ཀྲུང་གོ་བོད་ཀྱི་དྲ་བ།

ནར་མ་སོན་པའི་མི་ནི་མེས་རྒྱལ་གྱི་མ་འོངས་པ་དང་རེ་བ་ཡིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནར་མ་སོན་པའི་མི་ནི་མེས་རྒྱལ་གྱི་མ་འོངས་པ་དང་རེ་བ་ཡིན།

ནར་མ་སོན་པའི་མི་ལ་ཐུགས་ཁུར་བྱེད་པ་ནི་ང་ཚོ་རང་ཉིད་ཀྱི་སང་ཉིན་ལ་ཐུགས་ཁུར་བྱེད་པ་ཡིན། 

《ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》ཀྱི་ཁྱད་ཆོས་དང་པོ།

རང་རྒྱལ་གྱི་ཁྱད་ཆོས་ལྡན་པའི་ནར་མ་སོན་པའི་མིའི་ཐོག་མའི་སྲུང་སྐྱོང་ལམ་ལུགས་བཟོས་པ། 

ཁྱིམ་ཚང་གི་སྲུང་སྐྱོང་།

སློབ་གྲྭའི་སྲུང་སྐྱོང་།

སྤྱི་ཚོགས་ཀྱི་སྲུང་སྐྱོང་།

དྲ་རྒྱའི་སྲུང་སྐྱོང་།

ཁྲིམས་འཛིན་གྱི་སྲུང་སྐྱོང་།

སྲིད་གཞུང་གི་སྲུང་སྐྱོང་།

ད་ཐེངས་ཀྱི་བཟོ་བཅོས་ནི་དེ་སྔའི“སྲུང་སྐྱོང་ཆེན་པོ་བཞི” “སྲུང་སྐྱོང་ཆེན་པོ་དྲུག”ཏུ་འཕེལ་རྒྱས་བཏང་ནས། “སྲིད་གཞུང་གི་སྲུང་སྐྱོང”ལོགས་སུ་ལེའུ་གཅིག་བཀོད་ཡོད་པ་མ་ཟད། “དྲ་རྒྱའི་སྲུང་སྐྱོང”ལེའུ་ལོགས་སུ་གཏན་འབེབས་བྱས་ནས། གྲུབ་ཆ་གསར་པ་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ་དང་། སྔར་ལས་ལྷག་པར་ཚན་རིག་དང་མཐུན་པ་དང་འཐུས་ཚང་དུ་བཏང་ནས། “སྲིད་གཞུང་གི་སྲུང་སྐྱོང”ལེའུ་ཡི་ནང་དོན་ཚན་གཅིག་བསྣན་ནས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྒྱལ་ཡོངས་གཅིག་གྱུར་གྱི་ནར་མ་སོན་པའི་མི་ལ་སྲུང་སྐྱོང་བྱེད་པའི་ཐད་སྦྲེལ་ཁ་པར་བཙུགས་ནས། ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཞུ་གཏུག་དང་ཉེན་བརྡ་དུས་ཐོག་ཏུ་བདག་སྤྲོད་བྱེད་དགོས། འདི་ནི་ཞིབ་ཕྲའི་ལས་དོན་ཞིག་དང་འདྲ་ཡང་དེར་དོན་སྙིང་གལ་ཆེན་ལྡན་ཡོད། ལྷག་པར་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ཀྱི་མཐོ་ཚད་ནས་སྲིད་གཞུང་ལ་བླང་བྱ་གསལ་བོ་བཏོན་པ་ཞིག་དང་། སྲིད་གཞུང་གིས་ལས་དོན་དེ་དོན་འཁྱོལ་བྱེད་པར་ཕན་ཐོགས་ཡོད་ལ། ནར་མ་སོན་པའི་མིར་ཐར་ཀར་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ་ཚོར་བར་ཕན་ཐོགས་ཡོད།

《ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》ཀྱི་ཁྱད་ཆོས་གཉིས་པ།

ཁྱིམ་ཚང་གི་ལྟ་སྐྱོང་ལམ་ལུགས་འཕེལ་རྒྱས་དང་འཐུས་ཚང་དུ་བཏང་བ།

ད་ཐེངས་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་བཟོ་བཅོས་ལ་དོན་ཚན་གསུམ་སྤྱད་ནས་ནར་མ་སོན་པའི་མི་ལ་ཚབ་ཏུ་ལྟ་སྐྱོང་བྱེད་པའི་ལམ་ལུགས་གསར་དུ་བཟོས་ཡོད། “ཁྱིམ་ཚང་གི་སྲུང་སྐྱོང”ལེའུ་ནང་གཙོ་བོ་གནས་ཚུལ་ཇི་འདྲ་ཞིག་གི་འོག་ཚབ་ཏུ་ལྟ་སྐྱོང་བྱས་ཆོག་པ་དང་། མི་སུ་དང་གང་གིས་མངགས་བཅོལ་བྱས་མི་ཆོག མངགས་བཅོལ་མཁན་དང་མངགས་བཅོལ་བྱ་ཡུལ་ལ་དམིགས་བསལ་གྱི་བླང་བྱ་ཅི་ཡོད། “སྤྱི་ཚོགས་སྲུང་སྐྱོང”ལེའུ་ནང་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་། སྡོད་དམངས་ཨུ་ཡོན་ལྷན་ཁང་གིས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ། ཚབ་ཏུ་ལྟ་སྐྱོང་བྱེད་མཁན་ལ་ལྟ་སྐུལ་བྱེད་པར་འགན་འཁྲི་ཡོད་པ་གཏན་འབེབས་བྱས་ཡོད།

ཕ་མའམ་ལྟ་སྐྱོང་མཁན་གཞན་དག་གིས་བྱིས་པའི་བདེ་འཇགས་ལ་འགན་ལེན་དང་འོས་འགན་འཁུར་དགོས་པ་ནན་གྱིས་བསྟན་པ།

བཟོ་བཅོས་བྱས་རྗེས་ནར་མ་སོན་པའི་མི་ལ་ཕ་མའམ་ལྟ་སྐྱོང་མཁན་གཞན་དག་གིས་ནར་མ་སོན་པའི་མིར་བདེ་འཇགས་ཀྱི་ཁྱིམ་ཚང་གི་འཚོ་བའི་ཁོར་ཡུག་ཅིག་འདོན་སྤྲོད་བྱས་ནས། གློག་གིས་རྒྱག་པ་དང་། འཚིག་རྨས་ཐེབས་པ། སར་ལྷུང་བ་སོགས་ཀྱི་གནོད་འཚེ་བྱུང་བའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་དགོས་པ་གཏན་འབེབས་གསལ་བོ་བྱས་ཡོད་པ་མ་ཟད། ད་དུང་བྱིས་པའི་བདེ་འཇགས་རྐུབ་སྟེགས་སྒྲིག་སྦྱོར་དང་། ནར་མ་སོན་པའི་མིས་འགྲིམ་འགྲུལ་སྒྲིག་སྲོལ་བརྩི་སྲུང་ཞུ་དགོས་པའི་སློབ་གསོ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས། ནར་མ་སོན་པའི་མིར་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་གནོད་འཚེ་ཐེབས་པ་སྔོན་འགོག་བྱེད་དགོས། ཕྱི་རོལ་གྱི་བདེ་འཇགས་སྲུང་སྐྱོང་འདུ་ཤེས་མཐོར་འདེགས་བཏང་ནས། ནར་མ་སོན་པའི་མི་ཆུ་ལ་ལྷུང་བ་དང་། སྲོག་ཆགས་ཀྱི་རྨས་སྐྱོན་ཐེབས་པ་སོགས་ཀྱི་དོན་རྐྱེན་མི་འབྱུང་བ་བྱེད་དགོས། གཏན་འབེབས་འདིའི་རིགས་ཁ་གསལ་ཞིང་ཞིབ་ཕྲ་ལྡན་པས། ཕ་མའམ་ཡང་ན་ལྟ་སྐྱོང་མཁན་གཞན་དག་སྔར་ལས་མང་བས་དོན་འཁྱོལ་བྱེད་པར་ཕན་ཐོགས་ཡོད།

《ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》ཀྱི་ཁྱད་ཆོས་གསུམ་པ།

བཙན་ཤུགས་སྙན་ཞུའི་ལམ་ལུགས་གསར་བཟོ་དང་འཕེལ་རྒྱས་བཏང་བ།

སྤྱིའི་རྩ་དོན་ནང་གཏན་འབེབས་གསལ་བོ་བྱས་དོན། རྒྱལ་ཁབ་ལས་ཁུངས་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་། སྡེ་དམངས་ཨུ་ཡོན་ལྷན་ཁང་། ནར་མ་སོན་པའི་མི་ལ་འབྲེལ་འདྲིས་ཟབ་པའི་ལས་ཁུངས་དང་ལས་བཟོ་པས་བྱ་བ་སྒྲུབ་པའི་གོ་རིམ་ཁྲོད་ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་བཙན་གནོད་དང་། དོགས་གཞིའི་གནོད་འཚེ་དང་ཉེན་ཁའི་གནས་ཚུལ་ལ་འཕྲད་ཡོད་པ་ཤེས་རྟོགས་བྱུང་ཚེ། དུས་ལྟར་སྤྱི་བདེ་དང་དམངས་སྲིད། སློབ་གསོ་སོགས་ཀྱི་འབྲེལ་ཡོད་སྡེ་ཁག་ལ་སྙན་ཞུ་འབུལ་དགོས།

ཁྱིམ་ཚང་གི་སྲུང་སྐྱོང་ལེའུ།

ཕ་མའམ་ལྟ་སྐྱོང་མཁན་གཞན་དག་གིས་ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་བཙན་གནོད་དང་། དོགས་གཞིའི་བཙན་གནོད་དང་ཁྲིམས་མཐུན་ཁེ་དབང་ལ་བཙན་འཛུལ་ཐེབས་ཡོད་པ་དང་། ཡང་ན་གནས་ཚུལ་ཚབས་ཆེ་བའི་རིགས་བྱུང་ཡོད་པ་ཤེས་རྟོགས་བྱུང་ཚེ། མྱུར་དུ་སྤྱི་བདེ་དང་དམངས་སྲིད། སློབ་གསོ་སོགས་ཀྱི་སྡེ་ཁག་ལ་སྙན་ཞུ་འབུལ་དགོས་པ་གཏན་འབེབས་བྱས་ཡོད།

སློབ་གྲྭའི་སྲུང་སྐྱོང་ལེའུ།

ནར་མ་སོན་པའི་མིར་ཚབས་ཆེའི་བརྙས་བཅོས་ཀྱི་བྱ་སྤྱོད་དང་ལོག་གཡེམ། ཆགས་སྲེད་གཏོར་བརླག་བྱེད་པ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྤེལ་བ་ཤེས་རྟོགས་བྱུང་ཚེ། སློབ་གྲྭས་དུས་ལྟར་སྤྱི་བདེ་ལས་ཁུངས་དང་། སློབ་གསོ་སྲིད་འཛིན་སྡེ་ཁག་ལ་སྙན་ཞུ་འབུལ་དགོས་པ་གཏན་འབེབས་བྱས་ཡོད།

དྲ་རྒྱའི་སྲུང་སྐྱོང་ལེའུ།

སྦྲེལ་དྲའི་ཁེ་ལས་གྱིས་སྤྱོད་མཁན་གྱིས་ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་གནོད་འཚེ་ཡོད་པའི་ཆ་འཕྲིན་བསྐུར་བ་ཤེས་རྟོགས་བྱུང་ཚེ། དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁུངས་དང་། སྤྱི་བདེ་སོགས་ཀྱི་སྡེ་ཁག་ལ་སྙན་ཞུ་འབུལ་དགོས། སྤྱོད་མཁན་གྱིས་དྲ་རྒྱའི་ཞབས་ཞུ་བེད་སྤྱད་ནས་ནར་མ་སོན་པའི་མི་ལ་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྤེལ་བ་ཤེས་རྟོགས་བྱུང་ཚེ། སྤྱི་བདེ་ལས་ཁུངས་ལ་སྙན་ཞུ་འབུལ་དགོས།

《ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》ཀྱི་ཁྱད་ཆོས་བཞི་པ།

མི་ལུས་ཁེ་དབང་ལ་བཙན་གནོད་བཏང་བའི་ཁྲིམས་འགལ་ཉེས་གསོག་མིའི་ཆ་འཕྲིན་འདྲི་རྩད་ལམ་ལུགས་གསར་བཟོ་དང་འཕེལ་རྒྱས་བཏང་བ།

སློབ་གྲྭ་དང་དེ་བཞིན་སློབ་གསོ་གསོ་སྦྱོང་ལས་ཁུངས་སོགས་དང་ནར་མ་སོན་པའི་མིར་འབྲེལ་འདྲིས་ཟབ་པའི་ལས་ཁུངས་སུ་བྱུང་བའི་ནར་མ་སོན་པའི་མིའི་ཁེ་དབང་ལ་བཙན་གནོད་ཐེབས་པའི་གྱོད་དོན་ཤེས་རྟོགས་བྱུང་དཀའ་བས། གཞི་རྩིའི་སྟེང་སྔོན་འགོག་དང་གནོད་འཚེ་ཇེ་ཉུང་དུ་གཏོང་བ་དང་། ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་ཀྱི“སྲིད་གཞུང་གི་སྲུང་སྐྱོང”ལེའུ་ནང་གཏན་འབེབས་གསལ་བོར་བྱས་དོན། རྒྱལ་ཁབ་ཀྱིས་ལོག་གཡེམ་དང་། བརྙས་བཅོས། སླུ་འཚོང་། དྲག་གནོད་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་མི་སྣའི་ཆ་འཕྲིན་འདྲི་རྩད་མ་ལག་བཙུགས་ནས། ནར་མ་སོན་པའི་མིར་འབྲེལ་འདྲིས་ཟབ་པའི་ལས་ཁུངས་ལ་རིན་མེད་འདྲི་རྩད་ཞབས་ཞུ་མཁོ་འདོན་བྱེད་དགོས། “སྤྱི་ཚོགས་ཀྱི་སྲུང་སྐྱོང”ལེའུ་ནང་ནར་མ་སོན་པའི་མིར་འབྲེལ་འདྲིས་ཟབ་པའི་ལས་ཁུངས་ཀྱིས་ཟིན་ཐོར་འདྲི་རྩད་དང་དེ་བཞིན་ལོ་རེར་དུས་བཅད་འདྲི་རྩད་བྱེད་པའི་དོན་ཚན་གཉིས་ཀྱི་ཞིབ་ཕྲའི་ལམ་ལུགས་གཏན་འབེབས་བྱས་ཡོད།

《ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》ཀྱི་ཁྱད་ཆོས་ལྔ་པ།

སློབ་གྲྭའི་བཙན་གནོད་ཀྱི་རྨང་གཞིའི་ལམ་ལུགས་སྔོན་འགོག་དང་ཐག་གཅོད་གསལ་པོ་བྱས་པ།

སློབ་མར་བརྙས་བཅོས་བྱེད་པ་ནི་སློབ་མ་ཕན་ཚུན་བར་བྱུང་བའི་ཕྱོགས་གཅིག་གིས་བསམ་བཞིན་རྐང་ལག་འགུལ་བ་དང་། སྐད་ཆ་དང་དྲ་རྒྱ་སོགས་ཀྱི་བྱེད་ཐབས་སྤེལ་ནས་བརྙས་བཅོས་དང་འཕྱ་དམོད་བྱས་ཏེ། ཕ་རོལ་པོའི་ལུས་སེམས་བདེ་ཐང་ལ་གནོད་པ་བསྐྱལ་བ་དང་། རྒྱུ་ནོར་གྱི་གྱོང་གུད་དམ་སེམས་ཁམས་ལ་གནོད་འཚེ་གཏོང་བྱ་སྤྱོད་ལ་ཟེར། ཐེངས་འདིའི་ནོར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ཟུར་བཀོད་ནང་ཅི་ཞིག་ནི་སློབ་མར་བརྙས་བཅོས་བྱས་ཡིན་པ་གཏན་འབེབས་གསལ་བོ་བྱས་ཡོད་ལ། “སློབ་གྲྭའི་སྲུང་སྐྱོང”ལེའུ་ནང་སློབ་གྲྭས་ཇི་ལྟར་སློབ་གླིང་བརྙས་བཅོས་སྔོན་འགོག་དང་ཐག་གཅོད་བྱེད་དགོས་པའི་དོན་ཚན་བརྒྱད་ཞིབ་ཕྲའི་སྒོ་ནས་གཏན་འབེབས་བྱས་ཡོད།

(1)སློབ་གྲྭས་སློབ་མར་བརྙས་བཅོས་ཐེབས་པ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་བའི་ལམ་ལུགས་འཛུགས་དགོས།

(2)སློབ་གྲྭས་དགེ་རྒན་ལས་བཟོ་པ་དང་སློབ་མ་སོགས་ལ་བརྙས་བཅོས་ཐེབས་པ་སྔོན་འགོག་དང་ལེགས་བཅོས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་སྤེལ་དགོས།

(3)སློབ་གྲྭས་སློབ་མར་བརྙས་བཅོས་བྱེད་པའི་བྱ་སྤྱོད་ཤེས་རྟོགས་བྱུང་རྗེས་མྱུར་དུ་མཚམས་འཇོག་ཏུ་འཇུག་དགོས།

(4)སློབ་གྲྭས་བརྙས་བཅོས་བྱེད་མཁན་དང་བརྙས་བཅོས་མྱོང་མཁན་ཕྱོགས་གཉིས་ཀྱི་ཕ་མའམ་ལྟ་སྐྱོང་མཁན་གཞན་དག་ལ་བརྡ་བཏང་ནས། སློབ་མའི་བརྙས་བཅོས་བྱ་སྤྱོད་ཁས་ལེན་དང་ཐག་གཅོད་བྱེད་པའི་བྱ་བའི་ནང་ཞུགས་སུ་འཇུག་དགོས།

(5)སློབ་གྲྭས་བརྙས་བཅོས་བྱེད་མཁན་དང་བརྙོས་བཅོས་མྱོང་མཁན་ནམ་ཐ་ན་ཚབས་ཆེའི་གྱོད་དོན་གྱི་ལྟད་མོ་བར་དུས་ལྟར་སེམས་ཁམས་ཟུར་ཁྲིད་བྱས་ནས། སློབ་གསོ་དང་སྣེ་ཁྲིད་བྱེད་དགོས།

(6)སློ་གྲྭས་ནར་མ་སོན་པའི་སློབ་མར་འབྲེལ་བ་ཡོད་པའི་ཕ་མའམ་ལྟ་སྐྱོང་མཁན་གཞན་དག་ལ་དགོས་ངེས་ཀྱི་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་བྱེད་དགོས།

(7)བརྙས་བཅོས་བྱས་པའི་ནར་མ་སོན་པའི་སློབ་མར། སློབ་གྲྭས་བརྙས་བཅོས་བྱས་པའི་ངོ་བོ་དང་ཚད་གཞི་གཞིར་བཟུང་ནས། ཁྲིམས་ལྟར་སློབ་གསོ་དོ་དམ་བྱེད་པར་ཤུགས་སྣོན་དགོས།

(8)ཚབས་ཆེའི་བརྙས་བཅོས་བྱ་སྤྱོད་ལ། སློབ་གྲྭས་དུས་ལྟར་སྤྱི་བདེ་ལས་ཁུངས་དང་སློབ་གསོ་སྲིད་འཛིན་སྡེ་ཁག་ལ་སྙན་ཞུ་འབུལ་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་ཐག་གཅོད་བྱེད་པར་གཞོགས་འདེགས་བྱེད་དགོས།

《ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》ཀྱི་ཁྱད་ཆོས་དྲུག་པ།

ལོག་གཡེམ་གྱོད་དོན་སྔོན་འགོག་དང་ཐག་གཅོད་བྱེད་པའི་འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་བཏང་བ།

སློབ་གྲྭའི་ནར་མ་སོན་པའི་མིར་ལོག་གཡེམ་གྱོད་དོན་འབྱུང་བ་སྔོན་འགོག་དང་ཇེ་ཉུང་དུ་གཏོང་ཆེད། “སློབ་གྲྭའི་སྲུང་སྐྱོང”ལེའུ་ནང་གཏན་འབེབས་དོན་ཚན་གཅིག་ཁ་གསབ་བྱས་ཡོད། དེའི་ནང་སློབ་གྲྭ་དང་བྱིས་སྐྱོང་ཁང་སོགས་ཀྱིས་ནར་མ་སོན་པའི་མིར་ལོག་གཡེམ་དང་ཆགས་སྲེད་གཏོར་བརླག་བྱེད་པ་སྔོན་འགོག་བྱེད་པའི་ལམ་ལུགས་འཛུགས་དགོས་པ་མ་ཟད། དེའི་སྐོར་གྱི་གྱོད་དོན་བྱུང་བ་ཤེས་རྟོགས་བྱུང་ཚེ་སྤྱི་བདེ་ལས་ཁུངས་དང་སློབ་གསོ་སྲིད་འཛིན་སྡེ་ཁག་ལ་སྙན་ཞུ་འབུལ་དགོས་པ་གཏན་འབེབས་གསལ་བོ་བྱས་ཡོད།

“སྤྱི་ཚོགས་ཀྱི་སྲུང་སྐྱོང”ལེའུ་ནང་ནར་མ་སོན་པའི་མིར་ལོག་གཡེམ་བྱེད་པ་གཏན་འགོག་བྱེད་པའི་ནང་དོན་གྱི་རྗེས། ཆེད་དུ་ཆགས་སྲེད་གཏོར་བརླག་གཏན་འགོག་བྱེད་པ་གཏན་འབེབས་ཁ་གསབ་བྱས་ཡོད། ནར་མ་སོན་པའི་མིར་སྒྲིག་བཟོ་དང་། བསྐྱར་དཔར། ཁྱབ་སྤེལ། བརྒྱུད་སྒྲོག་སོགས་ཀྱི་ཆགས་སྤྱོད་འབྲེལ་ཡོད་ཀྱི་དངོས་རྫས་དང་དྲ་རྒྱའི་ཆ་འཕྲིན་སྤེལ་བ་གཏན་འགོག་བྱེད་པའི་རྨང་གཞིའི་སྟེང་། གཏན་འགོག་དམིགས་བསལ་བ་ཁ་གསབ་བྱས་ཡོད།

 《ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》ཀྱི་ཁྱད་ཆོས་བདུན་པ།

རིམ་པ་བཞིན་རྒྱལ་ཁབ་ལྟ་སྐྱོང་ལམ་ལུགས་འཕེལ་རྒྱས་དང་འཐུས་ཚང་བཏང་བ།

ཐེངས་འདིའི་ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་དང་《དམངས་དོན་ཁྲིམས་གཞུང》གཉིས་གྲུབ་འབྲས་ལྡན་པའི་སྒོ་ནས་མཐུན་སྦྲེལ་མཐུད་དང་། ལོ་ངོ་མང་པོའི་རིང་གི་ཁྲིམས་འཛིན་ལག་བསྟར་ཉམས་མྱོང་མཉམ་འབྲེལ་བྱས་ནས། རང་རེའི་རྒྱལ་ཁབ་ཀྱི་ཁྱད་ཆོས་ལྡན་པའི་ཁྲིམ་ཚང་གི་ལྟ་སྐྱོང་རྨང་གཞི་དང་། རྒྱལ་ཁབ་ཀྱི་ལྟ་སྐྱོང་ནི་མ་མཐའི་ལྟ་སྐྱོང་ལམ་ལུགས་འཕེལ་རྒྱས་དང་འཐུས་ཚང་དུ་བཏང་ཡོད། 

“ཁྱིམ་ཚང་གི་སྲུང་སྐྱོང”ལེའུ་ནང་ཕ་མ་དང་ལྟ་སྐྱོང་མཁན་གཞན་དག་གིས་ལྟ་སྐྱོང་འགན་འཁུར་དགོས་པ་གཏན་འབེབས་བྱས་ཡོད། 

“སྤྱི་ཚོགས་ཀྱི་སྲུང་སྐྱོང”ལེའུ་ནང་སྡོད་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ལྟ་སྐྱོང་ལྟ་སྐུལ་འགན་འཁྲིའི་སྐོར་གཏན་འབེབས་བྱས་ཡོད། 

“ཁྲིམས་འཛིན་སྲུང་སྐྱོང”དང“ཁྲིམས་འགན་འཁྲིའི”ནང་ཁྲིམས་འཛིན་ལས་ཁུངས་ལ་ཁྱིམ་བདག་གིས་ཁྱིམ་ཚང་སློབ་གསོ་དང་ལེན་བྱེད་དགོས་ལ། ཁྲིམས་ལྟར་མི་ལུས་བདེ་འཇགས་སྲུང་སྐྱོང་བཀའ་རྒྱ་གཏོང་བའི་དབང་ཆ་དང་། ལྟ་སྐྱོང་བྱེད་པའི་དབང་ཆ་སོགས་ཀྱི་ནང་དོན་ཕྱིར་འཐེན་བྱེད་པའི་བླང་བྱ་འདོན་དབང་ཡོད་པ་མ་ཟད། ནར་མ་སོན་པའི་མིའི་ཕ་མ་དང་ལྟ་སྐྱོང་བྱེད་མཁན་གཞན་དག་གིས་བསླབ་བྱ་དང་ཁྱིམ་ཚང་སློབ་གསོའི་ཁྲིད་སྟོན་དང་ལེན་བྱེད་དགོས་པ་གཏན་འབེབས་བྱས་ཡོད།

 《ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》ཀྱི་ཁྱད་ཆོས་བརྒྱད་པ།

ནར་མ་སོན་པའི་མིའི་བདེ་འཇགས་འགན་ལེན་ལ་བླ་ལྷག་ཏུ་ཤུགས་བསྣན་པ།

བདེ་འཇགས་ནི་དོན་ཆུང་ཞིག་མིན། ལོ་རེར་འབྱུང་བཞིན་པའི་བདེ་འཇགས་དོན་རྐྱེན་དང་གནོད་འཚེ་སྣ་ཚོགས་ནི་འཇིགས་སུ་རུང་བ་ཞིག་ཡིན་པས། ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས་བཅས་ནི་ནར་མ་སོན་པའི་མིས་འཚོ་བ་རོལ་བ་དང་སློབ་སྦྱོང་བྱེད་སྒོ་སྤེལ་བའི་གནས་གལ་ཆེན་ཞིག་ཡིན། ཐེངས་འདིའི་ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་ཀྱིས་ནར་མ་སོན་པའི་མིའི་མི་ལུས་བདེ་འཇགས་གནད་དོན་ཞིབ་ཕྲའི་གཏན་འབེབས་དང་། ཧུར་ཐག་གིས་ཚགས་དམ་པོ་དང་ཞིབ་ཕྲའི་སྒོ་ནས་ནར་མ་སོན་པའི་མིའི་བདེ་འཇགས་འགན་ལེན་དྲ་རྒྱ་བཟོས་ཡོད།

“ཁྱིམ་ཚང་གི་སྲུང་སྐྱོང་”ལེའུ་ནང་ཕ་མ་དང་ལྟ་སྐྱོང་མཁན་གྱིས་བྱིས་པའི་བདེ་འཇགས་ཀྱི་འགན་ལེན་འོས་འགན་ལག་བསྟར་བྱེད་དགོས་པར་ནན་གྱིས་བསྟན་ཡོད།

“སློབ་གྲྭའི་སྲུང་སྐྱོང”གི་ལེའུ་ནང་སྔར་ཡོད་ཀྱི་འབྲེལ་ཡོད་ཆ་རྐྱེན་གྱི་དོན་ཚན་ལ་བཟོ་བཅོས་བྱས་ནས། སློབ་གྲྭར་བདེ་སྲུང་མཁན་སོགས་བཀོད་སྒྲིག་བྱེད་དགོས་པ་སོགས་སྣ་མང་བའི་ཞིབ་ཕྲའི་བླང་བྱ་གསལ་བོར་བསྟན་ཡོད།

“སྲིད་གཞུང་གི་སྲུང་སྐྱོང”ལེའུ་ནང་དོན་ཚན་གཉིས་ཀྱིས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་དང་སྤྱི་བདེ་ལས་ཁུངས་ཀྱིས་སློབ་གྲྭའི་བདེ་འཇགས་ལ་འགན་ལེན་དང་། སློབ་གླིང་མཐའ་འཁོར་གྱི་བདེ་སྲུང་དང་འགྲིམ་འགྲུལ་གོ་རིམ་ལ་སྲུང་སྐྱོང་བྱེད་དགོས་པ་གཏན་འབེབས་བྱས་ཡོད།

འདིའི་རྨང་གཞིའི་སྟེང་། སྤྱི་ཚོགས་སྲུང་སྐྱོང་གི་ལེའུ་ནང་ཆེད་དུ་དོན་ཚན་གཉིས་ཁ་བསྣན་ནས། ལམ་ལུགས་གསར་པའི་འཕེལ་རྒྱས་གསར་གཏོད་རང་བཞིན་ལྡན་པར་བྱས་ཡོད། གསར་དུ་བསྣན་པའི་དོན་ཚན་ང་དྲུག་གི་ནང་སྤྱི་བའི་འདུ་གནས་ཀྱི་ནར་མ་སོན་པའི་མིའི་བདེ་འཇགས་འགན་ལེན་འོས་འགན་གཏན་འབེབས་གསལ་བོ་བྱས་ནས། སྤྱི་བའི་འདུ་གནས་སུ་གློ་བུར་བའི་དོན་དག་བྱུང་སྐབས། སྔོན་ལ་ནར་མ་སོན་པའི་མི་སྲུང་སྐྱོང་བྱེད་དགོས་པ་གསལ་བོར་བསྟན་ཡོད། རྨང་གཞིའི་རྩ་དོན་གྱི་རྨང་གཞིའི་སྟེང་། ནར་མ་སོན་པའི་མིའི་ཐུན་མོང་གི་བྱེད་སྒོ་སྤེལ་བའི་སྤྱི་བའི་འདུ་གནས་ལ་ཞིབ་ཕྲའི་བླང་བྱ་ཁག7གསལ་བོར་བཏོན་ཡོད།

《ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》ཀྱི་ཁྱད་ཆོས་དགུ་པ།

ནར་མ་སོན་པའི་མིའི་དྲ་རྒྱའི་སྲུང་སྐྱོང་ལམ་ལུགས་གསར་གཏོད་དང་འཕེལ་རྒྱས་བཏང་བ།

དྲ་རྒྱར་མགོ་འཁོར་བ་ནི་མིག་སྔའི་ནར་མ་སོན་པའི་མིའི་སྲུང་སྐྱོང་ཁྱབ་ཁྱོངས་ཀྱི་གཅིག་བསྡུས་གནད་དོན་ཅིག་ཡིན་པས།  སྤྱི་ཚོགས་ཀྱིས་ཚད་མཐོའི་དོ་ཁུར་བྱེད་བཞིན་ཡོད། རྒྱལ་ཁབ་གསར་འགྱུར་པར་སྐྲུན་པུའུ་ཡིས་ཆེད་དུ་ནར་མ་སོན་པའི་མི་དྲ་རྒྱའི་རོལ་རྩེད་ལ་མགོ་འཁོར་བ་སྔོན་འགོག་བྱེད་པའི་སྐོར་གྱི་བརྡ་ཁྱབ་བཏང་ཡོད་པ་རེད། འོན་ཀྱང་བཅའ་ཁྲིམས་ལམ་ལུགས་ཀྱི་རིམ་པ་ནས་ཞིབ་ཕྲའི་གཏན་འབེབས་བྱས་མེད་པས། ནར་མ་སོན་པའི་མིའི་དྲ་རྒྱའི་སྲུང་སྐྱོང་ལ་ཆེད་དུ་ལེའུ་ཞིག་སྒྲིག་ནས། རང་རེའི་རྒྱལ་ཁབ་ཀྱི་ནར་མ་སོན་པའི་དྲ་རྒྱའི་སྲུང་སྐྱོང་བཅའ་ཁྲིམས་ལ་རྨང་གཞི་བཏིང་ཡོད།

དྲ་རྒྱའི་སྡེ་ཁག་དང་སྡེ་ཁག་གཞན་དག

ཁྲིམས་ལྟར་དྲ་རྒྱ་བེད་སྤྱད་ནས་ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་གནོད་འཚེ་ལྡན་པའི་བྱེད་སྒོར་ཁྲིམས་ལྟར་ཆད་པ་བཅད་ནས། ནར་མ་སོན་པའི་མིར་བདེ་འཇགས་དང་བདེ་ཐང་གི་དྲ་རྒྱའི་ཁོར་ཡུག་ཅིག་བསྐྲུན་དགོས། 

སྤྱི་བའི་འདུ་གནས།

ནར་མ་སོན་པའི་མིའི་དྲ་རྒྱའི་སྲུང་སྐྱོང་སློབ་ཁྲིད་དང་བདེ་འཇགས་སྲུང་སྐྱོང་ལག་རྩལ་བྱ་ཐབས་གཞན་པ་སྒྲིག་སྦྱོར་བྱེད་དགོས། 

དྲ་རྒྱའི་ཐོན་རྫས་དང་ཞབས་ཞུ་འདོན་སྤྲོད་མཁན།

ནར་མ་སོན་པའི་མི་ལ་བསླུ་བྲིད་དང་དེ་བཞིན་མགོ་འཁོར་བའི་ཞབས་ཞུ་འདོན་སྤྲོད་བྱས་མི་ཆོག ནར་མ་སོན་པའི་མི་ལ་འདོན་སྤྲོད་བྱེད་པར་བེད་སྤྱོད་དུས་ཚོད་དོ་དམ་དང་། ཚོད་འཛིན་དོ་དམ། འཛད་སྤྱོད་དོ་དམ་སོགས་ཀྱི་བྱེད་ནུས་ཀྱི་ཞབས་ཞུ་བཀོད་སྒྲིག་བྱེད་དགོས། 

ཁྱིམ་ཚང་། 

རང་སྟེང་གི་དྲ་རྒྱའི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས། ནར་མ་སོན་པའི་མིའི་དྲ་རྒྱ་བེད་སྤྱོད་བྱ་སྤྱོད་ལ་ཁྲིད་སྟོན་དང་ལྟ་སྐུལ་བྱེད་པར་ཤུགས་སྣོན་དགོས། 

སློབ་གྲྭ། 

ནར་མ་སོན་པའི་སློབ་མས་ལག་ཁྱེར་ཁ་པར་སོགས་ཀྱི་རིག་ནུས་ཐོན་རྫས་སློབ་ཁྲིད་དུ་སོང་མི་ཆོག་ལ། སློབ་གྲྭར་ཁྱེར་ཡོང་ཚེ་གཅིག་གྱུར་གྱིས་དོ་དམ་བྱེད་དགོས།

 《ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》ཀྱི་ཁྱད་ཆོས་བཅུ་པ།

བཅའ་ཁྲིམས་འགན་འཁྲིས་ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་ནུས་པ་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པར་ཤུགས་བསྣན་པ།

ཐེངས་འདིའི་ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་བཟོ་བཅོས་ལས། བཅའ་ཁྲིམས་ཀྱི་འགན་འཁྲིའི་ལེའུ་ནང་ཆད་གཅོད་སྒྲིག་སྲོལ་མང་པོ་གཏན་འབེབས་གསལ་བོ་བྱས་ཡོད་པས། བཅའ་ཁྲིམས་ཀྱི་ནང་དོན་འདི་ལ་ནུས་པ་ལྡན་ལ། ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་ནུས་པ་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པར་འགན་ལེན་བྱས་ཡོད།

 སློབ་གྲྭའི་མཐའ་འཁོར་དུ་དུ་བ་དང་ཨ་རག རྒྱན་ཤོག་ཚོང་ཁང་སོགས་བཙུགས་མི་ཆོག་པ་གཏན་འབེབས་ཁ་གསབ་བྱས་ཡོད་པ་དང་། དེ་མིན་ད་དུང་མི་སུ་དང་སུ་ཡིན་རུང་སློབ་གྲྭ་དང་བྱིས་སྐྱོང་ཁང་། ནར་མ་སོན་པའི་མིའི་གཅིག་བསྡུས་བྱེད་སྒོ་སྤེལ་ཡུལ་དུ་དུ་བ་འཐེན་པ་དང་ཨ་རག་འཐུང་བ་སོགས་བྱས་མི་ཆོག་པ་གཏན་འབེབས་ཁ་གསབ་བྱས་ཡོད།

བཅའ་ཁྲིམས་འགན་འཁྲིའི་ཁག་དེ་དོན་ཚན་གཉིས་ཀྱིས་ཁྲིམས་ལུགས་ལག་བསྟར་གཙོ་གཞི་དང་དེ་བཞིན་བཅའ་ཁྲིམས་འགན་འཁྲི་ཞིབ་ཕྲའི་སྒོ་ནས་གཏན་འབེབས་བྱས་དོན། ནར་མ་སོན་པའི་མི་ལ་དུ་བ་བཙོང་ན་སྒོར་ཁྲི5མན་གྱི་ཆད་པ་བཅད་ཆོག་པ་མ་ཟད། ཡོ་བསྲང་མི་བྱེད་མཁན་དང་ཡང་ན་གནས་ཚུལ་ཚབས་ཆེ་བའི་རིགས་ལ། ད་དུང་ལས་གཉེར་བྱེད་མཚམས་འཇོག་པ་དང་དག་ཐེར་སྒོས་ཚོང་གཉེར་དཔང་ཡིག་མེད་པར་བཟོས་ཆོག་པ་མ་ཟད། འབྲེལ་ཡོད་ཆོག་འཐུས་དཔང་ཡིག་ཀྱང་མེད་པར་བཟོས་ཆོག སློབ་གྲྭ་དང་བྱིས་སྐྱོང་ཁང་། དེ་མ་ཡིན་པའི་ནར་མ་སོན་པའི་མིའི་ཐུན་མོང་བྱེད་སྒོ་སྤེལ་ཡུལ་སོགས་སུ་དུ་བ་འཐེན་པར། སྒོར་ལྔ་བརྒྱའི་མན་གྱི་ཆད་པ་གཅོད་པ་དང་། སྤྱི་བའི་འདུ་གནས་དོ་དམ་པས་དུས་ལྟར་ཚོད་འཛིན་བྱེད་མ་ཐུབ་པར། སྒོར་ཁྲི་གཅིག་མན་གྱི་ཆད་པ་བཅད་ཆོག

སྲིད་གཞུང་གི་སྲུང་སྐྱོང་།

ནར་མ་སོན་པའི་མིའི་གནས་སྐབས་ལྟ་སྐྱོང་མཁན་ལ། སྲིད་གཞུང་སྡེ་ཁག་གིས་གཉེན་ཉེར་གཉོར་སྐྱོང་བྱེད་ད་འཇུག་པ་དང་། ཁྱིམ་ཚང་གིས་གཉོར་སྐྱོང་བྱེད་པར་མངགས་བཅོལ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ཆོག་ལ། ད་དུང་ནར་མ་སོན་པའི་མིའི་རོགས་སྐྱར་སྲུང་སྐྱོང་ལས་ཁུངས་སམ་ཡང་ན་བྱིས་པའི་ཕན་བདེ་ལས་ཁུངས་ལ་སྤྲོད་པ་དང་གཉོར་སྐྱོང་བྱེད་དུ་བཅུག་ཆོག གནས་སྐབས་ལྟ་སྐྱོང་བྱེད་སྐབས། དམངས་སྲིད་སྡེ་ཁག་དཔྱད་དཔག་བྱས་པ་བརྒྱུད་ནས། ལྟ་སྐྱོང་མཁན་གྱིས་ཡང་བསྐྱར་ལྟ་སྐྱོང་འགན་འཁྲིའི་ཆ་རྐྱེན་འཐུས་ཚང་དང་ལག་བསྟར་བྱེད་པ་དང་། དམངས་སྲིད་སྡེ་ཁག་གིས་ད་དུང་ནར་མ་སོན་པའི་མི་ཕྱིར་ལྟ་སྐྱོང་མཁན་ལ་གཉོར་སྐྱོང་བྱེད་དུ་བཅུག་ཆོག

གཤམ་གྱི་གནས་ཚུལ་གྱི་རིགས་གཅིག་ཡོད་ཚེ། དམངས་སྲིད་སྡེ་ཁག་གིས་ཁྲིམས་ལྟར་ནར་མ་སོན་པའི་མི་ལ་དུས་ཡུན་རིང་བོར་ལྟ་སྐྱོང་བྱེད་དགོས། 

(གཅིག) ནར་མ་སོན་པའི་མིའི་ཕ་མའམ་ལྟ་སྐྱོང་མཁན་གཞན་པ་མ་རྙེད་པ།

(གཉིས།) ལྟ་སྐྱོང་མཁན་ཤི་བའམ་བསྒྲགས་གཏམ་སྤེལ་མཁན་ཤི་ནས་ལྟ་སྐྱོང་མཁན་གཞན་པ་མེད་པ། 

(གསུམ།) ལྟ་སྐྱོང་མཁན་གྱི་ལྟ་སྐྱོང་བྱེད་པའི་ནུས་པ་ཉམས་པའམ་ལྟ་སྐྱོང་འགན་འཁུར་མཁན་མེད་པ།

(བཞི།) མི་དམངས་ཁྲིམས་ཁང་གིས་ལྟ་སྐྱོང་བྱེད་པའི་ཐོབ་ཐང་ཕྱིར་འཐེན་བྱས་པ་མ་ཟད། དམངས་སྲིད་སྡེ་ཁག་གིས་ལྟ་སྐྱོང་འགན་འཁྲི་འཁུར་དགོས་པར་གཏན་འཁེལ་བྱས་པ།

   


རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།