱི་ནོར་སྲིད་སྒྱུར་སྤོར་གཏོང་དངུལ་གྱི་འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཀྱི་ཚད་ལས་མཐོ་དགོས། མི་རིགས་རང་སྐྱོང་ས་ཁུལ་གྱི་ཆེད་སྤྱོད་ནོར་སྲིད་སྒྱུར་སྤོར་གཏོང་དངུལ་དང།མི་རིགས་ཀྱི་དམིགས་བསལ་སྲིད་ཇུས་ཀྱི་ནོར་སྲིད་སྒྱུར་སྤོར་གཏོང་དངུལ་དང་དེ་མིན་རྣམ་པ་གཞན་གྱི་ནོར་ཤུགས་ཁ་གསབ་གཏོང་བ་ལག་བསྟར་བྱས་ནས། མི་རིགས་རང་སྐྱོང་ས་ཁུལ་གྱི་ནོར་ཤུགས་ལོ་རེ་བཞིན་ཇེ་མང་དུ་གཏོང་དགོས། རྒྱལ་ཁབ་ནོར་སྲིད་ཀྱིས་ཁ་གསབ་གཏོང་བའི་ཁྱབ་ཁོངས་གསལ་བོར་གཏན་ཁེལ་མེད་པའི་ཞིང་ཆེན་ནོར་སྲིད་ཀྱིས་བགོ་བཤའ་རྒྱག་རྒྱུའི་མ་དངུལ་དང་། དེ་མིན་ཞིང་ཆེན་ནོར་སྲིད་ཀྱིས་བཀོད་སྒྲིག་བྱེད་པའི་ཆེད་སྤྱོད་ནོར་སྲིད་སྒྱུར་སྤོར་གཏོང་དངུལ་གྱིས་མི་རིགས་རང་སྐྱོང་ས་ཁུལ་ལ་དམིགས་བསལ་གནང་བ་དང་རྒྱབ་སྐྱོར་བྱ་དགོས། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་མི་རིགས་རང་སྐྱོང་ས་ཁུལ་གྱི་ནོར་ཁུངས་འཛུགས་སྐྲུན་གོང་འཕེལ་གཏོང་བའི་རྣམ་གྲངས་ལ་རོགས་སྐྱོར་བྱས་ཏེ།དེའི་བསྐྱི་དངུལ་ལ་སྐྱེད་ཀ་སྤྲོད་དགོས། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་མིརིགས་རང་སྐྱོང་ས་ཁུལ་དུ་བཙུགས་པའི་གྲངས་ཉུང་མི་རིགས་ཀྱི་ཁ་གསབ་གཏོང་དངུལ་དང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་གཏོང་དངུལ། འབྲོག་ཁུལ་གྱི་ཆེད་སྤྱོད་འཛུགས་སྐྲུན་གཏོང་དངུལ་དེ། ཞིང་ཆེན་ནོར་སྲིད་ཀྱི་གོང་འཕེལ་དང་བསྟུན་ནས་ལོ་རེ་བཞིན་ཇེ་མང་དུ་གཏོང་དགོས། རྒྱལ་ཁབ་ནོར་སྲིད་ཀྱིས་རང་ཞིང་གི་མི་རིགས་རང་སྐྱོང་ས་ཁུལ་གྱི་ནོར་ཤུགས་ལ་ཁ་གསབ་གཏོང་བའི་མ་དངུལ་དང་། མི་རིགས་ས་ཁུལ་གྱི་གསར་སྤེལ་ལ་རོགས་སྐྱོར་བྱེད་པའི་མ་དངུལ། གྲངས་ཉུང་མི་རིགས་གོང་འཕེལ་གཏོང་བའི་མ་དངུལ་དང་།མི་རིགས་ས་ཁུལ་གྱི་དཔལ་འབྱོར་གྱི་དཔལ་འབྱོར་གྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་གཏོང་དངུལ།འབྲོག་ཁུལ་གྱི་ཆེད་སྤྱོད་འཛུགས་སྐྲུན་གཏོང་དངུལ་དེ། ཞིང་ཆེན་ནོར་སྲིད་ཀྱི་གོང་འཕེལ་དང་བསྟུན་ནས་ལོ་རེ་བཞིན་ཇེ་མང་དུ་གཏོང་དགོས། རྒྱལ་ཁབ་ནོར་སྲིད་ཀྱིས་རང་ཞིང་གི་མ་རིགས་རང་སྐྱོང་ས་ཁུལ་གྱི་ནོར་ཤུགས་ལ་ཁ་གསབ་གཏོང་བའི་མ་དངུལ་དང་། མི་རིགས་ས་ཁུལ་གྱི་གསར་སྤེལ་ལ་རོགས་སྐྱོར་བྱེད་པའི་མ་དངུལ། གྲངས་ཉུང་མི་རིགས་གོང་འཕེལ་གཏོང་བའི་མ་དངུལ་དེ་དག་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཆ་ལག་མ་དངུལ་བཀོད་སྒྲིག་བྱ་དགོས། རྒྱལ་ཁབ་གྱིས་བསྡུ་སྲིད་ཇུས་ཀྱི་ལེགས་སྒྲིག་དང་དེ་མིན་སྤྱི་ཁོག་སྙོམས་སྒྲིག་གི་རྐྱེན་དང་དཔལ་འབྱོར་སྒྲིག་གཞི་ལེགས་སྒྲིག་བྱས་པ་ལས་བྱུང་བའི་མི་རིགས་རང་སྐྱོང་ས་ཁུལ་གྱི་ནོར་སྲིད་ཡོང་སྒོ་ཇེ་ཉུང་དུ་སོང་བའི་སྐོར་དེ།ནོར་སྲིད་སྒྱུར་སྤོར་གཏོང་བའི་སྐབས་སུ་ཁ་གསབ་སྤྲོད་དགོས། མི་རིགས་རང་སྐྱོང་ས་ཁུལ་གྱི་ནོར་སྲིད་རྒྱུན་ལྡན་ངང་འཁོར་རྒྱུགས་བྱེད་མི་ཐུབ་པའི་དཀའ་ཁག་བྱུང་བ་ན།དེར་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒྱུར་སྤོར་གཏོང་བ་དང་གནས་སྐབས་རང་བཞིན་གྱི་ནོར་ཤུགས་ཁ་གསབ་གཏོང་བའི་ཐབས་སྤྱད་དེ་ཐག་གཅོད་བྱ་དགོས།

དོན་ཚན་བཅུ་བཞི་བ། རྫོང་རིམ་པ་ཡན་གྱི་ནོར་སྲིད་འཛིན་སྡེ་ཁག་གིས་མི་རིགས་བྱ་བའི་གྲོན་དངུལ་བཀོད་སྒྲིག་བྱ་དགོས་པ་མ་ཟད། རིམ་པ་དེའི་ནོར་ཤུགས་གོང་འཕེལ་བྱུང་བ་དང་བསྟུན་ལོ་རེ་བཞིན་ཇེ་མང་དུ་གཏོང་དགོས། མི་རིགས་ཞང་གོང་འཕེལ་གཏོང་བའི་མ་དངུལ་འཛུགས་དགོས།ཞིང་ཆེན་གྱིས་ཞང་གྲོང་ལ་གཅིག་འགྱུར་གྱིས་ནོར་སྲིད་ཁ་གསབ་རོགས་དངུལ་བཏང་བ་ཕུད། ལོ་རེར་མི་རིགས་ཞང་རེར་ཞིང་ཆེན་ནོར་སྲིད་ནས་སྒོར་ཁྲི་བཅུ་རེ་སྤྲོད་རྒྱུ། གྲོང་ཁྱེར་དང་ཁུལ། རྫོང་ཁུལ་དང་གྲོང་ཁྲེརགི་ནོར་སྲིད་ནས་སོ་སོས་ཆ་ལག་སྒོར་ཁྲི་ལྔ་རེ་སྤྲོད་རྒྱུ།

དོན་ཚན་བཅོ་ལྔ་བ། ཞིང་ཆེན་དང་གྲོང་ཁྱེར་ཀྱི་རྒྱལ་ཁབ་ས་དབང་ཐོན་ཁུངས་སྲིད་འཛིན་སྡེ་ཁག་གིས་མི་རིགས་རང་སྐྱོང་ས་ཁུལ་གྱི་རང་བྱུང་ཐོན་ཁུངས་གསར་སྤེལ་བྱེད་པར་རོགས་རམ་བྱ་དགོས་ཤིང་། མི་རིགས་རང་སྐྱོང་ས་ཁུལ་གྱི་ས་ཁོངས་གསར་སྤེལ་དང་བསྐྱར་སྦོལ། རྒྱལ་ཁབ་ས་དབང་ལེགས་བཅོས་བྱེད་པར་གཏོང་དངུལ་ཇེ་མང་དུ་གཏོང་དགོས། ཞིང་ཆེན་གྱི་རྒྱལ་ཁབ་ས་དབང་ཐོན་ཁུངས་སྲིད་འཛིན་སྡེ་ཁག་གིས་མི་རིགས་རང་སྐྱོང་ས་ཁུལ་ལ་གསར་དུ་ཁ་སྣོན་བྱེད་པའི་འཛུགས་སྐྲུན་ས་ཆ་དང་ས་ཁོངས་རིན་དོད་ཡོད་པ་བེད་སྤྱོད་པའི་གྲོན་དངུལ་ཞིང་ཆེན་ལ་སྤྲོད་རྒྱུའི་སྐོར་དེ། ས་ཁོངས་གསར་སྤེལ་ལེགས་བཅོས་བྱེད་པའི་རྣམ་གྲངས་དང་བསྟུན་ཏེ་དངུལ་ཚང་མ་མི་རིགས་རང་སྐྱོང་ས་ཁུལ་ལ་ཕྱིར་སྤྲོད་དགོས། ཞིང་ཆེན་སྲིད་གཞུང་གིས་མི་རིགས་རང་སྐྱོང་ས་ཁུལ་ནས་བསྡུ་ལེན་དང་བཀོལ་སྤྱོད་བྱེད་པར་ཆོག་མཆན་བཀོད་པའི་ཞིང་སྤྱོད་ས་ཞིང་གི་འབྲེལ་ཡོད་གྲོན་དངུལ་བསྡུ་ལེན་བྱེད་པ་དེ། རྣམ་གྲངས་ལ་གཞིགས་ཏེ་དངུལ་ཚང་མ་མི་རིགས་རང་སྐྱོང་ས་ཁུལ་ལ་ཕྱིར་སྤྲོད་དགོས་ཤིང་། དེ་ས་ཁོངས་གསར་སྤེལ་ལེགས་བཅོས་དང་ཐོན་ཞིང་དམའ་འབྲིང་ལེགས་བཅོས་བྱེད་པར་བཀོལ་དགོས ཞིང་ཆེན་གྱི་རྒྱལ་ཁབ་ས་དབང་ཐོན་ཁུངས་སྲིད་འཛིན་སྡེ་ཁག་གིས་རང་བྱུང་ཐོན་ཁུངས་ཕྱི་ལ་འདྲེན་པའི་མི་རིགས་རང་སྐྱོང་ས་ཁུལ་ནས་བསྡུ་ལེན་བྱེད་པའི་གཏེར་ཁའི་ཐོན་ཁུངས་ཀྱི་ཁ་གསབ་གྲོན་དངུལ་ཚང་མ་གཏེར་ཁའི་ཐོན་ཁུངས་ཡོད་སའི་མི་རིགས་རང་སྐྱོང་ས་ཁུལ་ལ་ཕྱིར་སྤྲོད་དགོས། རྒྱལ་ཁབ་ཀྱི་གཏན་འབེབས་ལྟར།མི་རིགས་རང་སྐྱོང་ས་ཁུལ་ནས་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་དང་སྔོག་འདོན་བྱེད་པ་ལ་འོས་འཚམ་གྱིས་གྲོན་དངུལ་ཉུང་བསྡུ་བྱ་དགོས། ཞིང་ཆེན་གྱི་རྒྱལ་ཁབ་དབང་ཐོན་ཁུངས་སྲིད་འཛིན་སྡེ་ཁག་གིས་མི་རིགས་རང་སྐྱོང་ས་ཁུལ་ནས་གཏེར་ཁའི་ཐོན་ཁུངས་ཀྱི་གཏེར་རྐོའི་དབང་ཆ་སྤྱོད་དུས་སུ།གཏེར་མ་རྐོས་པའི་སྔོན་ལ་མི་རིགས་རང་སྐྱོང་ས་ཁུལ་དེ་གའི་མི་རིགས་སྲིད་གཞུང་གི་བསམ་འཆར་བསྡུ་ལེན་བྱ་དགོས།མི་རིགས་རང་སྐྱོང་ས་ཁུལ་དུ་གཏེར་ལས་ཐོན་དབང་གི་ཚོང་ར་འཛུགས་རྒྱུ་སྐྱེད་སྲིང་བྱེད་པར་རྒྱབ་སྐྱོར་བྱ་དགོས་ཤིང་།གཏེར་ཁ་རྩད་ཞིབ་ཀྱི་དབང་ཆ་དང་། གཏེར་ཁ་རྐོ་བའི་དབང་ཆ་དེ་ཁྲིམས་ལྟར་ཕྱིར་སྤྲོད་དང་སྒྱུར་སྤྲོད་བྱེད་པར་སྐུལ་སྤེལ་གཏོང་དགོས།གཏེར་ཁ་རྩད་ཞིབ་ཀྱི་དབང་ཆ་དང་གཏེར་ཁ་རྐོ་བའི་དབང་ཆ་ཕྱིར་སྤྲོད་བྱེད་པའི་གྲོན་དངུལ་ཞིང་ཆེན་ནས་བསྡུ་རྒྱུའི་སྐོར་དེ་མ་དངུལ་བཀོལ་སྤྱོད་བྱ་ཡུལ་སྒྱུར་མི་རུང་བའི་སྔོན་འགྲོའི་ཆ་རྐྱེན་འོགགཏེར་ཁ་ཡོད་སའི་མི་རིགས་རང་སྐྱོང་ས་ཁུལ་ལ་ཕྱིར་སྤྲོད་དགོས།

དོན་ཚན་བཅུ་དྲུག་པ། ཞིང་ཆེན་དང་གྲོང་ཁྱེར་གྱི་ཞིང་ཕྱུགས་ལས་སྲིད་འཛིན་སྡེ་ཁག་དང་མིན་འབྲེལ་ཡོད་སྡེ་ཁག་གིས་མི་རིགས་རང་སྐྱོང་ས་ཁུལ་གྱི་ཞིང་ཕྱུགས་ལས་གོང་འཕེལ་ཡོང་བར་རོགས་རམ་བྱ་དགོས། རྣམ་གྲངས་དང་མ་དངུལ། ལག་རྩལ།ཆ་འཕྲིན་དང་དེ་མིན་འཁོར་རྒྱུགས་ཞབས་ཞུ་སོགས་ཀྱི་ཐད་ནས་མི་རིགས་རང་སྐྱོང་ས་ཁུལ་གྱི་ཞིང་ཕྱུགས་ལས་ཀྱི་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱེད་ཅིང་།ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་གོང་འཕེལ་དུ་བཏང་སྟེ། ཞིང་ཕྱུགས་ལས་ཀྱི་ཐོན་ལས་ཅན་གྱི་ཚོང་གཉེར་ལ་རོགས་སྐྱོར་བྱ་དགོས།ངལ་རྩོལ་ནུས་ཤུགས་ཀྱི་ནུས་རྩལ་གསོ་སྦྱོང་དང་ཕྱིར་འདྲེན་བྱས་ཏེ། རོང་འབྲོག་དམངས་ཚོགས་ཀྱི་ཡོང་སྒོ་ལེན་པའི་ཐབས་ལམ་ཇེ་ཡངས་སུ་གཏོང་དགོས། མི་རིགས་རང་སྐྱོང་ས་ཁུལ་དུ་ཞིང་ཕྱུགས་ལས་ཀྱི་གོང་འཕེལ་འཆར་གཞི་གཏན་ཁེལ་བྱེད་པར་རོགས་རམ་བྱ་དགོས་ཤིང་། ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་འབྲོག་དམངས་གཏན་སྡོད་བྱེད་ཤའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས།རྩྭ་ཐང་བྱེ་འགྱུར་དང་ཞན་འགྱུར་ལེགས་བཅོས་བྱེད་པར་ཤུགས་བསྣན་ཏེ།ཕྱུགས་བརྒྱུད་རྫོགས་པ་དང་ནད་ཡམས་སྔོན་འགོགགཟན་ཆས་ཀྱི་གཞི་ས་དང་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པར་མ་དངུལ་ཇེ་མང་དུ་གཏོང་དགོས། མི་རིགས་རང་སྐྱོང་ས་ཁུལ་ནས་བསྡུ་ལེན་བྱེད་པའི་རྩྭ་གསོའི་ཐེབས་རྩ་དང་།རྩྭ་ཐང་སླར་གསོའི་གྲོན་དངུལ་ཚང་མ་མི་རིགས་རང་སྐྱོང་ས་ཁུལ་ལ་ཕྱིར་སྤྲད་དེ།རྩྭ་ཐང་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་བཀོལ་དགོས།

དོན་ཚན་བཅུ་བདུན་པ། ཞིང་ཆེན་དང་གྲོང་ཁྱེར་གྱི་ནགས་ལས་སྲིད་འཛིན་སྡེ་ཁག་གིས་མི་རིགས་རང་སྐྱོང་ས་ཁུལ་གྱི་ནགས་ལས་གོང་འཕེལ་གྱི་འཆར་གཞི་གཏན་འབེབས་བྱེད་པར་རོགས་རམ་བྱ་དགོས་ཤིང་། ནགས་ལས་ཀྱི་སྒྲིག་གཞི་ལེགས་སྒྲིག་དང་།ནགས་ལས་ཐོན་ལས་ཅན་གྱི་ཚོང་གཉེར་ལ་རོགས་སྐྱོར་བྱས་ཏེ།ནགས་ལས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་མ་དངུལ་གཏོང་བ་ཇེ་མང་དུ་གཏོང་དགོས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་དང་། རློན་ས་སྲུང་སྐྱོབ།ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ཏེ། དེར་བྱས་རྗེས་བཞག་པའི་མི་རིགས་རང་སྐྱོང་ས་ཁུལ་ལ་འོས་འཚམ་གྱིས་ཁ་གསབ་རོགས་དངུལ་དང་བྱ་དགའ་སྟེར་དགོས། མི་རིགས་རང་སྐྱོང་ས་ཁུལ་ནས་བསྡུ་ལེན་བྱེད་པའི་ནགས་གསོའི་ཐེབས་རྩ་དང་ནགས་ཚལ་སླར་གསོའི་གྲོན་དངུལ་ཚང་མ་མི་རིགས་རང་སྐྱོང་ས་ཁུལ་ལ་ཕྱིར་སྤྲད་དེ། ཆེད་དུ་མི་རིགས་རང་སྐྱོང་ས་ཁུལ་གྱི་ནགས་ཚལ་སླར་གསོ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པར་བཀོལ་དགོས།

དོན་ཚན་བཅོ་བརྒྱད་པ། ཞིང་ཆེན་དང་གྲོང་ཁྱེར།ཁུལ་གྱི་ཆུ་གློག་སྲིད་འཛིན་སྡེ་ཁག་གིས་མི་རིགས་རང་སྐྱོང་ས་ཁུལ་གྱི་ཆུ་བེད་ཆུ་གློག་ཆེ་འབྲིང་གི་ལུས་གྲྭའི་རྣམ་གྲངས་ཡར་ཞུ་དང་རྣམ་གྲངས་འཛུགས་པའི་བྱ་བ་ལེགས་པར་སྒྲུབ་པར་རོགས་རམ་བྱས་ཏེ།མི་རིགས་རང་སྐྱོང་ས་ཁུལ་གྱི་ཆུ་དང་གཙང་བོ་གཙོ་བོའི་ཆུ་གློག་ཐོན་ཁུངས་ཀྱི་གསར་སྤེལ་བྱེད་པའི་ཚད་ལ་ཤུགས་སྣོན་པ་དང་། མི་རིགས་རང་སྐྱོང་ས་ཁུལ་གྱི་ཞིང་སྡེར་གློག་དྲ་ལེགས་སྒྱུར་དང་གློག་སྣོན་དམའ་བ་ཁྱིམ་ཚང་ལ་ཐོན་པའི་ལས་གྲྭ་དང་། འདུས་ཚད་ཇེ་མང་གཏོང་བའི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་པར་རོགས་རམ་བྱ་དགོས། མི་རིགས་རང་སྐྱོང་ས་ཁུལ་ནས་བསྡུ་ལེན་བྱེད་པའི་ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་ཞིང་ཆེན་ལ་སྤྲོད་རྒྱུའི་སྐོར་དེ་ཚང་མ་མི་རིགས་རང་སྐྱོང་ས་ཁུལ་ལ་ཕྱིར་སྤྲད་དེ། ཆུའི་ཐོན་ཁུངས་ཀྱི་སྲུང་སྐྱོབ་དང་གསར་སྤེལ་ཐད་དུ་བཀོལ་དགོས།

དོན་ཚན་བཅུ་དགུ་བ། ཞིང་ཆེན་དང་གྲོང་ཁྱེར།ཁུལ་གྱི་མི་རིགས་སྲིད་གཞུང་དང་དེ་མིན་འབྲེལ་ཡོད་སྡེ་ཁག་གིས་མི་དམངས་རང་སྐྱོང་ས་ཁུལ་གྱི་ལུགས་མཐུན་ངང་རང་བྱུང་ཐོན་ཁུངས་བེད་སྤྱོད་དང་། ཡུལ་སྐོར་ཐོན་ལས་གོང་འཕེལ།སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པར་རོགས་རམ་བྱ་དགོས།མི་རིགས་རང་སྐྱོང་ས་ཁུལ་གྱི་སྐྱེ་ཁམས་ནུས་པ་སྲུང་སྐྱོབ་ས་ཁུལ་དང་། རང་བྱུང་སྲུང་སྐྱོབ་ས་ཁུལ།གནད་ཆེའི་ཆུའི་ཐོན་ཁུངས་སྲུང་སྐྱོབ་ས་ཁུལ་སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འཛུགས་སྐྲུན་རྣམ་གྲངས་དེ་དག་དམིགས་བསལ་སྒོས་ཞིང་ཆེན་ཡོངས་ཀྱི་གནད་ཆེའི་འཛུགས་སྐྲུན་རྣམ་གྲངས་སུ་འཇུག་དགོས། མི་རིགས་རང་སྐྱོང་ས་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་ཐབས་ལག་བསྟར་བྱེད་པའི་རྐྱེན་ལས་ནོར་སྲིད་ཡོང་སྒོ་ཇེ་ཉུང་དུ་སོང་བ་དང་། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་གནོད་སྐྱེན་ཅུང་ཚབས་ཆེན་ཐོབས་ན། གོང་རིམ་རྒྱལ་ཁབ་སྡེ་ཁག་གིས་འོས་འཚམ་གྱིས་ཁ་གསབ་རོགས་དངུལ་སྤྲོད་རྒྱུ། མི་རིགས་རང་སྐྱོང་ས་ཁུལ་ནས་རང་བྱུང་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་དུས་སུ། རྩྭ་ཐང་དང་ནགས་ཚལ། ཆུའི་ཐོན་ཁུངས་སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་དགོས། ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ཐོན་ཁུངས་གསར་སྤེལ་གྱི་ཁ་གསབ་སྒྲིག་ལུགས་དང་མཐུན་སྡེབ་ཡོང་བའི་སྲིད་ཇུས་དང་བྱེད་ཐབས་གཏན་ཁེལ་བྱེད་འོས་ཤིང་། ཐོན་ལས་མཐུན་སྡེབ་དང་། སྤྱི་ཚོགས་ཀྱི་ཞབས་ཞུའི་ལས་རིགས།ངལ་རྩོལ་ལས་བཀོལ་སོགས་ཀྱི་ཕྱོགས་ནས་མི་རིགས་རང་སྐྱོང་ས་ཁུལ་ལ་འོས་འཚམ་གྱིས་དམིགས་བསལ་གནང་དགོས།

དོན་ཚན་ཉི་ཤུ་བ། ཐིང་ཆེན་དང་གྲོང་ཁྱེར།ཁུལ་གྱི་མི་རིགས་སྲིད་གཞུང་དང་དེ་མིན་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཁབ་དང་ཞིང་ཆེན་གྱིས་དབུལ་ཕོངས་རྫོང་ཁོངས་སུ་བཅུག་པའི་མི་རིགས་རང་སྐྱོང་ཁུལ་ལ་གཏོགས་པའི་རྫོང་དང་མི་རིགས་རང་སྐྱོང་རྫོང་ལ་གནས་ཆེའི་རོགས་སྐྱོར་བྱ་དགོས། དམིགས་བསལ་སྒོས་མི་རིགས་རང་སྐྱོང་ས་ཁུལ་གྱི་དབུལ་ཕོངས་ཁྱད་པར་ཅན་གྱི་སྡེ་བ་ཧྲིལ་བོ་རོགས་སྐྱོར་གསར་སྤེལ་གྱི་འཆར་གཞིར་སྐུལ་འདེད་བྱས་ཏེ། རོགས་སྐྱོར་རྣམ་གྲངས་དང་མ་དངུལ་དངོས་འབེབས་བྱ་དགོས།

དོན་ཚན་ཉེར་གཅིག་པ། ཞིང་ཆེན་འགྲིམ་འགྲུལ་སྲིད་འཛིན་སྡེ་ཁག་གིས་མི་རིགས་རང་སྐྱོང་ས་ཁུལ་གྱི་འགྲིམ་འགྲུལ་ལས་དོན་གོང་འཕེལ་གཏོང་བར་རོགས་རམ་བྱ་དགོས།སྔར་ལས་ལྷག་པར་མི་རིགས་རང་སྐྱོང་ས་ཁུལ་གྱི་གཞུང་ལམ་གྱི་འཛུགས་སྐྲུན་དང་ལེགས་སྒྱུར་ཤུགས་ཚད་ལ་ཤུགས་བསྣན་ཏེ། རང་སྐྱོང་ཁུལ་ལ་མཐོ་མྱུར་གཞུང་ལམ་དང་རིམ་མཐོའི་གཞུང་ལམ་ཡོད་པ། ཤང་ལ་སྣུམ་ལམ་ཡོད་པ་དང་སྡེ་བར་གཞུང་ལམ་ཡོད་པ་སྔོན་འགྱུར་བྱ་དགོས།

དོན་ཚན་ཉེར་གཉིས་པ། རྫོང་རིམ་པ་ཡན་གྱི་ལས་བྱེད་མི་དོན་སྲིད་འཛིན་སྡེ་ཁག་གིས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་སྐྱེད་སྲིང་དང་འདེམས་སྒྲིགབེད་སྤྱོད་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྦྱོང་བྱེད་པའི་འཆར་འགོད་གཏན་ཁེལ་དང་ལག་བསྟར་བྱ་རྒྱུ། འཆར་གཞི་ཡོད་པའི་སྒོ་ནས་མི་རིགས་རང་སྐྱོང་ས་ཁུལ་གྱི་ལས་བྱེད་པ་དཔལ་འབྱོར་འཕེལ་རྒྱས་ས་ཁུལ་དུ་གོ་གནས་བརྗེ་རེས་བྱེད་པར་འདེམས་སྒྲིག་བྱེད་ཅིང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གོང་རིམ་རྒྱལ་ཁབ་ཀྱི་སྡེ་ཁག་གམ་ཡང་ན་འཕེལ་རྒྱས་ས་ཁུལ་དུ་གོ་འགེལ་སྦྱོང་བརྡར་བྱེད་པར་འདེམས་མངགས་བྱ་དགོས། ཞིང་ཆེན་རིམ་པའི་སྡེ་ཁག་གི་ལས་བྱེད་པའི་དཔུང་སྡེའི་ཁྲོད་དུ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཇེ་མང་དུ་གཏོང་རྒྱུ་དང་། ཐིང་དང་ཅུས་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ཁྲོད་དུ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་བཀོད་སྒྲུག་བྱེད་པར་མཐོང་ཆེན་བྱས་ཏེ། དེས་ཟིན་པའི་བསྡུར་ཚད་ཅུང་ལུགས་མཐུན་ཡོང་བ་བྱ་དགོས།ཡོངས་ཁྱབ་འདེམས་སྒྲིག་དང་། གོ་གནས་འགྲན་རྩོད་བྱེད་དུས་དེའི་ཁ་གྲངས་དང་གོ་གནས་འོས་འཚམ་སྒོས་འདེམས་སྒྲིག་གཏན་ཁེལ་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་བསྡུ་ལེན་བྱེད་ཆོགརང་སྐྱོང་རྫོང་ན་ཡོད་པའི་གྲོང་ཁྱེར་དང་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་ཀྱི་སྡེ་ཁག་ཏུ་ཁྲིམས་ལྟར་གྲངས་ཉུང་མི་རིགས་ཀྱི་འགོ་ཁྲིད་ལས་བྱེད་པ་བཀོད་སྒྲིག་བྱ་དགོས། གྲངས་ཉུང་མི་རིགས་ཀྱི་བུད་མེད་ལས་བྱེད་པ་སྐྱེད་སྲིང་དང་འདེམས་སྒྲུག་བྱེད་པར་མཐོང་ཆེན་བྱ་དགོས།ཏུང་ཞང་རིགས་དང་། པའོ་ཨན་རིགས།ཡུས་ཀུའི་རིགས་སོགས་ཁྱད་ཡོད་མི་རིགས་དང་མི་རིགས་ཅུང་ཉུང་བའི་མི་རིགས་ཀྱི་ ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་བྱེད་པའི་བྱ་བ་ལེགས་པར་བསྒྲུབ་དགོས།

དོན་ཚན་ཉེར་གསུམ་པ། ཞིང་ཆེན་མི་དོན་སྲིད་འཛིན་སྡེ་ཁག་གིས་མི་རིགས་རང་སྐྱོང་ས་ཁུལ་གྱི་ཤེས་ལྡན་མི་སྣ་གསར་སྤེལ་གྱི་འཆར་འགོད་གཏན་ཁེལ་བྱེད་པར་རོགས་རམ་བྱ་དགོས་པ་དང་། གྲངས་ཉུང་མི་རིགས་ཀྱི་བེད་སྤྱོད་མི་སྣ་གསོ་སྦྱོང་བྱེད་པའི་ཆེད་སྤྱོད་མ་དངུལ་འཛུགས་རྒྱུ་དང་།མི་རིགས་རང་སྐྱོང་ས་ཁུལ་ལ་ཤེས་ལྡན་མི་སྣའི་ཚོང་ར་འཛུགས་པ། ཚོང་རའི་དྲ་བའི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་རྒྱལ་ཁབ་ཕྱི་ནང་གི་ཤེས་ལྡན་མི་སྣའི་ཆ་འཕྲིན་དང་འབྲེལ་མཐུད་ཐུབ་རྒྱུ་དང་། ཚོང་རའི་ཞབས་ཞུ་དང་ལྟ་རྟོགས་ནུས་པ་ཇེ་དྲག་ཏུ་བཏང་ནས་ཤེས་ལྡན་མི་སྣ་ལུགས་མཐུན་སྒོས་འཁོར་རྒྱུགས་བྱེད་པར་རོགས་རམ་བྱ་དགོས། ཆེད་ལས་སྣ་ཚོགས་ཀྱི་ཤེས་ལྡན་མི་སྣ་མི་རིགས་རང་སྐྱོང་ས་ཁུལ་དུ་བྱ་བ་སྒྲུབ་པར་ཡོང་རྒྱུར་སྐུལ་འདེད་དང་སྒུགས་འདྲེན་བྱེད་པའི་བྱེད་ཐབས་གཏན་ཁེལ་བྱ་རྒྱུ་དང་། སྤྱི་ཚོགས་ཀྱི་མ་རྩ་དང་ཕྱི་རྒྱལ་གྱི་མ་རྩར་སྐུལ་སློང་བྱ་རྒྱུ་དང་དེ་མིན་རྣམ་པ་སྣ་མང་སྤྱད་དེ་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་མི་རིགས་སློབ་གསོ་གོང་འཕེལ།ལས་རིགས་སློབ་གསོ་དང་ལག་རྩལ་གསོ་སྦྱོང་བཅས་ལ་མ་དངུལ་གཏོང་བར་བྱེད་ཐབས་ནུས་ལྡན་སྤྱད་དེ་ས་གནས་དེ་གར་བེད་སྤྱོད་འོས་པའི་ཤེས་ལྡན་མི་སྣ་སྐྱེད་སྲིད་བྱ་དགོས། ཞིང་ཆེན་དང་མི་རིགས་རང་སྐྱོང་ས་ཁུལ་བར་གྱི་ཤེས་ལྡན་མི་སྣ་ཁ་གཏད་རྒྱབ་སྐྱོར་དང་རོགས་སྐྱོར་བྱ་བའི་ལམ་ལུགས་རྒྱུན་འཁྱོངས་བྱ་དགོས། མི་རིགས་རང་སྐྱོང་ས་ཁུལ་གྱི་ཤེས་ལྡན་མི་སྣའི་མཛོད་འཛུགས་དགོས།ཆེད་ལས་ལག་རྩལ་མི་སྣའི་རྒྱུད་མཐུད་སློབ་གསོ་ཇེ་དྲག་ཏུ་གཏོང་དགོས། སྲིད་གཞུང་གི་བྱ་དགས་ཕྱོགས་སྟོན་བྱེད་པ་དང་། མི་སྣ་བཀོལ་སྤྱོད་ཁག་དང་སྤྱི་ཚོགས་སྟོབས་ཤུགས་ཀྱི་བྱ་དགས་གྲུབ་ཆ་གཙོ་བོ་བྱས་པའི་མི་སྣར་བྱ་དགའ་སྟེར་བའི་མ་ལག་འཛུགས་དགོས་ཤིང་། མི་རིགས་རང་སྐྱོང་ས་ཁུལ་དུ་བྱ་བ་སྒྲུབ་པའི་གོ་གནས་མཐོ་རིམ་གཞོན་པ་ཡན་གྱི་མི་སྣས་རྫོང་རིམ་པ་ཡན་གྱི་རྣམ་གྲངས་སུ་བཀོད་པའི་ཚན་རིག་ཞིབ་འཇུག་གི་བྱ་གཞི་དང་ལས་འགན་འཁུར་མཁན་ལ། རྣམ་གྲངས་གཙོ་བདག་སྡེ་ཁག་གིས་ཁ་གསབ་རོགས་དངུལ་སྟེར་དགོས།ས་གནས་གང་དེར་བྱས་རྗེས་འབུར་ཐོན་བཞག་པའི་ཤེས་ལྡན་མི་སྣར་བྱ་དགའ་སྟེར་བ་དང་ཁ་གསབ་རོགས་དངུལ་སྟེར་བའི་བྱེད་ཐབས་གཏན་ཁེལ་བྱ་དགོས། མི་རིགས་རང་སྐྱོང་ས་ཁུལ་དུ་ཆེད་ལས་ལག་རྩལ་མི་སྣའི་གོ་མིང་དཔྱད་བསྡུར་ཁྲོད།འོས་འཚམ་གྱིས་གོ་མིང་ཕྱི་རྒྱལ་གྱི་སྐད་ཡིག་རྒྱུགས་ལེན་པའི་ཆ་རྐྱེན་ལྷོད་ཡངས་སུ་གཏོང་ཆོགམཐོ་རིམ་པ་གཞོན་པ་དང་འབྲིང་རིམ་པའི་ཆེད་ལས་ལག་རྩལ་གོ་གནས་ཀྱི་གྲུབ་ཚུལ་བསྡུར་ཚད་དེ་མི་རིགས་རང་སྐྱོང་ས་ཁུལ་རང་གིས་ཞིབ་བཤེར་གཏན་ཁེལ་བྱེད་ཆོག འབྲིང་རིམ་ཆེད་ལས་མཐར་ཕྱིན་པས་མི་རིགས་རང་སྐྱོང་ས་ཁུལ་དུ་ཆེད་ལས་གང་དེ་བསྟུད་མར་ལོ་ཉེར་ལྔའི་ཡན་ལ་བྱ་བ་སྒྲུབ་པའི་མི་སྣས་མཐོ་རིམ་པ་གཞོན་པའི་གོ་མིང་རེ་ཞུ་བྱེད་ཆོག

དོན་ཚན་ཉེར་བཞི་བ། ཞིང་ཆེན་ཐད་གཏོགས་སྡེ་ཁག་དང་མི་རིགས་རང་སྐྱོང་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བྱ་བྱེད་མི་སྣ་བསྡུ་ལེན་དང་བཀོལ་སྤྱོད་བྱེད་ན། གྲངས་ཉུང་མི་རིགས་ལ་ཁ་གྲངས་དང་ཆ་རྐྱེན་གྱི་ཐད་ནས་དམིགས་བསལ་བལྟ་རྒྱུ་དང་། དེས་ཟིན་པའི་བསྡུར་ཚད་མི་རིགས་བྱ་བའི་བླང་བྱ་དང་ཕན་ཚུན་འོས་མཐུན་ཡིན་དགོས། མི་རིགས་རང་སྐྱོང་ས་ཁུལ་གྱི་ཁེ་ལས་དང་ལས་དོན་སྡེ་ཁག་གིས་མི་སྣ་བསྡུ་ལེན་བྱེད་དུས།བསྡུར་ཚད་ངེས་ཅན་ཟིན་པའི་ས་གནས་དེ་གའི་གྲངས་ཉུང་མི་རིགས་ཀྱི་མི་སྣ་བསྡུ་ལེན་བྱ་དགོས། ཞིང་ཆེན་དང་གྲོང་ཁྱེར་མི་དོན་སྲིད་འཛིན་སྡེ་ཁག་གིས་སྒྲིག་གཞི་དང་ལས་ཁུངས་སྒྲིག་འཛུགས།འགོ་ཁྲིད་ཀྱི་གོ་གནས་ཁ་གྲངས་གཏན་ཁེལ་བྱེད་དུས། མི་རིགས་རང་སྐྱོང་ས་ཁུལ་གྱི་ཁྱད་ཆོས་ལ་བསམ་གཞིགས་ལེགས་པར་བཏང་ནས་འོས་འཚམ་སྒོས་དམིགས་བསལ་གནང་ཆོག

དོན་ཚན་ཉེར་ལྔ་བ། ཞིང་ཆེན་དང་གྲོང་ཁྱེར།ཁུལ་མི་དམངས་སྲིད་གཞུང་གིས་བྱེད་ཐབས་སྤྱད་ནས་མི་རིགས་རང་སྐྱོང་ས་ཁུལ་གྱི་སློབ་གསོའི་ལས་དོན་ལ་གཏོང་དངུལ་ཇེ་མང་དུ་བཏང་ནས།མི་རིགས་རང་སྐྱོང་ས་ཁུལ་གྱི་སློབ་གསོའི་ཐད་ཀྱི་ནོར་སྲིད་གཏོང་དངུལ་གྱི་འཕར་ཚད་དེ་ནོར་སྲིད་ཀྱི་རྒྱུན་ལྡན་རང་བཞིན་གྱི་ཡོང་སྒོའི་སྲིད་གཏོང་དངུལ་གྱི་འཕར་ཚད་ལས་མཐོ་རུ་འཇུག་དགོས་པའི་མི་ཚད། ཆ་སྙོམས་ཀྱི་སློབ་གསོའི་གཏོང་དངུལ་དེ་ལོ་རེ་བཞིན་ཇེ་མང་དུ་གཏོང་དགོས། ཞིང་ཆེན་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་ཧུར་བརྩོན་དང་རང་འགུལ་གྱིས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་དག་ལ་མཐུན་སྦྱོར་བྱས་ཏེ།སློབ་གྲྭའི་ཉིན་ཆེའི་ཁང་བ་ལེགས་སྒྱུར་དང་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་བ་དང་ན་གཞོན་དར་མའི་ཡིག་རྨོངས་སེལ་བ་སོགས་ཀྱི་ཆེད་སྤྱོད་མ་དངུལ་གྱི་བཀོད་སྒྲིག་ཐད་ནས་མི་རིགས་རང་སྐྱོང་ས་ཁུལ་ལ་དམིགས་བསལ་བལྟ་དགོས།མི་རིགས་རང་སྐྱོང་ས་ཁུལ་གྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་འགྲོ་གྲོན་སྣ་ཚོགས་དང་དབུལ་ཕོངས་ཁྱིམ་ཚང་གི་སློབ་མའི་སློབ་དེབ་ཀྱི་རིན་པ་མེད་པར་བཟོ་དགོས་པའི་མི་ཟད། ད་རུང་ཞག་འདུག་ལམ་ལུགས་ཀྱི་སློབ་གྲྭའི་འབུལ་ཕོངས་ཁྱིམ་ཚང་གི་སློབ་མར་འཚོ་བའི་ཁ་གསབ་སྟེར་རྒྱུ།

དོན་ཚན་ཉེར་དྲུག་པ། ཞིང་ཆེན་དང་གྲོང་ཁྱེར་གྱི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་མི་རིགས་རང་སྐྱོང་ས་ཁུལ་དུ་རིམ་པ་དང་ལས་རིགས་སྣ་ཚོགས་ཀྱི་སློབ་གྲྭ་ལེགས་པར་བསྒྲུབ་རྒྱུར་རོགས་རམ་བྱ་དགོས་ཤིང་། སྤྱིར་བཏང་གི་མཐོ་འབྲིང་སློབ་གསོ་དང་།ལས་རིགས་སློབ་གསོ།དར་མའི་སློབ་གསོ་དང་དེང་རབས་རྒྱང་རིང་སློབ་གསོ་གོང་འཕེལ་དུ་གཏོང་རྒྱུ། མི་རིགས་རང་སྐྱོང་ས་ཁུལ་གྱིས་འབྲོག་ཁུལ་དང་སྡོད་གནས་ཐ་ཐོར་ཡིན་པའི་རི་ཁུལ་དུ་ཞག་འདུག་ལམ་ལུགས་ཀྱི་སློབ་གྲྭ་བསྒྲུབ་པར་རོགས་རམ་བྱས་ཏེ།སློབ་གྲྭ་སྒྲུབ་པའི་ཆ་རྐྱེན་ལེགས་བཅོས་བྱ་དགོས།

དོན་ཚན་ཉེར་བདུན་པ། ཞིང་ཆེན་རིམ་པའི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་བྱེད་ཐབས་གཏན་འབེབས་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་དང་། མི་རིགས་རང་སྐྱོང་ས་ཁུལ་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱ་བ་རྒྱུན་མཐུད་དང་ཕན་འབྲས་ལྡན་པར་གོང་དུ་སྤེལ་དགོས། ཞིང་ཆེན་ནང་ཁུལ་གྱི་སྤྱིར་བཏང་གི་མཐོང་འབྲིང་དང་མཐོ་རིམ་སློབ་གླིང་གིས་སློབ་མ་བསྡུ་ཚེ།གྲངས་ཉུང་མི་རིགས་ཀྱི་སློབ་མར་འོས་འཚམ་སྒོས་བསྡུ་ལེན་ཚད་གཞི་དང་ཆ་རྐྱེན་ཇེ་ཡངས་སུ་གཏོང་རྒྱུ་མ་ཟད། ད་དུང་ཏུང་ཞང་རིགས་དང་།པའོ་ཨན་རིགས།ཡུས་ཀུའུ་རིགས་སོགས་ཁྱད་ཡོད་མི་རིགས་དང་མི་རིགས་ཅུང་ཉུང་བའི་མི་རིགས་ཀྱི་སློབ་མར་དམིགས་བསལ་གྱི་ལྟ་ཚུལ་འཛིན་དགོས། རིམ་པ་དང་ལས་རིགས་སྣ་ཚོགས་ཀྱི་མི་རིགས་འཛིན་གྲྭ་དང་མི་རིགས་སློབ་ཞུགས་གྲ་སྒྲིག་འཛིན་གྲྭ་ལེགས་པར་བསྒྲུབ་རྒྱུ། སྐར་གྲངས་ཇེ་དམའ་རུ་གཏོང་བ་དང་གཅིག་པུར་ཚད་ཐིག་ལེན་པ།གཅིག་པུ་བསྡུ་ལེན་བྱེད་ཐབས་སྤྱད་དེ། སློབ་མ་བསྡུ་བའི་གཞི་ཁྱོན་ཇེ་ཆེར་བཏང་ནས། རིམ་གྱིས་གྲངས་ཉུང་མི་རིགས་ཀྱི་སློབ་མ་སློབ་རིམ་འཕར་བའི་རེ་འདུན་སྐོང་དགོས། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གླིང་དང་།འབྲིང་རིམ་ཆེད་ལས་སློབ་གྲྭས་སློབ་མ་བསྡུ་དུས་སུ། ས་གནས་དེ་གར་དགོས་མཁོ་ལྡན་ཞིང་ལས་ཞུགས་བཀོད་སྒྲིག་བྱེད་ཐུབ་པའི་མི་རིགས་རང་སྐྱོང་ས་ཁུལ་དུ། གང་ནས་ཡོང་ན་དེ་གར་འགྲོ་བའི་ཁ་ཕྱོགས་གཏན་ཁེལ་གྱི་སློབ་མ་བསྡུ་བ་དང་ལས་ཀ་བཀོད་སྒྲིག་གི་བྱེད་ཐབས་སྤྱོད་ཆོག

དོན་ཚན་ཉེར་བརྒྱད་པ། ཞིང་ཆེན་དང་ཁུལ་གྱི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་མི་རིགས་དགེ་འོས་སློབ་གསོ་ལེགས་པར་བསྒྲུབས་ཏེ། དགེ་རྒན་གྱི་དཔུང་སྡེའི་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་དང་། སློབ་གྲྭ་འབྲིང་ཆུང་གི་མི་རིགས་སྐད་ཡིག་གི་དགེ་རྒན་གསོ་སྦྱོང་བྱེད་པར་ཤུགས་བསྣན་ཏེ། རྒྱའི་སྐད་ཡིག་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས། དམིགས་བསལ་གཟིགས་སྐྱོང་གི་སྲིད་ཇུས་གཏན་ཁེལ་བྱས་ཏེ།སློབ་གྲྭ་ཆེ་ཁག་གི་མཐར་ཕྱིན་སློབ་མ་མི་རིགས་རང་སྐྱོང་ས་ཁུལ་ནས་སློབ་གསོའི་བྱ་བ་གཉེར་བར་སྐུལ་འདེད་བྱ་དགོས། མི་རིགས་རང་སྐྱོང་ས་ཁུལ་གྱི་སློབ་གསོར་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་འཛུགས་འོས་ཤིང་། དུས་བཅད་ལྟར་ཞིང་ཆེན་ནང་ཁུལ་གྱི་དགེ་རྒན་ཕུལ་བྱུང་ཅན་དང་མཐར་ཕྱིན་སློབ་མ་ཕུལ་བྱུང་ཅན་མི་རིགས་རང་སྐྱོང་ས་ཁུལ་ལ་རྒྱབ་སྐྱོར་དུ་ཡོང་རྒྱུར་བཀོད་སྒྲིག་བྱ་རྒྱུ་དང་། མི་རིགས་རང་སྐྱོང་ས་ཁུལ་གྱི་དགེ་རྒན་དང་སློབ་གསོའི་སྲིད་འཛིན་དོ་དམ་མི་སྣ་འཕེལ་རྒྱས་བྱུང་བའི་ས་ཁུལ་གྱི་སློབ་གསོའི་སྡེ་ཁག་དང་འབྲེལ་ཡོད་སློབ་གླིང་ཁག་ཏུ་གསོ་སྦྱོང་དུ་འདེམས་མངགས་བྱ་དགོས།

དོན་ཚན་ཉེར་དགུ་བ། ཞིང་ཆེན་དང་གྲོང་ཁྱེར་གྱི་ཚན་རྩལ་སྲིད་འཛིན་སྡེ་ཁག་གིས་མི་རིགས་རང་སྐྱོང་ས་ཁུལ་གྱི་ཚན་རྩལ་ལས་དོན་གོང་འཕེལ་འབྱུང་བར་རོགས་རམ་བྱ་དགོས།རིགས་སྣ་ཚོགས་ཀྱི་ཚན་རྩལ་རྣམ་གྲངས་བཀོད་སྒྲིག་བྱེད་དུས་སུ། མི་རིགས་རང་སྐྱོང་ས་ཁུལ་ལ་དམིགས་བསལ་གནང་དགོས།ཚན་རྩལ་གསར་སྤེལ་གྱི་རྣམ་གྲངས་ལ་མ་དངུལ་གཏོང་བ་ཇེ་མང་དུ་གཏོང་རྒྱུ་དང་། ཚན་རྩལ་ཞབས་ཞུའི་མ་ལག་དཔེ་གསར་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།ཚན་རིག་ཞིབ་འཇུག་གླིང་དང་མཐོ་རིམ་སློབ་གྲྭས་མི་རིགས་རང་སྐྱོང་ས་ཁུལ་དང་མཉམ་དུ་ཚན་རྩལ་མཉམ་འབྲེལ་གྱི་བྱ་བ་སྤེལ་རྒྱུ་དང་། ཚན་རྩལ་མི་སྣ་མི་རིགས་རང་སྐྱོང་ས་ཁུལ་ནས་ལག་རྩལ་ཞབས་ཞུའི་ལས་ཀ་གཉེར་བར་འདེམས་མངགས་བྱས་ཏེ། ཧུར་བརྩོན་གྱིས་ཚན་རིག་ལག་རྩལ་གྱི་ཤེས་བྱ་ཁྱབ་གདལ་དུ་བཏང་ནས། ཚན་རྩལ་གྱི་གྲུབ་འབྲས་དེ་མི་རིགས་རང་སྐྱོང་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཆེད་དུ་ལག་རྩལ་གྱི་རྒྱབ་རྟེན་འདོན་སྤྲོད་བྱ་དགོས།

དོན་ཚན་སུམ་ཅུ་བ། ཞིང་ཆེན་དང་གྲོང་ཁྱེར། ཁུལ་གྱི་རིག་གནས་སྲིད་འཛིན་སྡེ་ཁག་གིས་མི་རིགས་རང་སྐྱོང་ས་ཁུལ་གྱི་རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས་ཤིང་། གྲངས་ཉུང་མི་རིགས་ཀྱི་དངོས་པོའི་རིག་གནས་དང་མངོན་མིན་རིག་གནས་ཀྱི་ཤུལ་བཞག་སྲུང་སྐྱོབ་དང་མྱུར་སྐྱོབ་བྱ་རྒྱུ་དང་། གྲངས་ཉུང་མི་རིགས་ཀྱི་དམངས་ཁྲོད་རིག་གནས་གསར་སྤེལ་དང་བེད་སྤྱོད་བྱེད་ཅིང་། མི་རིགས་ཀྱི་གནའ་རྩོམ་འཚོལ་སྡུད་དང་ལེགས་སྒྲིག པར་སྐྲུན་བཅས་བྱེད་དགོས།དུས་བཅད་ལྟར་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་རིག་གནས་བཤམས་སྟོན་དང་རིག་རྩལ་འཁྲབ་སྟོན་གྱི་བྱ་བ་སྤེལ་དགོས།

དོན་ཚན་སོ་གཅིག་པ། ཞིང་ཆེན་དང་གྲོང་ཁྱེར།ཁུལ་གྱི་ལུས་རྩལ་སྲིད་འཛིན་སྡེ་ཁག་གིས་མི་རིགས་རང་སྐྱོང་ས་ཁུལ་གྱི་ལུས་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆ་རྐྱེན་ལེགས་བཅོས་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་སྔོག་འདིན་དང་ལེགས་སྒྲིག་བྱ་དགོས། དུས་བཅད་ལྟར་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་བྱ་འགུལ་ཚོགས་ཆེན་སྤེལ་རྒྱུ།

དོན་ཚན་སོ་གཉིས་པ། ཞིང་ཆེན་དང་གྲོང་ཁྱེར།ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གིས་གྲངས་ཉུང་མི་རིགས་ཀྱི་གསར་འགྱུར་དང་རྒྱང་བསྒྲགས་བརྙན་འཕྲིན། པར་སྐྲུན་བསྒྲགས་དང་གློག་བརྙན། བརྙན་འཕྲིན་ལེ་ཚན་གྱི་སྒྲིག་སྒྱུར་དང་ཕབ་སྐྲུན། བརྙན་སྟོན་བྱ་བ་ལེགས་པར་བསྒྲུབ་རྒྱུ་དང་། མི་རིགས་རང་སྐྱོང་ས་ཁུལ་གྱི་རྒྱང་བསྒྲགས་དང་བརྙན་འཕྲིན་གྱི་ཁེབས་ཚད་དང་ཁྱིམ་ཚང་ལ་ཐོན་ཚད་ཇེ་མཐོར་གཏོང་དགོས།གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་པར་སྐྲུན་ཡིག་རིགས་ཀྱི་ཡིག་སྒྱུར་དང་པར་སྐྲུན་ལ་རོགས་སྐྱོར་བྱ་དགོས། མི་རིགས་རང་སྐྱོང་ས་ཁུལ་དི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་དང་གོང་འཕེལ་གཏོང་བ་དེ་མིན་ཆ་འཕྲིན་ཅན་དུ་སྒྲུབ་པར་རོགས་རམ་བྱ་དགོས།

དོན་ཚན་སོ་གསུམ་པ། མི་རིགས་རང་སྐྱོང་ས་ཁུལ་གྱི་རིམ་པ་གོང་མའི་མི་དམངས་སྲིད་གཞུང་གིས་མི་རིགས་རང་སྐྱོང་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་ལ་རོགས་རམ་བྱ་དགོས། བྱེད་ཐབས་སྤྱད་ནས་མ་དངུལ་གྲབས་འཚོལ་བྱ་དགོས་ཤིང་།མི་རིགས་རང་སྐྱོང་ས་ཁུལ་གྱི་སྤྱི་བའི་འཕྲོད་བསྟེན་མ་གལ་གི་འཛུགས་སྐྲུན་དང་། ས་གནས་ཀྱི་ནད་ཡམས་སྔོན་འགོག་གི་གཏོང་དངུལ་དང་ལག་རྩལ་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་།འགོས་ནད་དང་ས་གནས་ཀྱི་ནད་ཡམས་དང་དེ་མིན་ས་གནས་གང་དེའི་མང་ཚོགས་ལ་གནོད་པ་ཚབས་ཆེན་གཏོང་བའི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱ་དགོས། དཔེ་གསར་ཅན་གྱི་ཞིང་སྡེ་མཉམ་འབྲེལ་གྱི་སྨན་བཅོས་ལམ་ལུགས་དང་སྨན་བཅོས་རོགས་སྐྱོར་ལམ་ལུགས་མྱུར་དུ་འཛུགས་དགོས། རྫོང་དང་ཞང་། སྡེ་བའི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་དང་དེ་མིན་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་ཆ་རྐྱེན་ལེགས་བཅོས་སུ་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་གྱི་ལག་རྩལ་མི་སྣ་སྐྱེད་སྲིང་བྱ་རྒྱུ་དང་། དུས་བཅད་ལྟར་ཞིང་ཆེན་ནང་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་མི་སྣ་ཕུལ་བྱུང་ཅན་བཀོད་སྒྲིག་བྱས་ཏེ་མི་རིགས་རང་སྐྱོང་ས་ཁུལ་གྱི་འཕྲོད་བསྟེན་བྱ་བར་རྒྱབ་སྐྱོར་བྱ་དགོས་པ་དང་། མི་རིགས་རང་སྐྱོང་ས་ཁུལ་གྱི་འཕྲོད་བསྟེན་བྱ་བྱེད་པ་འཕེལ་རྒྱས་བྱུང་བའི་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་དང་གསོ་རིག་སློབ་གླིང་ཁག་ཏུ་གསོ་སྦྱོང་ལ་འདེམས་མངགས་བྱ་དགོས། གྲངས་ཉུང་མི་རིགས་ཀྱི་གསོ་བ་རིག་པ་སྲུང་སྐྱོབ་དང་དེར་རོགས་སྐྱོར་བྱ་དགོས།

དོན་ཚན་སོ་བཞི་བ། མི་རིགས་རང་སྐྱོང་ས་ཁུལ་དུ་གཟབ་ནན་སྒོས་མི་གྲངས་དང་འཆར་ལྡན་བུ་སྐྱེའི་སྲིད་ཇུས་ལག་བསྟར་བྱ་དགོས།ཞིང་ཆེན་དང་གྲོང་ཁྱེར།ཁུལ་གྱི་མི་གྲངས་དང་འཆར་ལྡན་བུ་སྐྱེ་སྲིད་འཛིན་སྡེ་ཁག་གིས་མི་རིགས་རང་སྐྱོང་ས་ཁུལ་དུ་འཆར་ལྡན་བུ་སྐྱེའི་ཞབས་ཞུའི་དྲ་བ་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་རོགས་རམ་བྱས་ཏེ། མ་དངུལ་དང་ལག་རྩལ།མི་སྣ་སོགས་ཀྱི་ཐད་ནས་རོགས་སྐྱོར་བྱ་དགོས།

དོན་ཚན་སོ་ལྔ་བ། ཞིང་ཆེན་དང་གྲོང་ཁྱེར། ཁུལ་གྱི་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་གིས་མི་རིགས་རང་སྐྱོང་ས་ཁུལ་དུ་རིམ་གྱིས་གཞི་རྩའི་རྒན་གསོ་དང་ལས་ཤོར། གཞི་རྩའི་སྨན་བཅོས།ལས་རྨས།བུ་སྐྱེའི་ཉེན་སྲུང་ལམ་ལུགས་འཐུས་ཚང་དང་ཆ་ཚང་དུ་གཏོང་དགོས། དོན་ཚན་སོ་དྲུག་པ། ཞིང་ཆེན་དང་གྲོང་ཁྱེར།ཁུལ་གྱི་མི་དམངས་སྲིད་གཞུང་དང་དེ་མིན་འབྲེལ་ཡོད་སྲིད་འཛིན་སྡེ་ཁག་གིས་མི་རིགས་རང་སྐྱོང་ས་ཁུལ་དུ་རྒུད་སྐྱོབ་མྱུར་སྒྲུབ་སྒྲིག་ལུགས་དང་སྤྱི་ཚོགས་ཀྱི་རོགས་སྐྱོར་ལམ་ལུགས་འཛུགས་པར་རོགས་རམ་བྱས་ཏེ། གནོད་འགོག་དང་བྲེལ་མྱུར་རོགས་སྐྱོར་སོགས་ལ་གནད་ཆེའི་རོགས་སྐྱོར་བྱ་དགོས། མི་རིགས་རང་སྐྱོང་ས་ཁུལ་གྱི་འགན་ལེན་ལྔའི་ཁྱིམ་ཚང་དང་། དབང་བོ་སྐྱོན་ཅན་སོགས་ལ་སྤྱི་ཚོགས་ཀྱི་རོགས་སྐྱོར་དང་འགན་ལེན་བྱ་དགོས། དོན་ཚན་སོ་བདུན་པ། གཏན་འབེབས་འདི་ལག་བསྟར་བྱེད་པ་ཁྱབ་བསྒྲགས་བྱས་རྗེས།ཞིང་ཆེན་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་ལས་བགོས་ལྟར་ཞིབ་ཕྲའི་བྱེད་ཐབས་གཏན་ལ་འབེབས་དགོས་པ་མ་ཟད་དེ་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཡར་ཞུ་འབུལ་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།