ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས་བདེ་འཇགས་ཐོན་སྐྱེད་ཐད་བཏོན་པའི་བྱེད་ཐབས“དོན་ཚན་བཅོ་ལྔ”།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་དང་མཁའ་མཚོ་སྐྱིད་གཉིས་ཀྱིས་བསྒྱུར།   སྤེལ་དུས། : 2022-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག ས་གནས་ཏང་ཨུའི་བདེ་འཇགས་ཐོན་སྐྱེད་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་དགོས།

ས་གནས་རིམ་པ་སོ་སོའི་ཏང་ཨུས་ངེས་པར་དུ་རང་རྟོགས་ཀྱིས་ཕྱོགས་གཅིག་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་ཕྱོགས་གཅིག་གི་བདེ་འཇགས་སྲུང་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་དགོས་པ་དང་། མིའི་ཚེ་སྲོག་བློས་གཏོང་མི་རུང་བའི་འདུ་ཤེས་བརྟན་པོར་འཛུགས་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། ས་གནས་ཏང་གི་མགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་ཀྱི་གཏན་འབེབས་དོན་འཁྱོལ་ནན་ཏན་བྱེད་པ། “ཏང་སྲིད་འགན་འཁྲི་མཉམ་འཁུར་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས”། “མཉམ་འཛིན་དོ་དམ་དང་འགན་ཤོར་བདའ་འདེད”བཅས་དོན་འཁྱོལ་ནན་ཏན་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ཏང་ཨུའི་འགན་འཁུར་པ་གཙོ་བོས་འཕྲལ་དུ་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གནས་བབ་དབྱེ་ཞིབ་ལ་མགོ་འཛིན་དང་། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་བྱེད་པའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱས་ཏེ་དམ་འཛིན་གང་ལེགས་བྱས་ནས་ཕན་འབྲས་དངོས་ཐོན་པར་དམ་འཛིན་ཏན་ཏིག་བྱ་དགོས།

གཉིས། ས་གནས་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་དགོས།

རིམ་པ་སོ་སོའི་སྲིད་གཞུང་གིས་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་དང་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་བྱ་དགོས་པ་དང་། སྲིད་གཞུང་གི་འགན་འཁུར་པ་གཙོ་བོ་རྣམས་ཀྱིས་ས་གནས་ཏང་ཨུའི་ལྷན་ཚོགས་ཀྱི་བླང་བྱར་གཞིགས་ནས། གནད་དོན་མངོན་གསལ་ཅན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ་བྱེད་ཐབས་ནུས་ལྡན་འདོན་དགོས། རིམ་པ་སོ་སོའི་བདེ་འཇགས་ཨུ་ལྷན་གྱིས་ཆ་རྐྱེན་བཏོད་དེ་དངོས་ཚན་ཅན་འཁོར་རྒྱུག་ཡོང་བ་དང་། མངོན་མེད་རྐྱེན་ངན་ཐོན་པར་བསྐོར་སྐྱོད་གྲལ་བཤེར་བྱས་ཏེ། རང་འགུལ་ངང་ས་ཁུལ་ལས་བརྒལ་བ་དང་ས་ཁོངས་ལས་བརྒལ་བའི་བདེ་འཇགས་ལས་དོན་ལ་མཐུན་སྦྱོར་བྱེད་དགོས། མགོ་ཁྲིད་ལས་བྱེད་པ་གཞན་དག་གིས་ལས་བགོས་དང་གནད་འགག་དམ་འཛིན་དང་། འགན་འཁྲི་ནན་སྒྲུབ། ལས་བགོས་འགན་གཉེར་གྱིས་ལས་ཀར་དམ་འཛིན་ཏན་ཏིག་བྱ་དགོས།

གསུམ། སྡེ་ཁག་གི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་དགོས།

འབྲེལ་ཡོད་སྡེ་ཁག་སོ་སོས་ལས་རིགས་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ་དང་། ལས་སྒོར་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ། ཐོན་སྐྱེད་གཉེར་སྐྱོང་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ། སུས་གཙོ་སྐྱོང་བྱེད་ན་དེས་འགན་འཁུར་བའི་རྩ་དོན་ལ་གཞིགས་ཏེ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་གྱི་བདེ་འཇགས་གསལ་ཐོ་བཟོས་ནས། གང་མགྱོགས་ཀྱིས་འགན་ནུས་སྣོལ་སྡེབ་དང་ལས་སྒོ་གསར་པའི་ཉེན་ཁ་སེལ་དགོས། རིམ་པ་སོ་སོའི་བདེ་འཇགས་ཨུ་ལྷན་གྱིས་སྒྲིག་ཁོངས་སྡེ་ཁག་དང་མཉམ་དུ་སུས་གཙོ་འགན་འཁུར་ན་དེས་སྣེ་ཁྲིད་པ་དང་། སུ་གཙོ་བོར་བྱེད་ན་དེས་སྣེ་ཁྲིད་བྱེད་པ་དང་སུ་ཐག་ཉེར་བཅར་བའི་རྩ་དོན་ལ་གཞིགས་ཏེ། དུས་ཐོག་ཏུ་འགན་འཁྲི་ཁ་གསལ་བཟོ་བ་དང་། ཉེན་ཆེའི་རྫས་འགྱུར་དངོས་རྫས་དང་གཞུང་ལམ་འགྲིམ་འགྲུལ་སོགས་ཀྱི་ལྷུ་ཚིགས་མང་བའི་འབྲེལ་ཡོད་སྡེ་ཁག་གིས་འབྲེལ་ཐག་ལྟ་སྐུལ་དོ་དམ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་དང་འབྲེལ་བ་ཡོད་ཀྱང་གཤམ་སྤྲོད་བྱས་ཟིན་པའི་དོན་དག་རྣམས་ལ། དངོས་ཐོག་བདེན་འཚོལ་གྱིས་དཔྱད་དཔོག་ཐེངས་ཤིག་བྱ་དགོས་ཤིང་། གཞི་རིམ་དང་འབྲེལ་མཐུད་བྱེད་མི་ཐུབ་པ་དང་ལྟ་སྐུལ་དོ་དམ་གྱི་རྗེས་ཟིན་མི་ཐུབ་པའི་རིགས་ལ་དུས་ཐོག་ཏུ་ཡོ་བསྲང་བྱེད་པ་དང་། དགོས་ངེས་རྣམས་ཚུར་བསྡུ་བྱེད་དགོས། འཕྲལ་སྡོམ་སྡེ་ཁག་གིས་བདེན་ཡོད་སྤོབས་ཆེའི་ངང་བདེ་འཇགས་གཞུང་ལས་ཁང་གི་འགན་འཁྲི་བསྒྲུབས་ཏེ། སྡེ་ཁག་སོ་སོས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། ས་གནས་དང་སྡེ་ཁག་སོ་སོའི་འབྲེལ་ཡོད་ཁེ་ལས་ཀྱིས་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་བར་ཕན་པའི་རྣམ་གྲངས་ཁག་ཅིག་བཏོན་ཆོག་ལ། དུས་ཚོད་དམ་འཛིན་གྱིས་ཞིབ་བཤེར་ཆོག་མཆན་འགོད་པར་འབུལ་བ་ནི་དུས་ཡུན་རིང་པོའི་འཕེལ་རྒྱས་གཏོང་བར་ཕན་ཐོགས་ཡོད།

བཞི། མགོ་ཁྲིད་ཀྱི་འགན་འཁྲི་དང་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་བདའ་འདེད་ནན་མོ་བྱེད་དགོས།

ཏང་ཀྲུང་དབྱང་གིས་འགན་འཁྲི་ལག་བསྟར་མ་བྱས་པའི་རྐྱེན་གྱིས་ལས་འཛོལ་ཆེ་ཙམ་ཡན་གྱི་འགན་འཁྲི་འཁུར་དགོས་ན། ཐད་ཀའི་འགན་འཁྲི་བདའ་འདེད་གཏོང་དགོས་པ་མ་ཟད། རིམ་པ་གོང་མ་གཅིག་ལ་བདའ་འདེད་གཏོང་དགོས་ཤིང་། གསལ་པོར་བཤད་ན་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས་ལ། འབྲེལ་ཡོད་སྡེ་ཁག་གི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དང་ལྷག་པར་དུ་ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་ཐོན་ཚེ། མགོ་ཁྲིད་གཙོ་བོ་དང་ལས་བགོས་མགོ་ཁྲིད་གཙོ་བོས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཚབས་ཆེན་ལ་བྱ་ཐབས་ནུས་ལྡན་སྤྱད་མེད་པ་མ་ཟད། ཐ་ན་རྒྱ་ཡན་དུ་བཏང་བའི་རིགས་ལ་ཁྲིམས་ལྟར་རིམ་པ་ཁག་གི་འགན་འཁྲི་བདའ་འདེད་གཏོང་དགོས། གལ་ཏེ་རྫོང་རིམ་པ་དང་ཤང་རིམ་པའི་འགན་འཁུར་པ་གཙོ་བོའི་འགན་འཁྲི་བདའ་འདེད་བྱས་ཏེ། ནག་ཉེས་གྲུབ་པའི་རིགས་དག་སྤྱི་བདེ་སྡེ་ཁག་ལ་སྤྲད་དེ་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས་པར་གསལ་བོར་གཏན་འཁེལ་བྱས་ཡོད།

ལྔ། ཁེ་ལས་ཀྱི་འགན་འཁུར་པ་གཙོ་བོས་ངེས་པར་དུ་འགན་འཁུར་པ་དང་པོའི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་དགོས།

ཁེ་ལས་ཁྲིམས་མིས་དངོས་ཡོད་ཚོད་འཛིན་མཁན་དང་དངོས་ཡོད་འགན་འཁུར་པའི་འཐུས་ཚབ་བྱས་ཡོད་པས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁུར་མི་སྣ་དང་པོའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། ལས་ཁུངས་དེའི་བདེ་འཇགས་ཐོན་སྐྱེད་ལས་ཀར་ཁྱོན་ཡོངས་ནས་འགན་འཁུར་དགོས། ད་ལྟ་བལྟས་ན། ཐད་ཀར་དུ་ཚོགས་པ་ཀུང་སིའི་འགན་འཁུར་བ་གཙོ་བོར་འགན་འཁྲི་བདའ་འདེད་བྱས་ཏེ་ལས་བགོས་འགན་གཉེར་གྱི་ཚབས་ཆེའི་ཉེན་ཁའི་འབྱུང་ཁུངས་དོན་འཁྱོལ་ནན་མོ་བྱེད་པ་དང་། བདེ་འཇགས་འགན་ལེན་གྱི་འགན་འཁྲིའི་ལམ་ལུགས་དང་གཏེར་དཔོན་གྱིས་རུ་ཁག་ཁྲིད་ནས་ཁྲོན་པའི་ནང་འཛུལ་བ་སོགས་ཀྱི་ལམ་ལུགས་ལ། མི་བདེན་བདེན་བཟོ་དང་གཏེར་ཁུལ་མིང་བཏགས་ཀྱིས་འགན་འཁྲི་ལས་གཡོལ་ཐབས་བྱེད་པར་ཁྲིམས་ལྟར་བདའ་འདེད་གཏོང་བ་དང་། ལས་འཛོལ་ཚབས་ཆེན་ལ་འགན་འཁྲི་གཙོ་བོ་འཁུར་ཡོད་པའི་རིགས་ལ། ཉེས་དོན་འགན་འཁྲི་བདའ་འདེད་གཏོང་བའི་དུས་མཚུངས་སུ། ཚེ་གང་བོར་ལས་རིགས་དེ་དང་ལས་ཁུངས་དེའི་འགན་འཁུར་པ་གཙོ་བོའི་ལས་འགན་འཁུར་མི་ཆོག

དྲུག ནན་ཏན་སྒོས་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་མྱུར་ཏུ་གཏིང་ཟབ་ངང་སྤེལ་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་མོ་གང་མགྱོགས་ངང་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་དང་། འབྲེལ་ཡོད་སྡེ་ཚན་ཁག་དང་འབྲེལ་ཡོད་ས་ཁུལ་གྱིས་གྲ་སྒྲིག་ཡག་པོ་བྱས་ཏེ་ཕྱོགས་ཡོངས་ནས་ཉེན་ཁ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱས་ནས་གསལ་ཐོ་བཟོ་བ་དང་། འགན་འཁྲི་གཟབ་ནན་དུ་གཏོང་བ་དང་དུས་བཀག་ནང་དག་ཐེར་བྱས་ཏེ། ཉེན་ཁའི་གནས་ཚུལ་དེ་ལས་འཛོལ་ཚབས་ཆེན་ལ་འགྱུར་བ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། གཏེར་རི་དང་ཉེན་ཆེའི་རྫས་འགྱུར་དངོས་རྫས། དམངས་སྤྱོད་མཁའ་འགྲུལ། བགྲོད་ལམ། ཆུ་ཐོག་འགྲིམ་འགྲུལ། བཟོ་སྐྲུན་ཨར་ལས། འབར་རླངས། མེ་ཟོན་སོགས་གཙོ་གནད་ལས་རིགས་ཀྱི་ཁྱབ་ཁོངས་དང་། ལྷག་པར་དུ་མང་ཚོགས་འཆི་རྨས་བཟོ་སྲིད་པའི་ཉེན་ཁ་ཆེན་མོ་ལ། ཞིང་ཆེན་དང་གྲོང་ཁྱེརརིམ་པའི་བདེ་འཇགས་ཨུ་ལྷན་དང་ཀྲུང་དབྱང་ཁེ་ལས་སྤྱི་ཁྱབ་པུའུ་ཡིས་མིང་སྦྱར་ལྟ་སྐུལ་བྱས་ནས། དག་ཐེར་དང་ཉེས་འགན་བདའ་འདེད་གཏན་ནས་མི་གཏོང་བ་སོགས་ལ་བློ་ཐག་ཆོད་པོའི་བྱེད་ཐབས་སྤྱོད་དགོས། རིམས་ནད་སྔོན་འགོག་གི་སྤྱི་པའི་བདེ་འཇགས་ལ་སྤྱི་འདོམས་བྱས་ནས་ཚོང་ར་དང་གློག་བརྙན་ཁང་། སྨན་ཁང་། རྒན་གསོ་ཁང་། སློབ་གྲྭ བུ་བཅོལ་ཁང་། མཐོ་རིམ་བཟོ་སྐྲུན་མི་སྣ་འདུ་འཛོམས་ཆེ་བའི་ཁུལ་དུ་བདེ་འཇགས་ཕྱིར་གཏོང་གི་བཀག་སྡོམ་དང་མི་ཁ་འགྲེམ་སའི་བགྲོད་ལམ་བཀག་ནས་དག་ཐེར་ནན་ཏན་མི་བྱེད་པ་དང་། གསལ་ཐོའི་ནང་བཅུག་མེད་པ་ལ། ཉེན་ཁ་ཚབས་ཆེན་གྱི་མི་མངོན་པའི་རྐྱེན་ངན་གྱི་ཁོངས་སུ་གཏོགས་པར་རྩད་ཆོད་མཐའ་གསལ་བྱུང་བ་དང་ལས་འཛོལ་ཐོན་སྲིད་པའི་རིགས་དག་ལས་འཛོལ་དུ་བརྩི་བ་དང་། དོན་རྐྱེན་ཐོན་མཁན་ལ་ལྷག་པར་དུ་འགན་འཁྲི་བདའ་འདེད་ནན་མོ་བཏང་སྟེ། ཐག་གཅོད་བྱེད་དཀའ་བའི་བད་འཇགས་ཨུ་ལྷན་གྱི་རིམ་པ་གོང་མའི་ལས་རིགས་གཙོ་གཉེར་སྡེ་ཁག་ལ་སྙན་སེང་ཞུ་དགོས།

བདུན། རྣམ་གྲངས་ཞིབ་མཆན་འགོད་པའི་བདེ་འཇགས་དམར་ཐིག་དམ་པོར་སྲུང་དགོས།

མིག་སྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནོན་ཤུགས་ཆེ་མོད། འོན་ཀྱང་རྣམ་གྲངས་རེ་རེ་དང་ལྷུ་ཚིགས་རེ་རེར་བདེ་འཇགས་སྔོན་འགྲོའི་ཆ་རྐྱེན་དུ་བྱེད་དགོས་པ་ལས། ཆད་ལུས་དང་སྐྱོན་ཆ་སྤུ་ཙམ་ཡང་ཡོད་མི་རུང་། རིམ་པ་སོ་སོའི་སྡེ་ཁག་གིས་བདེ་འཇགས་ཉེན་ཁའི་དཔྱད་དཔོག་གི་རིགས་པས་ཁུངས་སྐྱེལ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། རྣམ་གྲངས་ཞིབ་མཆན་འགོད་པའི་བདེ་འཇགས་འགག་སྒོ་ནན་མོར་སྲུང་སྟེ། ཞིབ་མཆན་འགོད་ཞོར་དུ་ཇུས་འགོད་བཟོ་སྐྲུན་བྱས་མི་ཆོག་ལ། ཉེན་ཆེའི་རྫས་འགྱུར་དངོས་པོ་དང་གཏེར་རི། ཤོག་སྦག བཟོ་སྐྲུན་ཨར་ལས། ལྕགས་རིགས་བཙོ་སྦྱང་སོགས་ལས་རིགས་ཀྱི་ཉེན་ཁ་ཆེ་བའི་རྣམ་གྲངས་ཀྱི་མི་སྣ་འདུ་འཛོམས་བྱ་ཡུལ་དུ་བདེ་འཇགས་ཀྱི་ཚད་གཞི་ཇེ་དམའ་རུ་གཏོང་མི་ཆོག སྲོལ་རྒྱུན་ལས་རིགས་ཁག་ཅིག་ཤར་རྒྱུད་མཚོ་འགྲམ་ས་ཁུལ་ནས་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དུ་སྤོ་བསྒྱུར་བྱེད་ན། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ལས་རིགས་ཀྱི་ཚད་གཞི་ལག་བསྟར་ནན་མོ་བྱེད་པ་དང་། བདེ་འཇགས་ལ་ལྟ་སྐུལ་དོ་དམ་ནན་མོ་བྱས་ཏེ། རྗེས་ལུས་ཀྱི་ཐོན་ནུས་མཐའ་གཅིག་ཏུ་འདོར་དགོས།

བརྒྱད། ཁྲིམས་འགལ་ངང་འགན་གཙང་ལེན་བགོ་བའམ་བཤུག་སྤྲོད་བྱེད་པ་དང་ཐོབ་ཐང་ཟུར་རྟེན་གྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས།

མྱུར་དུ་བྱ་སྤྱོད་སྤེལ་ནས་ཉེན་ཁ་ཆེ་བའི་ལས་རིགས་ཀྱིས་ཁྲིམས་འགལ་ངང་འགན་གཙང་ལེན་བགོ་བའམ་བཤུག་སྤྲོད་བྱེད་པའི་བྱ་སྤྱོད་རིགས་ལ་འགན་གཙང་ལེན་སྤྲོད་མཁན་དང་འགན་གཙང་ལེན་མཁན་ཕྱོགས་ཀྱི་བཅའ་ཁྲིམས་འགན་འཁྲི་བདའ་འདེད་ནན་མོ་གཏོང་བ་དང་། སུ་ཞིག་གི་ཐོབ་ཐང་ཡིན་ན་མི་དེས་འགན་འཁུར་རྒྱུ་དང་། སུ་ཞིག་གིས་སྒོ་བྱང་བཀལ་བ་ཡིན་ན་དེས་འགན་འཁུར་རྒྱུ་རྒྱུན་འཁྱོངས་བྱེད་པ། བདེ་འཇགས་ལས་འཛོལ་བྱུང་བར་ཐོབ་ཐང་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་ནན་མོ་གཏོང་བ་བཅས་བྱེད་དགོས། གཞུང་ཁོངས་ཁེ་ལས་དཔེར་ན་ཀྲུང་དབྱང་ཁེ་ལས་ཀྱིས་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་པ་དང་། གཞུང་ཁོངས་ཁེ་ལས་སྤྱི་ཁྱབ་པུའུ་ཡི་ཀྲུང་དབྱང་ཁེ་ལས་སྤྱི་ཁྱབ་པུའུ་ཡིས་ཆེད་ལས་ཅན་གྱི་ལག་རྩལ་དོ་དམ་ཚོགས་པ་བཙུགས་ནས། ཁོངས་གཏོགས་ཁེ་ལས་ཀྱི་མཛུབ་ཁྲིད་ལྟ་སྐུལ་དཔྱད་ཞིབ་ལ་ཤུགས་བསྣན་ཏེ། ཆ་རྐྱེན་མེད་པའི་རིགས་ཀྱིས་འབྲེལ་ཡོད་ལས་སྒོ་གཉེར་བར་ཆད་པ་གཅོད་དགོས།

དགུ ངལ་རྩོལ་པ་མངག་གཏོང་དང་བབ་བསྟུན་ལས་མི་མངགས་གཏོང་བྱེད་པའི་བདེ་འཇགས་དོ་དམ་ལ་དངོས་གནས་ཤུགས་སྣོན་དགོས།

ཐོན་སྐྱེད་བདེ་འཇགས་གཉེར་སྐྱོང་སྡེ་ཚན་གྱིས་དེའི་ནུས་པའི་ལས་རིགས་ཀྱི་བཀའ་བཀོད་དང་ལེན་ཞུ་དགོས་པ་དང་། ངལ་རྩོལ་པ་མངགས་གཏོང་མི་སྣ་དང་སྐབས་བསྟུན་ལས་མི་བཀོལ་སྤྱོད་མི་སྣ་བཅས་ཚན་པ་དེ་གའི་གཅིག་གྱུར་དོ་དམ་ནང་བཅུག་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་ལེན་འགན་འཁྲི་སྒྲུབ་པ་དང་། ཉེན་ཁའི་ལས་གནས་ཀྱིས་ལས་མི་མངགས་གཏོང་བྱེད་པ། གསོ་སྦྱོང་མ་བྱས་པ་དང་ཚད་གཞིར་ལོན་མེད་པའི་རིགས་སློབ་ཁྲིད་བྱེད་མི་ཆོག་པ་ཡིན། ངལ་རྩོལ་པ་མངགས་གཏོང་དང་སྟབས་བསྟུན་ལས་མི་སྤྱོད་གྲངས་ཅུང་མང་བའི་ལས་རིགས་ལ་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་གཙོ་གནད་དུ་ཞིབ་བཤེར་བྱེད་དགོས་པ་དང་། ལས་བཟོ་པ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་མ་བྱུང་བའི་རིགས་ལ་དུས་བཀག་ནང་དག་ཐེར་ཡོ་བསྲང་བྱེད་དུ་འཇུག་དགོས། ས་གནས་དེའི་ཀྲུང་དབྱང་ཁེ་ལས་དང་ས་གནས་གཞུང་ཁོངས་ཁེ་ལས་ཀྱིས་སྣེ་འཁྲིད་དགོས་མོད། འོན་ཀྱང་བདེ་འཇགས་ཐོན་སྐྱེད་ཀྱི་མིང་ཐོག་ནས་ཞོར་ལས་པའི་ལས་གནས་ཕྱིར་སློག་བྱེད་མི་རུང་། རྒྱུ་མཚན་ནི་མིག་སྔར་ལས་ཞུགས་ཀྱི་དུས་བབ་ཧ་ཅང་ཛ་དྲག་པོ་ཡིན་པས་ང་ཚོས་བཅོས་སྒྲིག་བྱས་ཀྱང་གནད་དོན་དེའི་ཐད་ཚོད་འཛིན་ཡག་པོ་བྱེད་དགོས།

བཅུ། ཁྲིམས་འགལ་ལ་རྡུང་རྡེག་དང་སྒྲིག་འགལ་ལ་བཅོས་སྒྲིག་བྱེད་པའི་བྱ་འགུལ་སྤེལ་དགོས།

འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་གྱིས་ཁྲིམས་འགལ་ལ་རྡུང་རྡེག་དང་སྒྲིག་འགལ་ལ་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་འགུལ་ཞིབ་ཚགས་ཀྱིས་རྩ་འཛུགས་བྱེད་དགོས་པ་མ་ཟད། གཙོ་གནད་ས་ཁུལ་ལ་གཅིག་བསྡུས་ངང་བཅོས་སྒྲིག་བྱེད་དགོས་པ་དང་། གཏེར་རིའི་ཁྲིམས་འགལ་དང་སྣུམ་རླངས་ལྕགས་མདོང་ལ་གང་བྱུང་དུ་རྐོ་འདྲུ་དང་། འགྲུལ་སྐྱེལ་རླངས་འཁོར། གྲུ་གཟིངས། ཉེན་ཡོད་དངོས་རྫས་བཅས་ཁྲིམས་དང་མི་མཐུན་པར་གཉེར་སྐྱོང་བྱེད་པ་སོགས་དཔེར་འོས་ཁྲིམས་དང་མི་མཐུན་པའི་བྱ་སྤྱོད་སྣ་ཚོགས་ཚུད་དགོས། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་དང་དོན་རྐྱེན་སྐོར་ཞིག་ཐག་གཅོད་བྱ་རྒྱུར་དམ་འཛིན་ནན་མོ་བྱས་ཏེ། བསམ་བཞིན་དུ་ཉེས་དོན་བཟོ་བ་ལས་ཡོ་བསྲང་མི་བྱེད་པ་དང་དེ་བཞིན་འགན་འཁྲི་དོན་འཁྱོལ་མི་བྱེད་པ་དང་། ལྟ་སྐུལ་དོ་དམ་གནད་ལ་མི་འཁེལ་བ། འགན་ཤོར་ལས་འཛོལ་བྱུང་བ་བཅས་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆད་པ་ནན་མོ་གཅོད་པ་ལས་གུ་ཡངས་གཏན་ནས་གཏོང་མི་རུང་། དུས་མཚུངས་དམར་འདོན་བྱེད་ཤུགས་ཆེ་རུ་བཏང་ནས་ཟིལ་གྱིས་གནོན་པའི་ནུས་པ་ཐོན་དགོས། ཁྲིམས་འགལ་བྱ་སྤྱོད་ཀྱི་རྒྱབ་ཕྱོགས་ཀྱི་སྲུང་སྐྱོབ་བཅའ་ཁྲིམས་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས། རུལ་སུངས་བྱ་སྤྱོད་ལ་སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་གྱིས་ཐག་གཅོད་ནན་མོ་བྱེད་པར་རྩིས་སྤྲོད་བྱེད་དགོས།

བཅུ་གཅིག བློ་ཐག་རྦད་ཆོད་ཀྱིས་ཁྲིམས་བསྟར་ཞིབ་བཤེར་ལ་གུ་ཡངས་དང་ནུས་མེད་རྩད་ཞིབ་བྱེད་པའི་གནད་དོན་བཅོས་སྐྱོང་བྱེད་དགོས།

ཉེན་མེད་ཐོན་སྐྱེད་ཐད་ཁྲིམས་བསྟར་བྱེད་པར་བདེན་ཡོད་ཞུམ་མེད་བྱ་དགོས། གདམ་ག་ཡོད་པའི་སྒོ་ནས་ཁྲིམས་བསྟར་བྱེད་མི་རུང་། གོ་རིམ་ཡོངས་རྫོགས་ལྷོད་ཡངས་སུ་གཏོང་མི་རུང་། ཁྲིམས་བསྟར་གནད་འཁེལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ཁྲིམས་བསྟར་དོ་དམ་དབང་ཚད་ལྟར། བདག་སྤྲོད་བྱེད་ཁོངས་རིམ་པ་སོ་སོའི་ཁེ་ལས་ཀྱི་མིང་ཐོ་གཏན་འཁེལ་བྱེད་དགོས། ཁེ་ལས་ཀྱིས་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་སྤེལ་བའི་རིགས་ལ་གཙོ་གནད་དུ་ཞིབ་བཤེར་བྱེད་དགོས། གཅིག་ཤེས་ཀུན་གྲོལ་དང་ཁྲིམས་བསྟར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཆེད་ལས་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཆེད་མཁས་པ་རྩ་འཛུགས་བྱས་ནས་ཁྲིམས་བསྟར་བྱ་རིམ་ནང་ཞུགས་སུ་འཇུག་དགོས། ལྟ་སྐུལ་དོ་དམ་བྱེད་སྟངས་གསར་གཏོད་བྱ་དགོས། ས་ཆ་གཞན་དུ་སྣོལ་མར་ཞིབ་བཤེར་བྱེད་པར་སྐུལ་འདེད་ཆེན་པོ་གཏོང་དགོས། ལག་རྩལ་གསར་པ་ཆ་འཕྲིན་ཅན་དུ་འགྱུར་བའི་བྱེད་ཐབས་བེད་སྤྱོད་གང་ལེགས་བྱེད་དགོས། ཁྲིམས་འགལ་གྱི་བྱ་སྤྱོད་དུས་ཐོག་ཏུ་རྒྱུས་ལོན་བྱེད་དགོས། མཚམས་འཇོག་དགོས་པའི་གཏེར་རིར་གློག་འདོན་མཚམས་འཇོག་དགོས། གློག་མཁོ་འདོན་བྱེད་མཚམས་འཇོག་དགོས། ས་གནས་ས་ཐོག་ཏུ་མི་མངགས་ནས་སོ་ལྟ་བྱེད་པ། མི་དམངས་ཉེན་རྟོག་པ་བཀོད་སྒྲིག་བྱེད་པར་ནན་འགོག་བྱེད་དགོས།

བཅུ་གཉིས། བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་དགོས།

ས་ཁུལ་སོ་སོས་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ལྟ་སྡོམ་ཁྲིམས་འཛིན་དཔུང་ཁག་མགྱོགས་མྱུར་ངང་བཀོད་སྒྲིག་བྱས་ཏེ། ལྟ་སྐུལ་དོ་དམ་གྱི་ལས་འགན་སྒྲུབ་པའི་སྟོབས་ཤུགས་ངེས་ཅན་ཡོད་པར་འགན་སྲུང་བྱེད་པ་ལས་བཅོས་སྒྱུར་གྱི་མིང་ཐོག་ནས་རིམ་པ་བཞིན་འགྲེམས་སྤེལ་དང་ཁྲིམས་འཛིན་འགན་འཁྲི་གཤམ་སྤྲོད་མི་བྱེད་པར། ས་ཁུལ་སྐོར་ཞིག་གི་གྲོང་ཁྱེར་རིམ་པའི་ཁྲིམས་འཛིན་དཔུང་ཁག་མེད་པར་བཟོ་བའི་ནོར་འཁྲུལ་གྱི་བྱེད་ཐབས་མཐའ་གཅིག་ཏུ་ཡོ་བསྲང་བྱེད་དགོས། ས་གནས་སོ་སོས་ས་ཁུལ་དང་སྡེ་ཚན། ཁྱབ་ཁོངས་བཅས་ལས་བརྒལ་བའི་ཕྱོགས་བསྡུས་ཁྲིམས་བསྟར་སྲིད་འཛིན་འཚོལ་ཞིབ་བྱེད་སྐབས་ལས་དོན་འདིའི་ཆེད་ལས་རང་བཞིན་གྱི་དམིགས་བསལ་རང་བཞིན་ལ་བསམ་གཞིགས་གང་ལེགས་བྱེད་དགོས་ལ། བདེ་འཇགས་ཁྲིམས་འཛིན་དཔུང་ཁག་སྟབས་བདེ་བཟོ་བ་དང་ཟླ་སྒྲིལ་གཏོང་མི་ཆོག་པ་དང་། ཁྲིམས་འཛིན་དཔུང་ཁག་ཆེད་ལས་ཅན་དུ་འགྱུར་བའི་འཛུགས་སྐྱོང་ལ་ཤུགས་སྣོན་པ། མགོ་ཁྲིད་ཚན་ཁག་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ཆེད་ལས་ཁྲིམས་འཛིན་སྒྲིག་ཆས་སྒྲིག་སྦྱོར་ལ་ཤུགས་སྣོན་པ།འགྲོ་གྲོན་འགན་ལེན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། རིམ་པ་སོ་སའི་ནོར་སྲིད་ཀྱིས་ངེས་པར་དུ་རྒྱབ་སྐྱོར་ཆེན་པོ་བྱས་ནས་ཆེད་ལས་ཁྲིམས་འཛིན་ནུས་པ་དང་འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་དགོས།

བཅུ་གསུམ། བྱ་དགའ་ཆེན་པོ་སྤྲད་དེ་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་ཐེར་འདོན་བྱེད་པར་སྐུལ་ལྕག་བྱེད་དགོས།

ཐེར་འདོན་དང་དྲིལ་བསྒྲགས་ཐབས་ལམ་རྒྱ་ཇེ་ཆེར་བཏང་ནས་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་གྲོང་མིའི་ཐད་འབྲེལ་ཁ་པར་དང་སྡེ་ཚན་གྱི་ཐེར་འདོན་ཁ་པར། དྲ་ཚིགས་སྟེང་གི་འཕྲིན་བཅར་སོགས་བྱ་ཐབས་སྣ་ཚོགས་བརྒྱུད་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཚབས་ཆེན་གྱི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱེད་པ་དང་། ཉེན་བརྡ་གཏོང་མཁན་གྱི་ལམ་ལུགས་ཡག་པོ་སྤྱོད་པ། ཁེ་ལས་ནང་ཁུལ་དུ་ལས་བཟོ་བའི་ཐེར་འདོན་ལ་སྐུལ་ལྕག་བྱེད་པ་བཅས་ཀྱིས་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་འགན་འཁྲི་ཡོད་པའི་སྡེ་ཚན་གྱིས་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ། ཁྲིམས་ལྟར་ཐེར་འདོན་བྱེད་དུ་མི་འཇུག་པ་དང་ཁྲིམས་ལྟར་ཐེར་འདོན་བྱེད་མཁན་ལ་སྲུང་སྐྱོང་བྱེད་པ། འབྲེལ་ཡོད་མི་སྒེར་གྱི་ཆ་འཕྲིན་རང་དགར་ཕྱིར་བསྒྲགས་མི་ཆོག ཉེན་ཁ་དང་མངོན་མེད་རྐྱེན་ངན་ཆེན་པོ་ཐེར་འདོན་ནམ་ཡང་ན་ཁྲིམས་འགལ་དང་ཁ་ཆད་ལས་འགལ་བའི་བྱ་སྤྱོད་ཐེར་འདོན་གོང་ཞུ་བྱེད་པར་བྱས་རྗེས་ཡོད་པའི་མི་སྣར་བྱ་དགའ་ཆེན་པོ་སྟེར་དགོས།

བཅུ་བཞི། དོན་རྐྱེན་གསང་ཞུ་དང་རྫུན་ཞུ། འགྱངས་ཞུ། ཆད་ཞུ་བཅས་བྱེད་པའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས།

ལས་འཛོལ་གྱི་རིན་ཐང་སྙན་ཞུའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། རྫུན་ཞུ་དང་བསྐུངས་ཞུ། ནར་འགྱངས་ཀྱིས་མི་ཞུ་བ་བཅས་ཀྱི་ཐད་ཀར་འགན་འཁུར་བ་དང་དོ་དམ་མགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་བདའ་འདེད་གཏོང་དགོས། ཤེས་རྟོགས་རགས་ཙམ་བྱུང་བའི་རྫུན་ཞུ་དོན་རྐྱེན་ཚང་མ་གོང་རིམ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་སྒོ་བྱང་བཀལ་ནས་བསྒྲུབ་པར་ལྟ་སྐུལ་བྱ་རྒྱུ་དང་། དགོས་ངེས་སྐབས་སུ་དུས་ཐོག་ཏུ་ཞིབ་བཤེར་བྱེད་དགོས།

བཅོ་ལྔ། དཔལ་འབྱོར་འཕེལ་རྒྱས་དང་རིམས་ནད་འགོག་སྡོམ། བདེ་འཇགས་ཐོན་སྐྱེད་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབ་པར་སྤྱི་འདོམས་བྱེད་དགོས།

མིག་སྔའི་གནས་བབ་ལ་བལྟས་ན། ལས་དོན་གསུམ་པོ་འདི་ལེགས་པོར་བསྒྲུབ་རྒྱུ་ནི་སྤྱི་ཡོངས་ཤིག་ཡིན་པས། བློ་རྣལ་ལ་ཕབ་ནས་ཁེར་རྒྱག་བྱེད་མི་རུང་བར། ཕྱོགས་གང་ཅིའི་ཐད་ཀྱི་ཧུར་བརྩོན་བྱེད་སེམས་སྐུལ་སློང་དང་། ཕན་ཚུན་རོགས་ལས།ཕན་ཚུན་བརྩི་བཀུར། བློ་སེམས་གཅིག་སྒྲིལ་བཅས་བྱ་རྒྱུ་དར་སྤེལ་བྱས་ཏེ། མདུན་དུ་ལྷགས་པའི་རྙོག་འཛིང་ཆེ་བའི་གནད་དོན་མཉམ་དུ་ཐག་གཅོད་ཡག་པོ་བྱེད་དགོས། རིམ་པ་སོ་སོའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་དོན་དངོས་ནས་མགོ་བཙུགས་ཏེ་གློག་སྒྲོན་དམར་པོ་དང་ལྗང་ཁུ། སེར་པོ་བཅས་བར་གྱི་འབྲེལ་བ་ཐག་གཅོད་བྱེད་པར་དོ་སྣང་བྱས་ཏེ། ལས་དོན་སོར་མཐུན་སྦྱོར་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་ཁྲོམ་རའི་སྔོན་དཔག་ལ་ཁྲིད་སྟོན་བྱས་ཏེ། གློག་དམར་པོ་སྤར་དགོས་པ་མ་ཟད། ད་དུང་གློག་སྒྲོན་སེར་པོར་གློག་སྒྲོན་དམར་པོ་སྤར་ནས་འགྲིམ་འགྲུལ་གྱི་ཤར་གཏོང་རྒྱུན་འཁྱོངས་བྱེད་དགོས། དམིགས་བསལ་དཀའ་ངལ་ཡོད་པའི་ལས་རིགས་དང་དཀའ་ངལ་སེལ་བའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམངས་སྤྱོད་མཁའ་འགྲུལ་ལས་རིགས་ལ་འཕྲད་པའི་དཀའ་ངལ་ལ་ཆེད་མངགས་ཞིབ་འཇུག་བྱེད་བཞིན་ཡོད་པ་མ་ཟད། ནུས་པ་ལྡན་པའི་བྱེད་ཐབས་སྤྱད་དེ་དགོས་ངེས་ཀྱི་ཁ་གསབ་དངུལ་སྤྲོད་དགོས། འགྲིམ་འགྲུལ་དང་དམངས་སྤྱོད་མཁའ་འགྲུལ་སྡེ་ཁག་དང་འབྲེལ་ཡོད་ཁེ་ལས་ཀྱིས་དག་ཐེར་ལེགས་བཅོས་གཏིང་ཟབ་བྱེད་པ་དང་དུས་མཚུངས་སུ་འཕུར་སྐྱོད་པའི་བསམ་བློའི་བྱ་བ་ལེགས་པར་སྒྲུབ་པར་དོ་སྣང་དང་། སེམས་ཁམས་ཁྲིད་སྟོན་ལ་དོ་སྣང་བྱེད་དགོས་པ་དང་། ལས་རིགས་གཞན་དག་ཚང་མས་ཆད་གཅོད་ཐད་ནས་དོ་སྣང་བྱས་ཏེ། འཐབ་ས་དང་པོའི་མི་སྣས་ཉེན་མེད་ཐོན་སྐྱེད་ཀྱི་བྱ་བ་ལེགས་པོར་སྒྲུབ་པའི་རང་འགུལ་རང་བཞིན་འདོན་སྤེལ་བྱེད་དགོས། ལས་འཛོལ་སྣ་ཚོགས་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣར་རྗེས་འཇུག་ནན་ཏན་ངང་ཡག་པོ་བྱེད་པ་དང་། མི་རྩ་བར་འཛིན་པ། ཚེ་སྲོག་བླ་ན་མེད་པ། འདས་པོ་རླབས་ཆེན་ཡིན་པ་བཅས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་མངོན་པར་མཚོན་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྲིད་ཇུས་ཀྱི་དགོངས་གཞིར་ཁོང་དུ་ཆུད་དེ་བརྟན་ཐོག་ཡར་འཕེལ་དང་། སྤུས་ཚད་མཐོ་བའི་ངང་ཕྱོགས་སོ་སོའི་ལས་དོན་སྤྱི་འདོམས་ཡག་པོ་བཅས་བྱས་ཏེ། ཏང་གི་སྲིད་སྐྱོང་ནུས་པའི་ཆུ་ཚད་དངོས་འབྲེལ་མངོན་པར་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ཀྱི་སེམས་བདེ་བར་བྱེད་དགོས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།