མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་སྡེ་སྤེལ་ལས་གཞི་དོ་དམ་བྱེད་ཐབས་ཀྱི་དྲི་བ་དྲིས་ལན།

གཅིག དབུལ་སྐྱོར་སྡེ་སྤེལ་ལས་གཞི་དོ་དམ་བྱེད་ཐབས་གཏན་འབེབས་བྱེད་དགོས་དོན་ཅི་ཡིན།

དབུལ་སྐྱོར་གསར་སྤེལ་བྱ་བའི་ཤུགས་ཇེ་ཆེར་གཏོང་བ་དང་། དབུལ་སྐྱོར་སྡེ་སྤེལ་བྱ་བའི་སྒྲིག་གཞི་ཚད་ལྡན་ཡོང་ཆེད། 《ཀྲུང་གོའི་ཞིང་སྡེ་དབུལ་སྐྱོར་གསར་སྤེལ་གྱི་སྒྲིག་ཡིག(2011—2020ལོ)》དང་ཞིང་ཆེན་ཏང་ཨུའི་སྲིད་གཞུང་གི《<ཀྲུང་གོའི་ཞིང་སྡེ་གསར་སྤེལ་སྒྲིག་ཡིག(2011—2020ལོ)>ལག་བསྟར་བྱེད་པའི་འབྲེལ་ཡོད་བསམ་འཆར》དང《མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་འཆར་འགོད》། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་དོན་དངོས་དང་འབྲེལ་ནས་ཆེད་དུ་བྱེད་ཐབས་འདི་གཏན་ཁེལ་བྱས་པ་ཡིན།  །

གཉིས། ཅི་ཞིག་ནི་དབུལ་སྐྱོར་སྡེ་སྤེལ་ཡིན།    

དབུལ་སྐྱོར་སྡེ་སྤེལ་ནི་གནས་བབས་གསར་བའི་འོག་གི་དམིགས་བསལ་དཀའ་ཁག་གཞི་གཅིག་ཏུ་བསྡུས་ནས་དག་སེལ་བྱེད་པའི་དབུལ་སྐྱོར་ལས་གཞིའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དབུལ་ཕོངས་ཞིང་སྡེའི་རྗེས་ལུས་རྣམ་པ་བསྒྱུར་བའི་གཞི་བཅོལ་ས་དང་། དབུལ་ཕོངས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་གྱི་བྱེད་ཐབས་གཙོ་བོ་ཡིན། དེ་ནི་དབུལ་ཕོངས་སྡེ་བ་རེ་སྡེ་ཚན་གཅིག་རེར་བཟུང་ནས་ཡུལ་བབ་དང་བསྟུན་པ། རིགས་དབྱེ་ནས་མཛུབ་སྟོན་བྱེད་པ། ཐོན་ཁུངས་ཧྲག་བསྡུ། མང་ཚོགས་ཟབ་ཞུགས་ཀྱི་རྩ་དོན་གཞིར་བཟུང་ནས། ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་སྒྲིག་བྱེད་པའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་སྤྱི་བའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བའི་སྤྱི་ཚོགས་ལས་དོན་འཛུགས་སྐྲུན། ཞིང་བའི་ཡོང་འབབས་འཕར་སྣོན་བྱེད་པའི་ཐོན་ལས་འཛུགས་སྐྲུན། ཞིང་སྡེའི་ངོ་བོ་དང་རྣམ་པ་བཅོས་བསྒྱུར་བྱེད་པའི་དཔལ་ཡོན་འཛུགས་སྐྲུན། ཚད་ལྡན་དང་གོ་རིམ་ཡོད་པའི་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་དང་།ཏང་ཀྲི་པུའུ་སྲོག་ཤིང་ཡིན་པའི་སྡེ་བ་རིམ་པའི་རྩ་འཛུགས་འཛུགས་སྐྲུན། དབུལ་ཕོངས་སྡེ་བའི་དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། དབུལ་ཕོངས་ས་ཁུལ་གྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོར་གཏོང་བ་དེ་ཡིན།   

གསུམ། དབུལ་སྐྱོར་སྡེ་སྤེལ་ལས་གཞིས་རྒྱུན་འཁྱོངས་བྱེད་དགོས་པའི་རྩ་དོན་ཅི་ཡིན།

དབུལ་སྐྱོར་སྡེ་སྤེལ་ལས་གཞིས་དཀའ་བ་ནས་སླ་བ་དང་། ཁྱད་པར་དབྱེ་འབྱེད་བྱས་ཏེ་བྱེད་སྟངས་མི་འདྲ་བ་འཛིན་པ་དང་།སྲིད་གཞུང་གིས་སྣེ་ཁྲིད་དང་མང་ཚོགས་ཟབ་ཞུགས་བྱེད་པ། ཡུལ་བབ་དང་བསྟུན་ནས་ཕྱོགས་བསྡུས་གསར་སྤེལ་གཏོང་བ།མ་དངུལ་ཧྲག་བསྡུ་དང་གཅིག་བསྡུས་བེད་སྤྱོད་བྱེད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།