མི་བཀོལ་ལས་ཁུངས་ཀྱིས་གང་འདོད་དུ་ངལ་རྩོལ་བའི་གན་རྒྱ་གྲོལ་ཆོག་གམ།

གྱོད་དཔེ།

སྙིང་བྱམས་ཀྱིས་རྒྱལ་གཉེར་ཁེ་ལས་ཀུང་སི་ག་གེ་མོ་ཞིག་གི་ཐོན་སྐྱེད་བཟོ་བའི་མགོ་གཙོའི་འགན་འཁུར་ཡོད་ལ་ངལ་རྩོལ་གན་རྒྱ་ལོ་3ལ་བཞག་ཡོད། བྱ་བ་ལས་ནས་ལོ་གཅིག་འགོར་རྗེས། ཀུང་སིར་སྲིད་གཞུང་གི་བརྡ་སྦྱོར་ཞིག་འབྱོར་ཏེ་བྱ་བའི་ལས་སྟངས་ཚད་ལྡན་དུ་བཏང་སྟེ་ལག་བསྟར་བྱ་དགོས་པའི་བརྡ་སྦྱོར་དེར་ཁ་གཡར་ནས་སྙིང་བྱམས་ལ་མྱུར་དུ་བྱ་བ་སྤྲད་དེ་ལྷག་མའི་གླ་ཕོགས་བླངས་རྗེས་ཀུང་སི་དང་ཁ་འབྲལ་དགོས་པའི་རེ་བ་བཏོན། སྙིང་བྱམས་ཀུང་སིས་ཐག་བཅད་དེར་ཡིད་འཐད་མ་བྱུང་བས་ངལ་རྩོལ་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་ལ་སྙན་ཞུ་ཕུལ་ཏེ་ཀུང་སིས་མུ་མཐུད་དུ་ངལ་རྩོལ་གན་རྒྱ་ལག་བསྟར་བྱ་དགོས་པའི་རེ་བ་བཏོན།

ཕྲན་དཔྱད།

རང་རྒྱལ་གྱི་《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ན། “ངལ་རྩོལ་གན་རྒྱ་འཇོག་སྐབས་གཞན་ངོས་ཀྱི་གནས་ཚུལ་འགྱུར་ལྡོག་ཚབས་ཆེན་ལ་བརྟེན་ནས་ངལ་རྩོལ་གན་རྒྱ་ལག་བསྟར་བྱ་མ་ཐུབ་ཚེ། མི་བཀོལ་ལས་ཁུངས་དང་ངལ་རྩོལ་བས་གྲོས་མོལ་བརྒྱུད་ངལ་རྩོལ་གན་རྒྱའི་ནང་དོན་ལ་འགྱུར་ལྡོག་མ་བྱུང་བར་གྲོས་འཆམ་བྱུང་ཚེ། མི་བཀོལ་ལས་ཁུངས་ཀྱིས་ཉིན་སུམ་ཅུའི་སྔོན་དུ་ཡིག་ངོས་བརྡ་སྦྱོར་བཏང་སྟེ་ངལ་རྩོལ་བ་རང་ཉིད་དམ་ངལ་རྩོལ་བར་ཟླ་གཅིག་གི་གླ་ཕོགས་ཚད་བརྒལ་གྱི་སྒོ་ནས་བྱིན་རྗེས། ད་གཟོད་ངལ་རྩོལ་གན་རྒྱ་དེ་གྲོལ་ཆོག”ཅེས་བཀོད་ཡོད།
        དེ་བས་ཀུང་སི་དེ་གར་མཚོན་ན། སྔོན་དུ་སྙིང་བྱམས་བཙལ་ཏེ་གྲོས་མོལ་བྱ་དགོས་ཤིང་། གལ་ཏེ་གྲོས་འཆམ་མ་བྱུང་ཚེ། ཉིན་སུམ་ཅུའི་སྔོན་དུ་ཡིག་ངོས་བརྡ་སྦྱོར་བཏང་སྟེ་སྙིང་བྱམས་ལ་ཟླ་གཅིག་གི་གླ་ཕོགས་ཚད་བརྒལ་གྱི་སྒོ་ནས་བྱིན་རྗེས། ད་གཟོད་ངལ་རྩོལ་གན་རྒྱ་གྲོལ་ཆོག ཀུང་སིས་སྙིང་བྱམས་ལ་མྱུར་དུ་ཀུང་སི་དང་ཁ་འབྲལ་དགོས་པའི་རེ་བ་བཏོན་སྟངས་དེ་ཁྲིམས་མཐུན་ཞིག་མ་ཡིན། དེར་བརྟེན། 《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་》ཀྱི་གཏན་འཁེལ་གཞིར་བཟུང་ན། ཀུང་སི་དེ་གས་སྙིང་བྱམས་ལ་དཔལ་འབྱོར་གྱོང་གུད་དངུལ་སྟེར་དགོས།། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།