ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་ཏང་ཀྲི་པུའུ་བྱ་བའི་སྲོལ་ཡིག(ཚོད་ལྟ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀྲུང་གོ་བོད་ཀྱི་དྲ་བའི་ལོ་ཙཱ་ཚན་ཆུང་གིས་བསྒྱུར།   སྤེལ་དུས། : 2021-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

   ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་དྲག་ཏུ་གཏོང་བ་དང་། “ཀྲི་པུའུ་བརྒྱ་ཤོག་ཏུ་འཛུགས་པའི”གཟི་བརྗིད་སྲོལ་རྒྱུན་དར་སྤེལ་གཏོང་བ། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བླང་བྱ་དངོས་འབེབས་བྱེད་པ། ཕྱོགས་ཡོངས་ནས་ཏང་ཀྲི་པུའུ་ཡི་རྩ་འཛུགས་ནུས་པ་མཐོར་འདེགས་སུ་གཏོང་བ། ཏང་ཀྲི་པུའུ་ཡི་ཆབ་སྲིད་ཕན་ནུས་ཇེ་ཆེར་གཏོང་བ། ཏང་ཀྲི་པུའུ་ཡི་འཐབ་འཛིང་གི་བཙན་རྫོང་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ། ཏང་གིས་ཡུན་རིང་སྲིད་སྐྱོང་གི་རྩ་འཛུགས་རྨང་གཞི་སྲ་བརྟན་དུ་གཏོང་ཆེད། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་སྲོལ》དང་འབྲེལ་ཡོད་ཏང་ནང་ཁུལ་གྱི་སྒྲིག་ཁྲིམས་ལ་གཞིགས་ཏེ་སྲོལ་ཡིག་འདི་གཏན་འཁེལ་བྱས་པ་ཡིན།

དོན་ཚན་གཉིས་པ། ཏང་ཀྲི་པུའུ་ནི་ཏང་གི་རྨང་གཞིའི་རྩ་འཛུགས་ཡིན་ལ། ཏང་རྩ་འཛུགས་ཀྱིས་ལས་དོན་སྤེལ་བའི་གཞི་རྩའི་ཚན་ཁག་ཡིན་ཞིང་། ཏང་གི་སྤྱི་ཚོགས་གཞི་རིམ་རྩ་འཛུགས་ཁྲོད་ཀྱི་འཐབ་འཛིང་གི་བཙན་རྫོང་ཡིན་པ་དང་། ཏང་གི་ལས་དོན་ཡོངས་དང་འཐབ་རྩོད་ནུས་ཤུགས་ཀྱི་རྨང་གཞི་ཡིན་པས། དེའི་ཐད་ཀར་ཏུ་ཏང་ཡོན་ལ་སློབ་གསོ་དང་ཏང་ཡོན་ལ་དོ་དམ། ཏང་ཡོན་ལ་ལྟ་སྐུལ་བྱེད་པ་དང་། མང་ཚོགས་རྩ་འཛུགས་དང་དྲིལ་སྒྲོག གཅིག་སྒྲིལ། ཞབས་ཞུ་བཅས་བྱེད་པའི་འགན་འཁྲི་འཁུར་ཡོད།

དོན་ཚན་གསུམ་པ། ཏང་ཀྲི་པུའུ་ཡི་ལས་དོན་སྤེལ་བར་གཤམ་གྱི་རྩ་དོན་ཁག་ངེས་པར་དུ་བརྩི་སྲུང་བྱེད་དགོས་ཏེ།

གཅིག མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕིང་གི་རིག་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་བསམ་བློ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་བཅས་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། ཏང་གི་སྒྲིག་སྲོལ་བརྩི་སྲུང་། བསམ་བློའི་རིག་གཞུང་ལ་ཤུགས་སྣོན་པ། ཕུགས་འདུན་དད་སེམས་སྲ་བརྟན་དུ་གཏོང་བ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོས་བཅིངས་པ། ནམ་ཡིན་ཡང་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་སྲུང་འཛིན་བཅས་བྱེད་དགོས།

གཉིས། ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་གོ་གནས་གལ་ཆེན་དུ་འཇོག་པ་རྒྱུན་འཁྱོངས་དང་། བློ་བརྟན་འགྱུར་མེད་ཀྱིས“འདུ་ཤེས་བཞི”འཛུགས་པ་དང་། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ།“བརྩི་སྲུང་བཞི”སྒྲུབ་ཐུབ་པ། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་གླེང་བ། བློ་ཐག་རྦད་ཆོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་དཀྱིལ་སྙིང་ཡིན་པའི་གོ་གནས་སྲུང་སྐྱོང་བྱེད་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུའི་གཅིག་གྱུར་མགོ་ཁྲིད་ལ་སྲུང་སྐྱོང་བྱེད་དགོས།

གསུམ། ཏང་གི་དགོངས་དོན་དང་མང་ཚོགས་ཀྱི་ལམ་ཕྱོགས་ལག་བསྟར་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཡོན་དང་མང་ཚོགས་ཀྱིས་ཏང་གི་ཁར་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་རྩ་འཛུགས་སྣེ་ཁྲིད་བྱས་ཏེ། ཏང་ཡོན་དང་མང་ཚོགས་ཀྱི་སྲོག་ཤིང་ཏུ་འགྱུར་བར་བྱེད་དགོས།

བཞི། དམངས་གཙོ་གཅིག་བསྡུའི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གཏོང་བ། ཏང་ཡོན་གྱི་གཙོ་གཞིའི་གོ་གནས་ལ་བརྩི་བཀུར་བྱེད་པ། ནང་གི་སྒྲིག་ཁྲིམས་ནན་ཏན་ཏུ་གཏོང་བ། རང་སྟེང་གི་གནད་དོན་ཐག་གཅོད་ནུས་པ་མཐོར་འདེགས་སུ་གཏོང་བ། སྐྱེ་སྟོབས་དང་གསོན་ཤུགས་ཆེ་རུ་གཏོང་དགོས།

ལྔ། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཞུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་གི་ལམ་ཕྱོགས་སྲིད་ཇུས་དང་ཐག་གཅོད་བཀོད་སྒྲིག་ལག་བསྟར་དངོས་འབེབས་ལ་ཁག་ཐེག་བྱེད་དགོས།

ལེའུ་གཉིས་པ། རྩ་འཛུགས་སྒྲིག་འཛུགས།

དོན་ཚན་བཞི་བ། ཏང་ཀྲི་པུའུ་སྒྲིག་འཛུགས་བྱེད་པར་སྤྱིར་བཏང་དུ་ལས་ཁུངས་དང་ས་ཁོངས་གཙོ་བོར་འཛིན་དགོས་ལ། བྱེད་ཐབས་གཙོ་བོ་ནི་ཁེར་རྐྱང་དུ་སྒྲིག་འཛུགས་བྱེད་པ་དེ་ཡིན། ཁེ་ལས་དང་ཞིང་སྡེ། ལས་ཁུངས། སློབ་གྲྭ། ཚན་རིག་ཞིབ་འཇུག་ཁང་། གཞིས་ཁུལ། སྤྱི་ཚོགས་རྩ་འཛུགས། མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་བརྒྱ་ཤོག་དང་གཞན་པའི་གཞི་རིམ་ལས་ཁུངས་སོགས་སུ། ཏང་ཡོན་དངོས་མ་མི3ཡན་ཡོད་པ་ལ་ཏང་ཀྲི་པུའུ་བཙུགས་ཆོག

ཏང་ཀྲི་པུའུ་ཡི་ཏང་ཡོན་མི་སྣ་སྤྱིར་བཏང་དུ་མི50ལས་བརྒལ་མི་ཆོག

དོན་ཚན་ལྔ་པ། དོན་དངོས་དང་འབྲེལ་ཏེ་ཏང་ཀྲི་པུའུ་ཡི་བཀོད་སྒྲིག་རྣམ་པ་གསར་གཏོད་བྱས་ཏེ། ཏང་གི་རྩ་འཛུགས་དང་ཏང་གི་བྱ་བ་ཡོངས་སུ་ཁྱབ་པར་བྱེད་པ། གཞི་ཁྱོན་ཅུང་ཆེ་བ་དང་ས་ཁོངས་བརྒལ་བའི་ཞིང་བའི་ཆེད་ལས་མཉམ་ལས་རྩ་འཛུགས་དང་། ཆེད་ལས་ཚོང་ར། ཚོང་ལས་སྲང་ཁུལ། ཚོང་དོན་ཐོག་ཁང་སོགས་ཆ་རྐྱེན་དང་མཐུན་པ་སྡེ་ཚན་རྣམས་ཀྱིས་ཏང་ཀྲི་པུའུ་འཛུགས་དགོས།     ཏང་ཡོན་དངོས་མ་མི3མི་ལོངས་པའི་ལས་ཁུངས་ཀྱིས་ས་ཁོངས་ཉེ་འདབས་སུ་ཡོད་པ་དང་། ལས་རིགས་འདྲ་བ། གཞི་ཁྱོན་འོས་འཚམ། དོ་དམ་བྱེད་བདེ་བའི་རྩ་དོན་ལྟར་མཉམ་འབྲེལ་ཏང་ཀྲི་པུའུ་འཛུགས་དགོས། མཉམ་འབྲེལ་ཏང་ཀྲི་པུའུ་ཁེབས་པའི་ལས་ཁུངས་སྤྱིར་བཏང་དུ་ལས་ཁུངས5ལས་བརྒལ་མི་རུང་། དུས་ཡུན་ཟླ6ཡན་གྱི་བཟོ་སྐྲུན་དང་ལས་དོན་རྣམ་གྲངས་སོགས་ཆ་རྐྱེན་དང་མཐུན་པའི་སྡེ་ཚན་རྣམས་ཀྱིས་ཏང་ཀྲི་པུའུ་འཛུགས་དགོས།

འཁོར་རྒྱུག་ཏང་ཡོན་ཅུང་མང་བ་དང་། བྱ་བའི་བྱེད་ཡུལ་དང་སྡོད་གནས་བལྟོས་བཅས་ཀྱི་གཏན་འཇགས་གཅིག་བསྡུས་ཡིན་ན་ཡོང་སའི་ཏང་ཀྲི་པུའུ་ཡིས་འགྲོ་སའི་ཏང་ཀྲི་པུའུ་ལ་གྲོས་མོལ་བྱས་ཏེ། གླིང་ཁུལ་དང་ཚོང་ཚོགས། ལས་རིགས་མཐུན་ཚོགས། ས་ཆ་གཞན་དག་རུ་བཅའ་སྡོད་བྱས་པའི་ལས་སྒྲུབ་ལས་ཁུངས་སོགས་ཀྱིས་འཁོར་རྒྱུན་ཏང་ཡོན་གྱི་ཏང་ཀྲི་པུའུ་འཛུགས་དགོས།

དོན་ཚན་དྲུག་པ། ཏང་ཀྲི་པུའུ་འཛུགས་པར་སྤྱིར་བཏང་དུ་གཞི་རིམ་ལས་ཁུངས་ཀྱིས་སྙན་ཞུ་འདོན་པ་དང་། གནས་སའི་ཤང་གྲོང(སྲང་ལམ)ཡང་ན་ལས་ཁུངས་ཀྱི་གཞི་རིམ་ཏང་ཨུས་ཚོགས་འདུ་བསྡུས་ཏེ་ཞིབ་འཇུག་གཏན་འཁེལ་དང་ཆོག་མཆན་འགོད་དགོས། ཆོག་མཆན་འགོད་པའི་དུས་ཡུན་སྤྱིར་བཏང་དུ་ཟླ1ལས་བརྒལ་མི་རུང་།

གཞི་རིམ་ཏང་ཨུས་ཆོག་མཆན་འགོད་པར་འཐད་པ་བྱུང་རྗེས། གཞི་རིམ་ལས་ཁུངས་ཀྱིས་ཏང་ཡོན་ཚོགས་ཆེན་བསྡུས་ཏེ་ཏང་ཀྲི་པུའི་ཨུ་ཡོན་ལྷན་ཁང་དང་ཡང་ན་ཨུ་ཡོན་ལྷན་ཁང་མི་འཛུགས་པའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་འདེམས་བསྐོ་བྱས་ནས་ཐོན་རྒྱུ་དང་། ཆོག་མཆན་དང་འདེམས་བསྐོའི་མཇུག་འབྲས་དེ་གཞི་རིམ་ཏང་ཨུས་གོང་རིམ་ཏང་རྩ་འཛུགས་ལ་ལས་ཁུངས་ལ་ཡར་ཞུ་བྱས་ཏེ་ཐོ་འགོད་སྙན་སེང་ཞུ་དགོས། བྱ་བའི་དགོས་མཁོ་ལྟར། གོང་རིམ་ཏང་ཨུས་ཐད་ཀར་དུ་གཞི་རིམ་ལས་ཁུངས་སུ་ཏང་ཀྲི་པུའུ་འཛུགས་པར་གཏན་འཁེལ་བྱས་ཆོག

དོན་ཚན་བདུན་པ། ཏང་ཡོན་གྱི་མི་གྲངས་ཡོད་སའི་ལས་ཁུངས་དང་ས་ཁོངས་སོགས་འགྱུར་ལྡོག་བྱུང་ཚེ། འཛུགས་པའི་ཆ་རྐྱེན་དང་མི་མཐུན་པའི་ཏང་ཀྲི་པུའུ་ལ་གོང་རིམ་ཏང་རྩ་འཛུགས་ཀྱིས་དུས་ཐོག་ཏུ་ལེགས་སྒྲིག་དང་ཡང་ན་ཕྱིར་འཐེན་བྱེད་དགོས།

ཏང་ཀྲི་པུའུ་ཡི་ལེགས་སྒྲིག་དང་ཕྱིར་འཐེན་དེ་སྤྱིར་བཏང་དུ་ཏང་ཀྲི་པུའུ་ཡོད་སའི་ཤང་གྲོང(སྲང་ལམ)ཡང་ན་ལས་ཁུངས་ཀྱི་གཞི་རིམ་ཏང་ཨུའི་ཆོག་མཆན་འགོད་རྒྱུ་དང་། ཡང་ན་ཡོད་སའི་ཤང་གྲོང(སྲང་ལམ)ངམ་ལས་ཁུངས་ཀྱི་གཞི་རིམ་ཏང་ཨུས་ཐད་ཀར་དུ་གཏན་ཁེལ་བྱས་ཆོག དེ་མིན་གོང་རིམ་གྱི་ཏང་ཨུའི་རྩ་འཛུགས་ལས་ཁུངས་ཀྱིས་ཐོ་འགོད་སྙན་སེང་བྱེད་པར་ཡར་ཞུ་བྱེད་དགོས།

དོན་ཚན་བརྒྱད་པ། ལས་འགན་ག་གེ་མོ་ཞིག་ལག་བསྟར་བྱ་ཆེད་གནས་སྐབས་སུ་བཙུགས་པའི་ལས་ཁུངས་ཀྱི་ཏང་ཡོན་རྩ་འཛུགས་འབྲེལ་བ་དང་ལེན་མི་བྱེད་པར་གོང་རིམ་ཏང་རྩ་འཛུགས་ཀྱིས་ཆོག་མཆན་བཀོད་དེ་གནས་སྐབས་ཀྱི་ཏང་ཀྲི་པུའུ་བཙུགས་ཆོག གནས་སྐབས་ཏང་ཀྲི་པུའུ་ཡིས་གཙོ་བོ་ཏང་ཡོན་རྩ་འཛུགས་བྱས་ཏེ་ཆབ་སྲིད་སློབ་སྦྱོང་དང་སློབ་གསོ། དོ་དམ། ཏང་ཡོན་ལ་ལྟ་སྐུལ། ཏང་ཞུགས་ཧུར་བརྩོན་ཅན་ལ་སློབ་གསོ་སྐྱེད་སྲིང་སོགས་སྤེལ་ཏེ། སྤྱིར་བཏང་དུ་ཏང་ཡོན་ཇེ་མང་དུ་མི་གཏོང་བ་དང་། ཏང་ཡོན་ལ་ཆད་གཅོད་མི་བྱེད་པ། ཏང་དངུལ་བསྡུ་ལེན་མི་བྱེད་པ་མ་ཟད། ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་མི་བྱེད་པར་སྐབས་བརྗེ་བའི་ལས་དོན་ཡང་སྤེལ་རྒྱུ་མིན།

གནས་སྐབས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ། ཨུ་ཡོན་བཅས་པ་ཏང་ཀྲི་པུའུ་འཛུགས་པར་འཐད་པ་བྱུང་བའི་ཏང་རྩ་འཛུགས་ཀྱིས་གཏན་འཁེལ་བྱས་པ་ཡིན།

གནས་སྐབས་སུ་བཙུགས་པའི་ལས་ཁུངས་ཕྱིར་འཐེན་བྱས་རྗེས་གནས་སྐབས་ཀྱི་ཏང་ཀྲི་པུའུ་ཡང་རང་བཞིན་གྱིས་ཕྱིར་འཐེན་བྱས་པ་ཡིན།

ལེའུ་གསུམ་པ། རྩ་བའི་ལས་འགན།

དོན་ཚན་དགུ་བ། ཏང་ཀྲི་པུའུ་ཡི་རྩ་བའི་ལས་འགན་ནི།

གཅིག ཏང་གི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། ཏང་ཀྲུང་དབྱང་དང་གོང་རིམ་ཏང་རྩ་འཛུགས། རང་གི་ཏང་ཀྲི་པུའུ་ཡི་གཏན་འབེབས་དྲིལ་སྒྲོག་དང་ལག་བསྟར་བྱེད་དགོས། ས་ཁུལ་དེའི་ལས་ཁུངས་དེ་དང་སྡེ་ཁག་དེའི་དོན་ཚན་གལ་ཆེན་གྲོས་བསྡུར་བྱས་ནས་ཐག་གཅོད་དང་ཡང་ན་ཐག་གཅོད་ཁྲོད་ཞུགས་ཏེ། ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། མཐུན་སྒྲིལ་གྱིས་མང་ཚོགས་རྩ་འཛུགས་བྱས་ཏེ། རང་ས་ཁུལ་དང་རང་ལས་ཁུངས་རང་སྡེ་ཁག་གི་ཁྲོད་ཀྱི་འགན་འཁུར་ཧུར་ཐག་གིས་ལེགས་འགྲུབ་བྱེད་དགོས།

གཉིས། ཏང་ཡོན་གྱིས་ཏན་ཏིག་གིས་མར་ཁེ་སི་ལའེ་ཉིན་རིང་ལུགས་དང་།མའོ་ཙེ་ཏུང་དགོངས་པ།ཏིན་ཞའོ་ཕིང་རིག་པའི་གཞུང་ལུགས།“མཚོན་བྱེད་གསུམ”་གྱི་དགོངས་པ་གལ་ཆེན། ཚན་རིག་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་བྱེད་པར་རྩ་འཛུགས་བྱས་ཏེ།“སློབ་པ་གཉིས་དང་བྱེད་པ་གཅིག་གི”སློབ་སྦྱོང་སློབ་གསོ་རྒྱུན་ལུགས་ཅན་དང་། སྒྲིག་སྲོལ་ཅན་ལ་སྐུལ་འདེད་གཏོང་བ།ཏང་གི་ལམ་ཕྱོགས་ཁ་ཕྱོགས་སྲིད་ཇུས་དང་ཆོད་དོན་ལ་སློབ་སྦྱོང་ལ་བྱེད་པ། ཏང་གི་རྩ་བའི་ཤེས་བྱ་དང་ །ཚན་རིག་དང་། རིག་གནས། བཅའ་ཁྲིམས་དང་ལས་གཉེར་ཤེས་བྱར་སློབ་སྦྱོང་བྱེད་པ། བསམ་བློ་ཆབ་སྲིད་བྱ་བ་དང་འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་བཅས་ལ་སློབ་སྦྱོང་བྱེད་དགོས།

གསུམ། ཏང་ཡོན་ལ་སློབ་གསོ་དང་། དོ་དམ། ལྟ་སྐུལ་དང་ཞབས་ཞུ་བྱས་ཏེ། ཆབ་སྲིད་སློབ་གསོ་དང་། ཏང་ཡོན་གྱི་སྤུས་ཚད་མཐོ་རུ་བཏང་ནས། ཕུགས་འདུན་དང་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། ཏང་གཤིས་མཐོར་འདེགས་དང་། སྐྱོན་བརྗོད་དང་རང་ལ་སྐྱོན་བརྗོད་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སྲུང་སྐྱོང་དང་ལག་བསྟར་བྱས་ནས། ཏང་ཡོན་གྱི་འོས་འགན་ལག་བསྟར་བྱེད་པར་ལྟ་སྐུལ་བྱས་པ་དང་། ཏང་ཡོན་གྱི་དབང་ཆར་འགོག་རྒོལ་མི་ཐེབས་པར་འགན་སྲུང་བྱེད་དགོས། ཏང་ཡོན་དོ་དམ་ལ་ཤུགས་བསྣོན་དང་ལེགས་བཅོས་བྱེད་དགོས། དཀའ་ཁག་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་པར་རོགས་སྐྱོར་བྱེད་དགོས། ཏང་གི་འགྲོ་གྲོན་བསྡུ་སྤྲོད་བྱ་བ་ལེགས་པོར་སྒྲུབ་པ་དང་། བེད་སྤྱོད་དང་དོ་དམ་བྱ་བ་ལེགས་པོར་སྒྲུབ་དགོས་ཤིང་། གཏན་སྲོལ་ལྟར་ལུགས་མཐུན་མིན་པའི་ཏང་ཡོན་ཐག་གཅོད་བྱེད་དགོས།

བཞི། མང་ཚོགས་ལ་འབྲེལ་འདྲིས་དམ་ཟབ་བྱས་ཏེ། མང་ཚོགས་ལ་ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་། རྒྱུན་པར་མང་ཚོགས་ཀྱིས་ཏང་ཡོན་དང་། ཏང་གི་བྱ་བའི་སྐྱོན་བརྗོད་དང་བསམ་འཆར་ལ་རྒྱུས་ལོན་དང་། མང་ཚོགས་ཀྱི་རེ་ཞུར་རྒྱུས་ལོན་བྱས་ནས །མང་ཚོགས་ཀྱི་ཁེ་དབང་དང་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་དང་། མང་ཚོགས་ཀྱི་བསམ་བློ་ཆབ་སྲིད་ཀྱི་བྱ་བ་ལེགས་པོར་བསྒྲུབ་ནས། རྒྱ་ཆེའི་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། འགོ་ཁྲིད་ཀྱི་རང་ས་ཁུལ་དང་སྡེ་ཁག ལས་ཁུངས་ཀྱི་བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་རྩ་འཛུགས་སོགས་ཚོགས་པ་རྩ་འཛུགས་བྱས་ཏེ། ཁོ་ཚོའི་རང་རང་གི་སྒྲིག་ཁྲིམས་ལྟར་བྱ་བ་སྤེལ་བར་འགན་ཁུར་བར་རྒྱབ་སྐྱོར་བྱེད་དགོས།

ལྔ། ཏང་ནང་དུ་ཞུགས་མཁན་ལ་སློབ་གསོ་དང་གསོ་སྐྱོང་བྱེད་པར་རེ་བ་འདོན་པ་དང་།རྒྱུ ན་པར་ཏང་ཡོན་བྱ་བ་ལེགས་པོར་སྒྲུབ་ནས། ཆབ་སྲིད་ཀྱི་ཚད་གཞི་དེ་གོ་གནས་དང་པོར་བཞག་ཏེ། གོ་རིམ་གཟབ་ནན་དང་། སྒྲིག་ཁྲིམས་ནན་མོ། ཆབ་སྲིད་ཀྱི་ངོ་བོ་གཙང་མའི་ཏང་ཡོན་འཕེལ་རྒྱས་སུ་གཏོང་དགོས། ཏང་ཡོན་གསོ་སྐྱོང་དང་འོས་སྦྱོར་བྱེད་པ། མང་ཚོགས་ཁྲོད་ཀྱི་ཕུལ་བྱུང་འཇོན་མི་གསོ་སྐྱོང་དང་ཤེས་རྟོགས་བྱུང་དགོས།

དྲུག ཏང་ཡོན་ལས་བྱེད་པ་དང་ལས་སྒྲུབ་མི་སྣ་གཞན་དག་གང་རུང་གིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་ལྟ་སྐུལ་བྱེད་པ་དང་། རྒྱལ་ཁབ་ཀྱི་ནོར་སྲིད་དཔལ་འབྱོར་ཁྲིམས་སྲོལ་དང་མི་དོན་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱེད་པ་ལས། རྒྱལ་ཁབ་དང་ཐུན་མོང་། མང་ཚོགས་ཀྱི་ཁེ་ཕན་ལ་ཧམ་བཟུང་བྱས་མི་ཆོག

བདུན། དངོས་ཐོག་བདེན་འཚོལ་ནི་ཏང་གི་འཛུགས་སྐྲུན་དང་། ཏང་གི་བྱ་བར་བཏོན་པའི་བསམ་འཆར་ཡིན་ཞིང་། དུས་ཐོག་ཏུ་གོང་རིམ་ཏང་རྩ་འཛུགས་ལ་གནས་ཚུལ་གལ་ཆེན་གྱི་སྙན་ཞུ་འབུལ་དགོས། ཏང་ཡོན་ལ་སློབ་གསོ་དང་། མང་ཚོགས་ཀྱིས་རང་འགུལ་སྒོས་མི་ལེགས་པའི་སྤྱོད་ངན་བཀག་སྟེ། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་འཐབ་རྩོད་བྱེད་དགོས།

བརྒྱད། གཏན་འཁེལ་ལྟར་ཏང་ཡོན་དང་། མང་ཚོགས་ལ་ཏང་གི་བྱ་བའི་གནས་ཚུལ་ཡོངས་བསྒྲགས་དང་། ཏང་ནང་ཁུལ་གྱི་འབྲེལ་ཡོད་ལས་དོན་ཡོངས་བསྒྲགས་བྱེད་དགོས།

དོན་ཚན་བཅུ་བ། ཁྱབ་ཁོངས་མི་འདྲ་བའི་ཏང་ཀྲི་པུའུ་ཡི་དོན་དངོས་དང་ཟུང་འབྲེལ་སྒོས་རང་རང་གི་གཙོ་གནད་ལས་འགན་ཁུར་དགོས།

གཅིག སྡེ་བའི་ཏང་ཀྲི་པུའུ་ཡིས་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པ་དེ་རང་སྡེ་བའི་རིགས་སོ་སོའི་རྩ་འཛུགས་དང་བྱ་བ་སོ་སོར་གཏོགས་ཤིང་། གྲོང་གསེབ་དར་རྒྱས་འཐབ་ཇུས་བྱ་བ་སྤེལ་བ་དང་དམ་དུ་འབྲེལ་ནས། ཞིང་བ་མང་ཚོགས་ཀྱི་སྣེ་ཁྲིད་དེ་གཅིག་བསྡུས་དཔལ་འབྱོར་དང་། མཉམ་དུ་འབྱོར་ཕྱུག་གི་བགྲོད་ལམ་སྟེང་བསྐྱོད་པ་དང་། སྡེ་བ་རིམ་པའི་བཅོས་སྐྱོང་ལ་འགོ་ཁྲིད་བྱས་ནས། འཆམ་མཐུན་མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་བྱེད་དགོས། དབུལ་ཕོངས་སྡེ་བའི་ཏང་ཀྲི་པུའུ་ཡིས་མང་ཚོགས་ཀྱི་སྣེ་ཁྲིད་དེ། སྟོབས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་ལས་རྣམ་པར་རྒྱལ་བར་སྐུལ་སློང་བྱེད་དགོས།

གཉིས། སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡིས་ཁོངས་གཏོགས་སྡེ་ཁུལ་གྱི་རྩ་འཛུགས་ཁག་དང་ལས་དོན་ཁག་ལ་ཁྱོན་ཡོངས་ནས་མགོ་ཁྲིད་དང་། ཏང་གིས་གྲོང་ཁྱེར་དུ་སྲིད་སྐྱོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་བ། མང་ཚོགས་ལ་བདེ་སྐྱིད་སྐྲུན་རྒྱུར་དམིགས་ནས་ལས་དོན་སྤེལ་བ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་མགོ་ཁྲིད་བྱེད་པ། ཁོངས་གཏོགས་ཁུལ་གྱི་ཐོན་ཁུངས་བསྡུ་སྒྲིལ་རྩ་འཛུགས་བྱེད་པ། སྡེ་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བ། འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་བྱེད་པ་དང་། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པ་བཅས་བྱེད་དགོས།

གསུམ། རྒྱལ་གཉེར་ཁེ་ལས་དང་ཐུན་མོང་ཁེ་ལས་ཀྱི་ཏང་ཀྲི་པུའུ་ཡིས་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་ལག་ལེན་མཐར་ཕྱིན་སྒོས་ལྟ་སྐུལ་བྱེད་པར་ཁག་ཐེག་དང་། ཁེ་ལས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་པར་དམིགས་ནས་བྱ་བ་སྒྲུབ་པ། གཏན་འབེབས་ལྟར་ཁེ་ལས་ཀྱི་གནད་དོན་གལ་ཆེན་ཇུས་ཐག་གཅོད་པར་ཞུགས་པ་བཅས་བྱས་ཏེ། བཅོས་བསྒྱུར་དང་གོང་འཕེལ་ལ་ཞབས་འདེགས་ཞུ་བ། ལས་བཟོ་པ་མང་ཚོགས་གོང་བུ་གཅིག་ཏུ་འགྲིལ་བ་དང་། ཁེ་ལས་རིག་གནས་འཛུགས་སྤེལ་བཅས་བྱེད་པར་བྱས་རྗེས་བཟང་པོ་བཅས་འཇོག་དགོས།

བཞི། མཐོ་རིམ་སློབ་གྲྭའི་ཏང་ཀྲི་པུའུ་ཡིས་ཏང་གི་སློབ་གསོའི་མཛད་ཕྱོགས་ལག་བསྟར་དོན་འཁྱོལ་ལ་ལྟ་སྐུལ་བྱེད་པར་འགན་ལེན་དང་། མཐོ་རིམ་སློབ་གྲྭའི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་སྲ་བརྟན་དུ་གཏོང་བ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན། སློབ་མའི་ཕུགས་བསམ་དང་དད་སེམས་ཀྱི་རྨང་གཞི་བརྟན་འཇགས་སུ་གཏོང་བ། ཀུན་སྤྱོད་ལ་བརྟེན་ནས་མི་གཞི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ་བཅས་བྱས་ནས། ཚན་རིག་ཞིབ་དོ་དམ་སློབ་ཁྲིད་ཀྱི་ལས་འགན་ཁག་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་དགོས།

ལྔ། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་ཁྲོད་ཀྱི་ཏང་ཀྲི་པུའུ་ཡིས་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་མོ་བྱེད་པ་དང་། ལས་བཟོ་པ་མང་ཚོགས་མཐུན་སྒྲིལ་དང་གོང་བུ་གཅིག་ཏུ་འགྲིལ་བ། ཕྱོགས་གང་ཅིའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་། ཁེ་ལས་ཀྱི་སྔོན་ཐོན་རིག་གནས་འཛུགས་སྐྱོང་། ཁེ་ལས་བདེ་འཇགས་ངང་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་བཅས་བྱེད་པར་ཁྲིད་སྟོན་དང་ལྟ་སྐུལ་བྱེད་དགོས།

དྲུག སྤྱི་ཚོགས་རྩ་འཛུགས་ཁྲོད་ཀྱི་ཏང་ཀྲི་པུའུ་ཡིས་སྤྱི་ཚོགས་རྩ་འཛུགས་ཀྱིས་ཁྲིམས་ལྟར་ལས་གཉེར་དང་ཁ་དན་ཚིག་གནས་ཀྱིས་ལས་ཞུགས་བྱེད་པར་ཁྲིད་སྟོན་དང་ལྟ་སྐུལ་བྱེད་པ་དང་། ལས་བཟོ་པ་མང་ཚོགས་ལ་ཆབ་སྲིད་ཀྱི་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བའི་སློབ་གསོའི་ཁྲིད་སྟོན་བྱེད་པ། སྤྱི་ཚོགས་རྩ་འཛུགས་གོ་རིམ་ལྡན་པའི་སྒོ་ནས་སྤྱི་ཚོགས་བཅོས་སྐྱོང་བྱེད་པར་ཞུགས་པ་དང་། སྤྱི་པའི་ཞབས་ཞུ་མཁོ་འདོན། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ་བཅས་ལ་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས།

བདུན། བྱ་གཞག་སྡེ་ཁག་གི་ཏང་ཀྲི་པུའུ་ཡིས་བཅོས་བསྒྱུར་དང་འཕེལ་རྒྱས་གཏོང་བར་ལྟ་སྐུལ་བྱེད་པའི་ཁ་ཕྱོགས་ཡང་དག་ཡིན་པར་འགན་ལེན་དང་། ཇུས་ཐག་གལ་ཆེན་གཅོད་པར་ཐེ་ཞུགས། ཤེས་ལྡན་པ་འཚར་ལོངས་ཡོང་བར་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་བྱ་གཞག་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་དང་། བྱ་གཞག་ལས་ཁུངས་ཀྱི་མགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་ཏང་ཀྲི་པུའུ་ཡིས་གནད་དོན་གལ་ཆེན་ལ་གྲོས་བསྡུར་དང་ཐག་གཅོད་བྱེད་དགོས།

བརྒྱད།  རིམ་པ་ཁག་གི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཡིས་ཞབས་ཞུའི་ལྟེ་གནས་དང་དཔུང་ཁག་འཛུགས་སྐྱོང་བྱེད་པར་དམིགས་ནས་ལས་དོན་བསྒྲུབས་ཏེ། ཏང་ཡོན་ལ་སློབ་གསོ་དང་དོ་དམ། ལྟ་སྐུལ་བཅས་བྱེད་པའི་ནུས་པ་འདོན་སྤེལ་དང་། སྡེ་ཁག་དེ་གའི་སྲིད་འཛིན་འགན་ཁུར་པར་ལས་འགན་ལེགས་འགྲུབ་དང་བྱ་བ་ལེགས་བཅོས་བྱེད་རོགས་བྱེད་དགོས།

དགུ། འཁོར་སྐྱོད་ཏང་ཡོན་གྱི་ཏང་ཀྲི་པུའུ་ཡིས་འཁོར་སྐྱོད་ཏང་ཡོན་རྩ་འཛུགས་བྱས་ནས་ཆབ་སྲིད་སློབ་སྦྱོང་དང་། རྩ་འཛུགས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བ། དམངས་གཙོའི་དཔྱད་བསྡུར་བཅས་བྱས་ཏེ་ཏང་ཡོན་གྱིས་ཏང་ཡོན་གྱི་འོས་འགན་སྒྲུབ་པ་དང་། ཏང་ཡོན་གྱི་ཁེ་དབང་སྤྱོད་པ། ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་ཁྲིད་སྟོན་བྱེད་པ་དང་། རྩ་འཛུགས་ཀྱི་འབྲེལ་བ་རང་རེའི་ཏང་ཀྲི་པུའུ་རུ་མེད་པའི་འཁོར་སྐྱོད་ཏང་ཡོན་ལ་དམངས་གཙོའི་དཔྱད་བསྡུར་བྱེད་པ་སོགས་ཀྱི་གནས་ཚུལ་ཡོད་ཚེ། དེ་གའི་རྩ་འཛུགས་ཀྱི་འབྲེལ་བ་ཡོད་པའི་ཏང་ཀྲི་པུའུ་ལ་བརྡ་ཁྱབ་གཏོང་དགོས།བཅུ། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་དང་ལས་བཟོ་པའི་ཏང་ཀྲི་པུའུ་ཡིས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་བཅས་དྲིལ་བསྒྲགས་དང་ལག་བསྟར་བྱེད་པ་དང་། ཏང་ཡོན་གྱི་གནས་ཚུལ་དངོས་ལ་གཞིགས་ཏེ་སློབ་སྦྱོང་ལ་ཞུགས་པར་རྩ་འཛུགས་བྱེད་པ། ཏང་གི་རྩ་འཛུགས་ཀྱི་འཚོ་བ་སྤེལ་བ་དང་བསམ་འཆར་དང་གྲོས་གཞིར་ཉན་ནས། ཁོ་ཚོའི་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ནུས་པ་འདོན་སྤེལ་བྱེད་པར་ཁྲིད་སྟོན་བྱེད་དགོས།

ལེའུ་བཞི་པ། བྱ་བའི་སྒྲིག་གཞི།

དོན་ཚན་བཅུ་གཅིག་པ། ཏང་ཀྲི་པུའུ་ཡི་ཏང་ཡོན་གྱི་ཚོགས་ཆེན་ནི་ཏང་ཀྲི་པུའུ་ཡི་གཞུང་དོན་གྲོས་མོལ་གྱིས་ཇུས་ཐག་གཅོད་པའི་སྒྲིག་གཞི་ཞིག་ཡིན་པ་དང་། ཏང་ཡོན་ཡོངས་རྫོགས་ཞུགས་དགོས་པ་མ་ཟད། སྤྱིར་དུས་ཚིགས་རེར་ཐེངས་རེ་འཚོག་དགོས།

ཏང་ཀྲི་པུའུ་ཏང་ཡོན་ཚོགས་ཆེན་གྱི་འགན་དབང་ནི། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་ཉན་པ་དང་དེར་ཞིབ་བཤེར་བྱས་ནས། གཏན་འབེབས་ལྟར་ཏང་ཀྲི་པུའུ་ཡི་འདེམས་བསྐོའི་བྱ་བ་བསྒྲུབ་ནས་གོང་རིམ་ཏང་གི་འཐུས་མིའི་ཚོགས་ཆེན་ལ་ཞུགས་མཁན་འཐུས་མིའི་འོས་མི་འོས་སྦྱོར་བྱེད་པ་དང་། གོང་རིམ་ཏང་གི་འཐུས་མིའི་ཚོགས་ཆེན་ལ་ཞུགས་མཁན་འཐུས་མི་འདེམས་བསྐོ་བྱེད་པ། གྲ་སྒྲིག་ཏང་ཡོན་དང་ཏང་ཡོན་དངོས་ལ་བསྒྱུར་བ་དང་དེའི་གྲ་སྒྲིག་དུས་ཡུན་བསྲིང་བར་གྲོས་བསྡུར་དང་བརྡས་ཐག་གཅོད་པའམ་ཡང་ན་གྲ་སྒྲིག་ཏང་ཡོན་གྱི་ཐོབ་ཐང་མེད་པར་བཟོ་བ། ཏང་ཡོན་ལ་གཟེངས་བསྟོད་བྱེད་པར་གྲོས་བསྡུར་ཐག་གཅོད་བྱེད་པ་དང་། རྩ་འཛུགས་ཀྱི་ཐག་གཅོད་དང་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་པ། དོན་ཚན་གལ་ཆེན་གཞན་དག་ཐག་གཅོད་བྱེད་དགོས།

སྡེ་བ་དང་སྡོད་ཁུལ་གྱི་དོན་དག་གཙོ་བོ་དང་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཟབ་མོ་ལྡན་པའི་དོན་དག ངེས་པར་དུ་ཏང་ཀྲི་པུའུ་ཏང་ཡོན་ཚོགས་ཆེན་གྱི་བགྲོ་གླེང་བརྒྱུད་དགོས།

ཏང་ཀྲི་པུའུ་ཏང་ཡོན་ཚོགས་ཆེན་གྱི་གླེང་གཞི་སྤྲད་པ་བརྡས་ཐག་མ་བཅད་སྔོན་དུ། བགྲོ་གླེང་ཕུན་སུམ་ཚོགས་པ་བརྒྱུད་འོས། བརྡས་ཐག་གཅོད་པ་ལ་ངེས་པར་དུ་བརྡས་ཐག་གཅོད་དབང་ཡོད་པའི་ཏང་ཡོན་ཕྱེད་ཀའི་ཡན་ཚོགས་འདུར་སླེབས་རྗེས་ད་གཟོད་ལག་བསྟར་བྱས་ཆོག་ཅིང་། འཐད་པ་བྱུང་བའི་མི་གྲངས་བརྡས་ཐག་གཅོད་དབང་ཡོད་པའི་ཏང་ཡོན་གྱི་ཕྱེད་ཀའི་ཡན་ཟིན་ན་གྲོས་འཆམ་བྱུང་བར་བརྩི།

དོན་ཚན་བཅུ་གཉིས་པ། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཚོགས་ནི་ཏང་ཀྲི་པུའུ་ཡི་དུས་རྒྱུན་བྱ་བའི་མགོ་ཁྲིད་སྒྲིག་གཞི་ཡིན། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་སྤྱིར་བཏང་གི་ཟླ་རེར་ཐེངས་རེ་འཚོགས་དགོས་པ་དང་། དགོས་མཁོ་དང་བསྟུན་ནས་དུས་ངེས་མེད་དུ་འཚོགས་ཆོག ཏང་ཀྲི་པུའུ་ཡི་བྱ་བ་གཙོ་བོར་བགྲོ་གླེང་དང་ཐག་གཅོད་སོགས་བྱེད་དགོས། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་ནི་ཨུ་ཡོན་ཕྱེད་ཀའི་ཡན་ཚོགས་འདུར་སླེབས་རྗེས་ད་གཟོད་འཚོགས་ཆོག དོན་དག་གལ་ཆེན་ཏང་ཡོན་ཚོགས་ཆེན་ལ་སྤྲད་དེ་ཐག་གཅོད་དུ་མ་བཅུག་སྔོན་ལ། སྤྱིར་བཏང་གི་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་བརྒྱུད་ནས་བགྲོ་གླེང་བྱེད་དགོས།

དོན་ཚན་བཅུ་གསུམ་པ། ཏང་ཡོན་མི་གྲངས་ཅུང་མང་བའམ་ཏང་ཡོན་གྱི་ལས་དོན་སྒྲུབ་ས་དང་སྡོད་གནས་ཅུང་ཁ་ཐོར་ཡིན་པའི་ཏང་ཀྲི་པུའུ་ཡིས་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་བདེ་བའི་རྩ་དོན་ལྟར། ཏང་ཚོགས་ཆུང་འགར་བགོས་རུང་ཞིང་། དེར་མ་ཟད་ཏང་ཚོགས་ཆུང་གི་ཚོགས་གཙོ་ཡང་བསྐོ་འོས། ཏང་ཚོགས་ཆུང་གི་ཚོགས་གཙོ་ནི་ཏང་ཀྲི་པུའུ་ཡིས་བསྐོ་བའམ། ཡང་ན་ཏང་ཚོགས་ཆུང་གི་ཏང་ཡོན་ཚོས་འདེམ་སྒྲུག་བྱས་ཀྱང་ཆོག

ཏང་ཚོགས་ཆུང་གིས་གཙོ་བོ་ཏང་ཀྲི་པུའུ་ཡི་བྱ་བའི་བླང་བྱ་དངོས་འབེབས་བྱས་ཏེ། ཏང་ཀྲི་པུའུ་ཡིས་བཀོད་སྒྲིག་བྱས་པའི་ལས་འགན་ལེགས་སྒྲུབ་བྱེད་དགོས།

ཏང་ཚོགས་ཆུང་གི་ཚོགས་འདུ་ནི་སྤྱིར་བཏང་ཟླ་རེར་ཐེངས་རེ་ཚོགས་པ་དང་། ཏང་ཡོན་རྣམས་ཆབ་སྲིད་སློབ་སྦྱོང་དང་། སྙིང་གཏམ་གླེང་མོལ། སྐྱོན་བརྗོད་དང་རང་ཉིད་ལ་སྐྱོན་བརྗོད་སྤེལ་བ་སོགས་ལ་ཞུགས་པར་རྩ་འཛུགས་བྱེད་དགོས།

དོན་ཚན་བཅུ་བཞི་པ། ཏང་ཀྲི་པུའུ་ཏང་ཡོན་ཚོགས་ཆེན་དང་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་ནི་ཏང་ཀྲི་པུའུ་ཧྲུའུ་ཅིས་སྐོང་ཚོགས་དང་མགོ་འཛིན་བྱེད་དགོས། ཧྲུའུ་ཅི་ཚོགས་འདུར་ཞུགས་ཐབས་མེད་ཚེ། ཧྲུའུ་ཅི་གཞོན་པའམ་ཨུ་ཡོན་ལ་མངགས་བཅོལ་བྱས་ནས་སྐོང་ཚོགས་དང་མགོ་འཛིན་བྱས་ཆོག ཏང་ཚོགས་ཆུང་གི་ཚོགས་འདུ་ནི་ཏང་ཚོགས་ཆུང་གི་ཚོགས་གཙོས་སྐོང་ཚོགས་དང་མགོ་འཛིན་བྱེད་དགོས།

ལེའུ་ལྔ་པ། རྩ་འཛུགས་འཚོ་བ།

དོན་ཚན་བཅོ་ལྔ་པ། ཏང་ཀྲི་པུའུ་ཡིས་གཟབ་ནན་སྒོས་ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་ལག་བསྟར་བྱེད་འོས། དུས་རྒྱུན་དང་ནན་ཏན། གཟབ་ནན་གྱིས་སྐྱོན་བརྗོད་དང་རང་ཉིད་ལ་སྐྱོན་བརྗོད་བྱེད་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་རྩོད་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་དགོས།

ཏང་ཡོན་མགོ་ཁྲིད་ལས་བྱེད་པས་མགོ་ཁྲིད་དེ་རང་ཉིད་གར་ཡོད་ཀྱི་ཏང་ཀྲི་པུའུ་འམ། ཡང་ན་ཏང་ཚོགས་ཆུང་གི་རྩ་འཛུགས་འཚོ་བར་ཞུགས་འོས།

དོན་ཚན་བཅུ་དྲུག་པ། ཏང་ཀྲི་པུའུ་ཡིས་ཏང་ཡོན་དུས་ལྟར་ཏང་ཡོན་ཚོགས་ཆེན་དང་། ཏང་ཚོགས་ཆུང་གི་ཚོགས་འདུ། ཏང་གི་སློབ་ཁྲིད་ལ་ཉན་པ་བཅས་རྩ་འཛུགས་བྱེད་འོས། དུས་ཡུན་ངེས་ཅན་ནང་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་བསྡུས་དགོས།

ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག་ལ་ཆབ་སྲིད་ཀྱི་སློབ་སྦྱོང་དང་སློབ་གསོ། ཏང་གཤིས་སྦྱོང་བརྡར་བཅས་འབུར་དུ་དོད་འོས། སློབ་སྦྱོང་གཉིས་དང་བྱེད་པ་གཅིག་ནང་དོན་གཙོ་བོར་བྱས་ནས། ཏང་ཡོན་གྱི་བསམ་བློ་དང་བྱ་བའི་དོན་དངོས་ཟུང་འབྲེལ་གྱིས་བརྗོད་དོན་གཙོ་བོ་དང་བྱེ་བྲག་གི་བྱེད་སྟངས་གཏན་ཁེལ་བྱས་ཏེ། རྣམ་པ་སྣ་ཚོགས་དང་སྣང་ཚུལ་བབ་བརླིང་ལྡན་པར་བྱེད་དགོས།

ཏང་གི་སློབ་ཁྲིད་ནི་ཏང་ཡོན་གྱི་བསམ་བློ་དང་བྱ་བའི་དོན་དངོས་ལ་དམིགས་འོས། ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་པའི་གནད་དོན་ལ་ལན་སྤྲོད་པ་དང་། ཉེ་འགྲམ་གྱི་མིས་ཉེ་འགྲམ་གྱི་གཏམ་རྒྱུད་འཆད་པར་གཙིགས་ཆེར་བྱས་ཏེ། འགུག་ཤུགས་དང་ཡིད་དབང་འཕྲོག་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་དུས་ཡུན་ངེས་ཅན་ནང་གཞི་རིམ་ཏང་ཡོན་ལ་ཏང་གི་སློབ་ཚན་ཁྲིད་འོས། ཏང་ཨུའི(ཏང་ཙུའུ)ཧྲུའུ་ཅིས་ལོ་རེར་ཆེས་ཉུང་ན་ཡང་ཏང་གི་སློབ་ཚན་ཐེངས་གཅིག་ཁྲིད་དགོས།

ཏང་ཀྲི་པུའུ་ཡིས་ཟླ་རེར་ལྟོས་བཅས་ཀྱི་ཉིན་གཅིག་གཏན་ཁེལ་བྱས་ནས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། ཏང་ཡོན་གིས་ཐུན་མོང་སློབ་སྦྱོང་དང་རྩ་འཛུགས་འཚོ་བ་རོལ་བ། དམངས་གཙོས་དོན་དག་གླེང་བ། དང་བླངས་ཞབས་ཞུ་སྒྲུབ་པ་སོགས་རྩ་འཛུགས་བྱེད་དགོས། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་མ་སྤེལ་སྔོན་ལ། ཏང་ཀྲི་པུའུ་ཡིས་ནན་ཏན་སྒོས་བརྗོད་དོན་གཙོ་བོ་དང་ནང་དོན་ཞིབ་འཇུག་གཏན་ཁེལ་བྱེད་འོས། བྱེད་སྒོ་སྤེལ་རྗེས། གྲོས་ཐག་བཅད་པའི་དོན་དག་ཁག་གི་རྩ་འཛུགས་དངོས་འབེབས་ལེགས་པོར་འཛིན་འོས།

ཏང་རྩ་འཛུགས་འཐད་པ་བྱུང་རྗེས་རྩ་འཛུགས་འབྲེལ་བ་མ་སྤོར་ཡང་ཆོག་པའི་ཏང་ཡོན་ལ། གར་ཡོད་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱིས་དེ་ཉིད་ཏང་ཀྲི་པུའུ་འམ་ཡང་ན་ཏང་རྩ་འཛུགས་ཤིག་གི་ཁོངས་སུ་བསྡུས་ནས། རྩ་འཛུགས་འཚོ་བར་ཞུགས་སུ་བཅུག་ཆོག

དོན་ཚན་བཅུ་བདུན་པ། ཏང་ཀྲི་པུའུ་ཡིས་ལོ་རེར་ཉུང་མཐའ་ཡང་རྩ་འཛུགས་འཚོ་བའི་ཚོགས་འདུ་ཐེངས་གཅིག་རེ་སྐོང་འཚོགས་བྱེད་དགོས་ཤིང་། སྤྱིར་བཏང་དུ་དུས་ཚིགས་བཞི་བར་བཀོད་སྒྲིག་བྱེད་དགོས་ལ། བྱ་བའི་དགོས་མཁོར་གཞིགས་ནས་དུས་ཐོག་ཏུ་སྐོང་འཚོགས་བྱས་ཀྱང་ཆོག རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་དེ་སྤྱིར་བཏང་དུ་ཏང་ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན་དང་། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ། ཏང་ཚན་ཆུང་གི་ཚོགས་འདུ་བཅས་ཀྱི་རྣམ་པའི་ཐོག་སྐོང་འཚོགས་བྱེད་དགོས།

རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུར་བརྗོད་གཞི་གཏན་འཁེལ་བྱས་ཏེ། ཚོགས་འདུ་མ་འཚོགས་གོང་སློབ་སྦྱོང་ནན་ཏན་བྱས་ནས་ཁ་ཏ་གླེང་མོལ་བྱེད་པ་དང་། བསམ་འཆར་ལ་ཉན་པ། ཚོགས་འདུའི་སྟེང་གནད་དོན་ཞིབ་བཤེར་གསལ་སྟོན་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ་དང་། དག་ཐེར་ཡོ་བསྲང་བྱེད་ཕྱོགས་གཏན་འཁེལ་གསལ་བོར་བྱེད་དགོས། ཚོགས་འདུ་གྲོལ་རྗེས་དག་ཐེར་ཡོ་བསྲང་བྱེད་ཐབས་གཏན་འབེབས་བྱས་ཏེ་རེ་རེ་བཞིན་ལག་བསྟར་དོན་འཁྱོལ་བྱེད་དགོས།

དོན་ཚན་བཅོ་བརྒྱད་པ། ཏང་ཀྲི་པུའུ་ཡིས་སྤྱིར་ན་ལོ་རེར་ཏང་ཡོན་ལ་དམངས་གཙོའི་དཔྱད་མོལ་ཐེངས་རེ་བྱེད་པ་དང་། ཏང་ཡོན་སྒྲིག་འཛུགས་བྱས་ནས་ཚད་ལྡན་ཏང་ཡོན་གྱི་ཚད་གཞིར་བསྡུར་བ་དང་། ཏང་ཞུགས་དམ་ཚིག་ཞིབ་བསྡུར་བྱས་ཐོག་མི་སྒེར་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་གཤིས་ལ་དབྱེ་ཞིབ་བྱེད་དགོས།

ཏང་ཀྲི་པུའུ་ཡི་ཏང་ཡོན་གྱི་ཚོགས་ཆེན་སྐོང་འཚོགས་བྱེད་སྐབས་མི་སྒེར་གྱིས་དཔྱད་བསྡུར་བྱེད་པ་དང་། ཏང་ཡོན་ཕན་ཚུན་གྱིས་དཔྱད་བསྡུར་བྱེད་པ། དམངས་གཙོས་དཔྱད་བསྡུར་བྱེད་པའི་གོ་རིམ་ལྟར། ཏང་ཡོན་སྒྲིག་འཛུགས་བྱས་ཏེ་དཔྱད་མོལ་བྱེད་དགོས། ཏང་ཡོན་མི་གྲངས་ཅུང་མང་པོའི་ཏང་ཀྲི་པུའུ་ཡི་མི་སྒེར་གྱིས་དཔྱད་བསྡུར་དང་། ཏང་ཡོན་ཕན་ཚུན་གྱིས་དཔྱད་བསྡུར་བྱེད་པའི་ལས་དོན་དེ་ཏང་གི་ཚན་ཆུང་ཚོགས་འདུའི་ཁྱབ་ཁོངས་སུ་སྤེལ་ཆོག ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའམ་ཏང་ཡོན་གྱི་ཚོགས་ཆེན་ཐོག་དཔྱད་མོལ་གྱི་གནས་ཚུལ་དང་ཏང་ཡོན་གྱི་ནམ་རྒྱུན་སྤྱོད་ཚུལ་ལ་གཞིགས་ཏེ་དཔྱད་བསྡུར་གཏན་འབེབས་ཀྱི་བསམ་འཆར་འདོན་དགོས།

ཏང་ཡོན་ལ་དམངས་གཙོའི་དཔྱད་མོལ་བྱེད་པ་དེ་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་དང་ཟུང་འབྲེལ་བྱས་ནས་མཉམ་དུ་སྤེལ་ཆོག

དོན་ཚན་བཅུ་དགུ་པ། ཏང་ཀྲི་པུའུ་ཡིས་རྒྱུན་དུ་ཁ་ཏ་དང་གླེང་མོལ་བྱེད་རེས་ཀྱི་ལས་དོན་སྤེལ་དགོས། ཏང་ཀྲི་པུའི་ཨུ་ཡོན་བར་དང་། ཏང་ཀྲི་པུའི་ཨུ་ཡོན་དང་ཏང་ཡོན་བར། ཏང་ཡོན་དང་ཏང་ཡོན་བར་ལོ་རེར་ཁ་ཏ་དང་གླེང་མོལ་བྱེད་རེས་ཐེངས1ལས་མི་ཉུང་བ་བྱེད་དགོས། ཁ་ཏ་གླེང་མོལ་བྱེད་པར་ལྷག་བསམ་ཟོལ་མེད་ཀྱི་སྤྱོད་ཚུལ་བཟུང་ནས་བསམ་བློ་བརྗེ་རེས་དང་བསམ་འཆར་བརྗེ་རེས་བྱས་ཏེ་ཕན་ཚུན་ཕྱོགས་ཡོངས་ནས་མཐོར་འདེགས་སུ་འགྲོ་བར་རོགས་རམ་བྱེད་དགོས།

ཏང་ཀྲི་པུའུ་ཡིས་ཏང་ཡོན་གྱི་བསམ་བློའི་གནས་ཚུལ་དང་སེམས་ཁམས་ཀྱི་རྣམ་པར་དབྱེ་ཞིབ་བྱ་རྒྱུར་མཐོང་ཆེན་བྱེད་དགོས། ཁྱིམ་ཚང་ལ་རྐྱེན་ངན་གོད་ཆག་ཚབས་ཆེན་བྱུང་བ་དང་། དཀའ་ངལ་ཆེན་པོ་བྱུང་བ། ལུས་སེམས་བདེ་ཐང་ཡོང་བར་གནད་དོན་ཡོད་པ་སོགས་ཀྱི་གནས་ཚུལ་བྱུང་བའི་ཏང་ཡོན་ལ་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་སེམས་ཁམས་ཁྲིད་སྟོན་གྱི་ལས་དོན་ཡག་པོར་སྒྲུབ་དགོས་པ་དང་། ཆད་པ་ཕོག་པ་དང་ཚུར་སྣང་མི་ལེགས་པ་ཡོད་པའི་ཏང་ཡོན་ལ་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་དམིགས་བསལ་རང་བཞིན་ལྡན་པའི་སྒོ་ནས་བསམ་བློ་དང་ཆབ་སྲིད་ཀྱི་ལས་དོན་ལེགས་པར་བསྒྲུབ་དགོས།

ལེའུ་དྲུག་པ། ཏང་ཀྲི་པུའི་ཨུ་ཡོན་ལྷན་ཁང་འཛུགས་སྐྱོང་སྐོར།

དོན་ཚན་ཉི་ཤུ་པ། ཏང་ཡོན་མི་གྲངས7ཡན་གྱི་ཏང་ཀྲི་པུའུ་ཡིས་ཏང་ཀྲི་པུའི་ཨུ་ཡོན་ལྷན་ཁང་འཛུགས་དགོས། ཏང་ཀྲི་པུའི་ཨུ་ཡོན་ལྷན་ཁང་ནི་མི3ནས5ལས་གྲུབ་པ་དང་སྤྱིར་བཏང་མི7ལས་བརྒལ་མི་ཆོག

ཏང་ཀྲི་པུའི་ཨུ་ཡོན་ལྷན་ཁང་གིས་ཧྲུའུ་ཅི་དང་། རྩ་འཛུགས་ཨུ་ཡོན། དྲིལ་བསྒྲགས་ཨུ་ཡོན། སྒྲིག་བཤེར་ཨུ་ཡོན་སོགས་བསྐོ་དགོས་པ་དང་། དགོས་ངེས་ཀྱི་དུས་སུ་ཧྲུའུ་ཅི་གཞོན་པ1བསྐོས་ཆོག

ཏང་ཡོན་མི་གྲངས7མན་གྱི་ཏང་ཀྲི་པུའུ་ལ་ཧྲུའུ་ཅི1བསྐོ་དགོས་པ་དང་། དགོས་ངེས་ཀྱི་དུས་སུ་ཧྲུའུ་ཅི་གཞོན་པ1བསྐོས་ཆོག

དོན་ཚན་ཉེར་གཅིག་པ། གྲོང་ཚོ་དང་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཨུ་ཡོན་ལྷན་ཁང་གི་སྐབས་རེའི་འགན་འཛིན་དུས་ཡུན་ལོ་ལྔ་ཡིན་པ་དང་། གཞི་རིམ་གྱི་སྡེ་ཚན་གཞན་དག་གི་ཏང་ཀྲི་པུའི་ཨུ་ཡོན་ལྷན་ཁང་གི་སྐབས་རེའི་འགན་འཛིན་དུས་ཡུན་ལོ་གསུམ་རེ་ཡིན།
ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཚོགས་ནི་ཏང་ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན་གྱིས་འདེམས་བསྐོར་བརྟེན་ནས་ཐོན་དགོས་ཤིང་། ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་ནི་སྤྱིར་བཏང་དུ་ཏང་ཀྲི་པུའུ་ཡི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་བདམས་ཐོན་བྱུང་དགོས།  ཨུ་ཡོན་ལྷན་ཁང་བཙུགས་མེད་པའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་ནི་ཏང་ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན་ཐོག་བདམས་ཐོན་བྱུང་དགོས།  བདམས་ཐོན་བྱུང་བའི་ཏང་ཀྲི་པུའུ་ཡི་ཨུ་ཡོན་དེ་གོང་རིམ་ཏང་རྩ་འཛུགས་ལ་ཐོ་འགོད་སྙན་སེང་ཞུ་དགོས་ཤིང་། ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་བཅས་གོང་རིམ་ཏང་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་དགོས། ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ། ཨུ་ཡོན་བཅས་ཀྱི་ལས་གནས་ལ་སྟོང་ཆ་བྱུང་སྐབས། དུས་ཐོག་ཏུ་འདེམས་བསྐོ་བྱས་ནས་ཁ་གསབ་བྱེད་དགོས། སྐབས་བསྟུན་དགོས་མཁོ་ཡོད་ན། གོང་རིམ་ཏང་རྩ་འཛུགས་ཀྱིས་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཡང་ན་ཧྲུའུ་ཅི་གཞོན་པ་མངག་གཏོང་བྱས་ནས་བཀོད་སྒྲིག་བྱས་ཆོག

ཏང་ཀྲི་པུའུ་ཡིས་མ་ལག་ལྡན་ཞིང་འཐུས་སྒོ་ཚང་བའི་དུས་ལྟར་སྐབས་བརྗེའི་དྲན་སྐུལ་ལྟ་སྐུལ་ལམ་སྲོལ་འཛུགས་དགོས།  ཏང་རྩ་འཛུགས་ཀྱི་གོང་འོག་འབྲེལ་བ་དང་ལས་བྱེད་པའི་དོ་དམ་དབང་ཆའི་ཚད་གཞི་གཞིར་བཟུང་ནས། གོང་རིམ་ཏང་རྩ་འཛུགས་ཀྱིས་འགན་ཁུར་ཡུན་ཚད་ལོངས་བའི་ཏང་ཀྲི་པུའུ་ལ་སྤྱིར་བཏང་དུ་ཟླ་ 6གི་སྔོན་ལ་ཡིག་འཕྲིན་བསྐུར་བའམ་ཡང་ན་ཁ་པར་གཏོང་བ་སོགས་ཀྱི་རྣམ་པས་སྐབས་བརྗེའི་གྲ་སྒྲིག་ཡག་པོ་བྱེད་པའི་དྲན་སྐུལ་གཏོང་དགོས་ལ། དུས་འགྱངས་དང་ཡང་ན་དུས་སྔོན་སྐབས་བརྗེ་བྱེད་དགོས་ན། ངེས་པར་ཞིབ་དཔྱད་ནན་མོ་གཏོང་བ་དང་བྱ་བ་འགངས་ཆེན་དུ་འཛིན་དགོས། དུས་འགྱངས་དང་ཡང་ན་དུས་སྔོན་དུ་སྣུར་པའི་དུས་ཚོད་སྤྱིར་བཏང་ལོ1ལས་བརྒལ་མི་རུང་།

དོན་ཚན་ཉེར་གཉིས་པ། ཏང་ཀྲི་པུའུ་ཧྲུའུ་ཅིས་ཏང་ཀྲི་པུའུ་ཡི་ཕྱོགས་ཡོངས་ཀྱི་ལས་ཀ་གཙོ་སྐྱོང་བྱེད་པ་དང་། ཏང་ཀྲི་པུའུ་ཡི་ཨུ་ཡོན་གཞན་དག་གིས་རང་གི་འགན་འཁྲི་སྒྲུབ་པར་ནུས་པ་འདོན་སྤེལ་བྱེད་པར་ལྟ་སྐུལ་བྱེད་དགོས་ཤིང་། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་རང་ངོས་ཀྱི་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱས་ནས། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་ཏང་ཡོན་གྱི་ཚོགས་ཆེན།  གོང་རིམ་ཏང་རྩ་འཛུགས་བཅས་ལ་བྱ་བའི་སྙན་ཞུ་འབུལ་དགོས།

ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པས་ཏང་ཀྲི་པུའུ་ཧྲུའུ་ཅིར་གཞོགས་འདེགས་བྱས་ནས་ལས་དོན་སྒྲུབ་དགོས་ཤིང་། ཏང་ཀྲི་པུའུ་ཡི་ཨུ་ཡོན་གཞན་དག་གིས་འགན་འཁྲི་ཁག་བགོས་ལྟར་ལས་དོནབསྒྲུབ་དགོས།

དོན་ཚན་ཉེར་གསུམ་པ། ཏང་ཀྲི་པུའུ་ཧྲུའུ་ཅི་ལ་འོས་འཚམ་གྱི་ཆབ་སྲིད་བྱང་ཚད་ལེགས་པོ་ལྡན་པ་དགོས་ཤིང་། ཏང་གི་ལས་ཀར་དགའ་བ། སྲིད་ཇུས་གཞུང་ལུགས་ཆུ་ཚད་ངེས་ཅན་ལྡན་དགོས་པ་མ་ཟད།  རྩ་འཛུགས་སྙོམས་སྒྲིག་གི་ནུས་པ་དང་མང་ཚོགས་ལས་དོན་སྒྲུབ་པའི་འཇོན་ནུས་ལྡན་དགོས།  བྱ་བར་འགན་འཁུར་ཕོད་པ་དང་། བྱས་རྗེས་འཇོག་པར་སྤྲོ་བ། སྣེ་ཁྲིད་གདོང་ལེན་གྱི་དཔེ་སྟོན་ནུས་པ་ཐོན་དགོས་ལ། ཏང་ཡོན་དང་མང་ཚོགས་ཀྱི་ཁྲོད་སྙན་གྲགས་ལྡན་དགོས། སྤྱིར་བཏང་ལྟར་ན་ཏང་ལ་ཞུགས་ནས་ལོ1ཡན་ལོན་དགོས།

དོན་ཚན་ཉེར་བཞི་པ། གོང་རིམ་ཏང་རྩ་འཛུགས་ཀྱིས་ཁྱབ་ཁོངས་མི་འདྲ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཆབ་སྲིད་ཚད་གཞི་འབུར་ཐོན་དང་། རྩ་འཛུགས་གོ་རིམ་དང་བྱེད་ཐབས་སྣ་མང་སོགས་སྤྱད་དེ། ཆ་རྐྱེན་དང་མཐུན་པའི་ཕུལ་བྱུང་ཏང་ཡོན་བདམས་ནས་ཏང་ཀྲི་པུའུ་ཡི་ཧྲུའུ་ཅིའི་འགན་འཁུར་དུ་འཇུག་དགོས།

སྡེ་བ་དང་གྲོང་སྡེ་ཡིས་ཕྱུག་འགྱུར་ནུས་པ་ལྡན་པའི་སྡེ་མི་དང་། དམག་ཞབས་ནས་ཕྱིར་ལོག་པའི་དམག་མི། ཚོང་དོན་བྱེད་པའི་མི་སྣ། གྲོང་སྡེའི་དགེ་རྒན། གྲོང་སྡེའི་སྨན་པ། སྤྱི་ཚོགས་ལས་བྱེད་པ། སློབ་ཆེན་སློབ་ཐོན་སྡེ་དཔོན། ལས་འཁྱུར་ངལ་གསོ་ལས་བྱེད་པ་སོགས་དམངས་ཚོགས་ཀྱི་ཁྲོད་ནས། ཏང་ཀྲི་པུའུ་ཧྲུའུ་ཅི་འདེམས་སྒྲུག་བྱེད་དགོས་ཤིང་། གལ་ཏེ་འོས་མི་འཚམ་པོ་མེད་ན། གོང་རིམ་ཏང་རྩ་འཛུགས་ཀྱིས་ས་ཁོངས་ལས་བརྒལ་བའམ་ཡང་ན་ལས་ཁུངས་དང་ཁེ་ལས། ལས་དོན་གཞུང་ཞབས་པའི་སྡེ་ཚན་ནས་ཏང་ཀྲི་པུའུ་ཧྲུའུ་ཅི་བདམས་མངག་བྱས་ཆོག   ལས་ཀའི་དགོས་མཁོར་གཞིགས་ནས་གོང་རིམ་ཏང་རྩ་འཛུགས་ཀྱིས་ཕུལ་བྱུང་ལས་བྱེད་པ་སྡེ་བ་དང་གྲོང་སྡེ་ཡི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་པོའི་འགན་འཁུར་བར་མངགས་ཏེ། ཏང་ཀྲི་པུའུ་ཡི་ཧྲུའུ་ཅིར་མཛུབ་ཁྲིད་དང་རོགས་རམ་བྱས་ནས་ལས་དོན་སྤེལ་སྒྲུབ་དང་། ཏང་ཀྲི་པུའུ་འཛུགས་སྐྱོང་བྱེད་པ་དང་བྱ་བའི་སྲོག་སྙིང་བསྒྲུབ་པར་སྐུལ་འདེད་གཏོང་བ།  དམངས་ལ་ཞབས་འདེགས་ཞུས་ནས་དམངས་ཀྱི་ཆེད་དུ་བྱ་བ་བསྒྲུབ་པ།   བཅོས་སྐྱོང་གི་ཆུ་ཚད་མཐོ་འདེགས་གཏོང་བ་སོགས་ཀྱི་འགན་འཁྲི་ཁུར་དུ་འཇུག་དགོས། ཆ་རྐྱེན་འཚམ་པའི་སྡེ་བ་དང་གྲོང་སྡེ་ཡི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་ཁྲིམས་སྲོལ་གོ་རིམ་བརྒྱུད་དེ། གྲོང་མིའི་ཨུ་ཡོན་ལྷན་ཁང་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་ཁུར་ཆོག

ལས་ཁུངས་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས། ལས་དོན་གཞུང་ཞབས་སྡེ་ཁག་བཅས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་དེ་སྤྱིར་བཏང་དུ་སྡེ་ཁག་རང་གི་འགན་འཁུར་པ་གཙོ་བོས་འཁུར་དགོས་ཤིང་། ཡང་ན་སྡེ་ཁག་རང་གི་འགན་འཁུར་བ་གཞན་པས་ཁུར་ཡང་ཆོག་པ་ཡིན། ལས་ཀའི་དགོས་མཁོར་གཞིགས་ནས་གོང་རིམ་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལས་བྱེད་པ་མངགས་ནས་ཆེད་བསྐོས་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་དུ་བཅུག་ཆོགསྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ནང་། སྤྱིར་བཏང་དུ་བཀོད་འདོམས་རིམ་པ་ནས་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་འདེམས་བསྐོ་བྱེད་དགོས་ལ། བྱ་བའི་ལས་རྐང་གི་རྐང་འཛིན་པ་ལས་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་འདེམས་བསྐོ་བྱེད་རྒྱུར་གཙིགས་འཛིན་བྱེད་དགོས། གལ་ཏེ་འོས་མི་འཚམ་པོ་མེད་ན། གོར་རིམ་ཏང་རྩ་འཛུགས་ཀྱིས་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་བདམས་ནས་མངག་གཏོང་བྱས་ཆོག

ཏང་ཀྲི་པུའུ་ཧྲུའུ་ཅིའི་རྗེས་རབས་འོས་མིའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་དགོས་ཤིང་། ཕུལ་བྱུང་ཏང་ཡོན་ཡོད་ན། གང་དེ་ཏང་ཀྲི་པུའུ་ཧྲུའུ་ཅིའི་རྗེས་རབས་འོས་མིའི་ཤེས་ལྡན་མི་སྣར་བརྩིས་ཏེ་གསོ་སྐྱོང་བྱེད་རྒྱུར་མཉམ་འཇོག་དགོས་ཤིང་། སྡེ་བ་དང་གྲོང་སྡེ་སོགས་ཁྱབ་ཁོངས་སོ་སོར་ཏང་ཀྲི་པུའུ་ཧྲུའུ་ཅིའི་རྗེས་རབས་འོས་མི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་དགོས།

དོན་ཚན་ཉེར་ལྔ་པ། གོང་རིམ་ཏང་རྩ་འཛུགས་ཀྱིས་དུས་རྒྱུན་དུ་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ། ཨུ་ཡོན་གཞན་དག་ལ་གསོ་སྐྱོང་སྦྱོང་བརྡར་བྱེད་དགོས།

ཏང་ཀྲི་པུའུ་ཧྲུའུ་ཅིའི་གསོ་སྦྱོང་དེ་ཏང་ཡོན་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་འཆར་གཞིའི་ནང་བསྡུས་ནས། གསར་བསྐོས་ཏང་ཀྲི་པུའུ་ཡི་ཧྲུའུ་ཅིར་ལས་གནས་གསོ་སྦྱོང་བྱེད་དགོས། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཏང་ཀྲི་པུའུ་ཧྲུའུ་ཅིའི་དཔེ་སྟོན་གསོ་སྦྱོང་སྤེལ་བར་རྩ་འཛུགས་བྱེད་པ་དང་།  ས་གནས་དང་ལས་རིགས། མ་ལག་བཅས་ཀྱིས་སྤྱིར་བཏང་དུ་ཏང་རྩ་འཛུགས་ཀྱི་གོང་འོག་རིམ་པའི་འབྲེལ་བ་གཞིར་བཟུང་ནས་རིམ་དབྱེ་དང་རིགས་བགར་གྱིས་ཏང་ཀྲི་པུའུ་ཧྲུའུ་ཅི་ཚང་མ་རེས་སྐོར་གསོ་སྦྱོང་བྱེད་དགོས།  ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ལོ་རེར་ཉུང་མཐར་ཡང་རྫོང་རིམ་པ་ཡན་གྱི་ཏང་རྩ་འཛུགས་ཀྱིས་གཉེར་བའི་གཅིག་བསྡུས་རེས་སྐོར་གསོ་སྦྱོང་ལ་ཐེངས་གཅིག་ཡན་ཞུགས་དགོས།  སྤྱིའི་བཀོད་འདོམས་བཀོད་སྒྲིག་བྱ་རྒྱུར་མཉམ་འཇོག་བྱས་ནས། གསོ་སྦྱོང་བསྐྱར་ཞུགས་བྱེད་པར་སྔོན་འགོག་བྱེད་པ་དང་། ཏང་ཀྲི་པུའུ་ཧྲུའུ་ཅིའི་ཉིན་རྒྱུན་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུར་ཁག་ཁུར་བྱེད་དགོས།

ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ། ཨུ་ཡོན་བཅས་ཀྱི་གསོ་སྦྱོང་གིས་ཏང་གི་གཞི་ རྩའི་གཞུང་ལུགས་དང་། གཞི་རྩའི་སྲིད་ཇུས། གཞི་རྩའི་ཤེས་བྱ། དེ་བཞིན་ཏང་གི་ལས་དོན་གཞི་རྩའི་བླང་བྱ། ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་སྤྱོད་ཚུལ། ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ལམ་སོགས་ཀྱི་ནང་དོན་གནད་དུ་བཏོན་ནས་གསོ་སྦྱོང་བྱེད་དགོས་ཤིང་།  ཕུལ་བྱུང་ཏང་ཀྲི་པུའུ་ཧྲུའུ་ཅིས་སྤེལ་རོགས་ཁྲིད་གསུམ་གྱི་ནུས་པ་འདོན་སྤེལ་བྱེད་ཐུབ་པར་གཙིགས་ཆེན་བྱེད་དགོས།

དོན་ཚན་ཉེར་དྲུག་པ། སྡེ་བ་དང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡི་ཕུལ་བྱུང་ཧྲུའུ་ཅིའི་ཁྲོད་ནས་ཞང་དང་གྲོང་རྡལ། སྲང་ལམ་བཅས་ཀྱི་མགོ་ཁྲིད་ལས་བྱེད་པར་འདེམས་བསྐོ་བྱེད་དགོས་པ་དང་། གཞུང་ཞབས་པ་རྒྱུགས་སྤྲོད་བསྡུ་ལེན་དང་ལས་དོན་གཞུང་ཞབས་སྡེ་ཚན་གྱི་མི་སྣ་བསྡུ་རྒྱུར་དོ་སྣང་བྱེད་དགོས།

ཏང་ཀྲི་པུའུ་ཧྲུའུ་ཅིའི་སྔོན་ཐོན་དཔེ་སྟོན་གསོ་སྐྱོང་སྤེལ་ནས། ཕུལ་བྱུང་གི་ཏང་ཀྲི་པུའུ་ཧྲུའུ་ཅིར་གཟེངས་བསྟོད་དང་བསྔགས་བརྗོད་བྱེད་དགོས།

དོན་ཚན་ཉེར་བདུན་པ། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་རང་རྟོགས་ཀྱིས་གོང་རིམ་ཏང་རྩ་འཛུགས་དང་ཏང་ཡོན། མང་ཚོགས་བཅས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ་ ཕན་ཚུན་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས།

ཏང་ཀྲི་པུའུ་ཧྲུའུ་ཅིས་ལོ་ལྟར་གོང་རིམ་ཏང་རྩ་འཛུགས་དང་ཏང་ཀྲི་པུའུ་ཏང་ཡོན་ཚོགས་ཆེན་ཐོག་འགན་འཁྲི་སྒྲུབ་ཚུལ་གསལ་ཞུ་བྱེད་པ་དང་། གྲོས་བསྡུར་དཔྱད་ཞིབ་མཇུག་འབྲས་དང་ལེན་བྱེད་པ། དཔྱད་ཞིབ་མཇུག་འབྲས་དེ་ལེགས་གྲས་ལེགས་འདེམས་དང་ འདེམས་མི་བེད་སྤྱོད་བྱེད་པ་བཅས་ཀྱི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས།

དོན་ཚན་ཉེར་བརྒྱད་པ། ནུས་མེད་ཁ་འཐོར་ཡིན་པའི་ཏང་ཀྲི་པུའུ་དག་ཐེར་ལེགས་སྒྲིག་བྱེད་པའི་བྱ་བའི་སྒྲིག་རིམ་འཛུགས་པར་རྒྱུན་སྐྱོང་བྱེད་དགོས་པ་དང་། ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་། ཧྲུའུ་ཅི་གཞོན་པ། ཨུ་ཡོན་བཅས་ཀྱི་གོ་གནས་འཛིན་རྒྱུར་མི་འཚམ་པའི་སྐོར་ལ་གོང་རིམ་ཏང་རྩ་འཛུགས་ཀྱིས་དུས་ཐོག་ཏུ་ལེགས་སྒྲིག་བྱེད་དགོས། སྐབས་བརྗེའི་འདེམས་བསྐོ་བྱེད་སྐབས་འདེམས་ཤོག་ལྐོག་འཕེན་དང་རིགས་རྒྱུད་དང་ངན་སྤྱོད་སྟོབས་ཤུགས་སོགས་ཀྱིས་འདེམས་བསྐོའི་བྱ་བར་འགལ་རྐྱེན་བཟོ་བའི་གནད་དོན་བྱུང་སྐབས། གོང་རིམ་ཏང་རྩ་འཛུགས་ཀྱིས་དུས་ཐོག་ཏུ་ཐག་གཅོད་ནན་མོ་བྱེད་དགོས།

ལེའུ་བདུན་པ། འགོ་ཁྲིད་དང་འགན་སྲུང་།

དོན་ཚན་ཉེར་དགུ་པ། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཁག་གིས་ཏང་ཀྲི་པུའུ་འཛུགས་སྐྱོང་བྱེད་རྒྱུ་དེ་གཞི་རྩའི་འཛུགས་སྐྲུན་གལ་ཆེན་དུ་བརྩིས་ཏེ་དུས་རིམ་གཏན་འཁེལ་ནང་ཞིབ་འཇུག་གྲོས་བསྡུར་དང་མགོ་ཁྲིད་ཁྲིད་སྟོན་བྱེད་ཤུགས་ཇེ་ཆེར་བཏང་ནས་འགན་འཁྲི་གཙོ་བོ་ལག་ལེན་ནན་ཏན་བྱས་ཏེ་བསྒྲུབ་དགོས།  རྫོང་རིམ་པའི་ཏང་ཨུས་ལོ་རེར་ཉུང་མཐར་ཡང་ཏང་ཀྲི་པུའུ་འཛུགས་སྐྲུན་བྱ་བར་ཆེད་དོན་ཞིབ་འཇུག་ཐེངས་གཅིག་ལ་བྱེད་དགོས་ལ།  རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཁག་གི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་སྣེ་ཁྲིད་དེ་ཏང་ཀྲི་པུའུ་ཡི་ལས་ཀའི་འབྲེལ་གཏུག་བྱེད་ཕྱོགས་སྒྲིག་འཛུགས་བྱེད་པ་དང་།  གཞི་རིམ་དུ་ཟབ་ཞུགས་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པར་སྣེ་ཁྲིད་བྱས་ནས་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད། ཉམས་མྱོང་དང་ཕྱོགས་བསྡོམས་ཁྱབ་བརྡལ་དུ་གཏོང་བ་བཅས་བྱེད་དགོས།

དོན་ཚན་སུམ་ཅུ་པ། ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་རྟག་པར་ཏང་ཀྲི་པུའུ་འཛུགས་སྐྱོང་བྱས་ཚུལ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་དང་། རིགས་དབྱེ་ཁྲིད་སྟོན་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན། སྔོན་ཐོན་ཏང་ཀྲི་པུའུ་འཕར་སྣོན། བར་གནས་ཏང་ཀྲི་པུའུ་ཡི་ཆུ་ཚད་མཐོར་འདེགས། མཐའ་མའི་ཏང་ཀྲི་པུའུ་དག་ཐེར་བཅས་བྱེད་དགོས། ཏང་ཀྲི་པུའུ་ཚད་གཞི་ཅན་དང་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་དགོས། གཞི་རིམ་ཏང་ཨུ་ལ་སྤྱིར་བཏང་ཆེད་བསྐོས་སམ་འགན་གཅིག་ལྕོགས་སུ་འཁུར་བའི་རྩ་འཛུགས་བྱེད་མཁན་བསྐོས་ནས་ཏང་ཀྲི་པུའུ་འཛུགས་སྐྱོང་བྱེད་པར་སློབ་སྟོན་ཞིབ་ཕྲ་བྱེད་ཤུགས་ཆེ་རུ་གཏོང་དགོས།

རིམ་པ་སོ་སོའི་ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་ཏང་ཀྲི་པུའུ་བརྒྱུད་ནས་ཏང་ཡོན་ལས་བྱེད་པའི་རྒྱུན་གཏན་གྱི་སྤྱོད་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པར་དོ་སྣང་བྱེད་དགོས་པ་དང་། ལས་བྱེད་པར་རྟོག་ཞིབ་བྱེད་དུས་རྟོག་ཞིབ་བྱ་ཡུལ་གནས་སའི་ཏང་ཀྲི་པུའུ་ཡི་བསམ་འཆར་ལ་ཉན་དགོས།

གྲོང་ཚོ་དང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དེ་རྫོང་རིམ་པའི་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཐོ་འགོད་དོ་དམ་བྱེད་དགོས།

དོན་ཚན་སོ་གཅིག་པ། གྲོང་ཚོ་དང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡི་ལས་དོན་དེ་རྫོང་རིམ་པའི་ཏང་ཨུའི་སྐོར་བཤེར་ལྟ་སྐུལ་གྱི་ལས་ཀའི་ནང་དོན་ནང་འཇུག་དགོས།

དོན་ཚན་སོ་གཉིས་པ། ཏང་ཀྲི་པུའུ་འཛུགས་སྐྱོང་ལ་དམ་འཛིན་བྱས་ཚུལ་དེ་རིམ་པ་སོ་སོའི་ཏང་ཨུའི་ཧྲུའུ་ཅིས་གཞི་རིམ་ཏང་སྐྱོང་ལས་ཀར་དམ་འཛིན་བྱས་ཚུལ་གསལ་ཞུ་དང་དཔྱད་མོལ་དཔྱད་ཞིབ་ཀྱི་ནང་དོན་གལ་ཆེན་དུ་འཇུག་དགོས་པ་དང་། ཏང་དོ་དམ་དང་ཏང་སྐྱོང་གི་ཆབ་སྲིད་འགན་འཁྲི་བསྒྲུབས་ཚུལ་ཤན་འབྱེད་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས། ཏང་ཀྲི་པུའུ་འཛུགས་སྐྱོང་དམ་འཛིན་ཡག་པོ་མ་བྱུང་བ་དང་ལས་དོན་ཁག་དོན་འཁྱོལ་མ་བྱུང་བའི་རིགས་ལ་གོང་རིམ་ཏང་ཨུ་དང་དེའི་རྩ་འཛུགས་སྡེ་ཁག་གིས་བསྐོང་འདྲི་བྱེད་དགོས། ཏང་ཀྲི་པུའུ་འཛུགས་སྐྱོང་བྱེད་པའི་ཐད་གནད་དོན་ཚབས་ཆེན་བྱུང་ཞིང་ཏང་ཡོན་དང་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་བཏོན་པའི་རིགས་ལ་གཏན་འབེབས་ལྟར་ཁག་འགན་བདའ་འདེད་ནན་མོ་བྱེད་དགོས།

དོན་ཚན་སོ་གསུམ་པ། རིམ་པ་སོ་སོའི་ཏང་གི་རྩ་འཛུགས་གིས་ཏང་ཀྲི་པུའུ་ཡི་ལས་དོན་སྒྲུབ་པར་དགོས་ངེས་ཀྱི་མཐུན་རྐྱེན་བསྐྲུན་ནས་གྲོན་དངུལ་འགན་ལེན་བྱ་དགོས། གྲོང་ཚོ་དང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡི་རྒྱུན་འཁོར་འགྲོ་གྲོན་གྱི་འགན་སྲུང་ནུས་པ་ཆེ་རུ་གཏོང་བ་དང་། གྲོང་ཚོ་དང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ཕོགས་གླའི་ཐོབ་ཐང་དོན་འཁྱོལ་བྱེད་དགོས་པ་མ་ཟད། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་ལ་གཞིགས་ནས་རྒྱུན་ལྡན་གྱི་འཕར་སྣོན་ལམ་སྲོལ་འཛུགས་དགོས། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་ཀྲི་པུའུ་ཡི་ལས་ཀའི་འགྲོ་གྲོན་ལ་རྒྱབ་སྐྱོར་བྱེད་དགོས། གྲོང་ཚོ་དང་སྡེ་ཁུལ། གླིང་ཁུལ་སོགས་ཁྱབ་ཁོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཧུར་ཐག་གིས་དེང་རབས་ལག་རྩལ་དང་ཆ་འཕྲིན་ཅན་གྱི་བྱེད་ཐབས་བེད་སྤྱད་དེ། གཞུང་དོན་གྲོས་བསྡུར་དང་ཏང་གི་བྱེད་སྒོ་སྤེལ་བ། དམངས་ཕན་ཞབས་ཞུ་མཁོ་འདོན་བྱེད་པ་སོགས་ཀྱི་ཕྱོགས་བསྡུས་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

རྫོང་རིམ་པ་ཡན་གྱི་ཏང་ཨུས་དོ་དམ་བྱེད་པའི་ཏང་དངུལ་ལོ་ལྟར་བསྡུར་ཚད་ངེས་ཅན་ལྟར་ཏང་ཀྲི་པུའུ་ལ་སྤྲད་དགོས་ཏེ། གྲོང་ཚོ་དབུལ་པོའི་ཏང་ཀྲི་པུའུ་དང་དཀའ་ངལ་ཡོད་པའི་གཞུང་ཁོངས་ཁེ་ལས་ཀྱི་ཏང་ཀྲི་པུའུ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་ཀྲི་པུའུ། གཏན་ཁེལ་མིན་པའི་ཏང་ཡོན་གྱི་ཏང་ཀྲི་པུའུ། ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པ་དང་ལས་བཟོ་བའི་ཏང་ཀྲི་པུའུ་སོགས་ཀྱིས་ཏང་གི་བྱེད་སྒོ་སྤེལ་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་དགོས།

ལེའུ་བརྒྱད་པ། ཞར་བྱུང་དོན་ཚན།

དོན་ཚན་སོ་བཞི་པ། གྲོང་ཚོ་དང་སྡེ་ཁུལ་གྱི་ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་དང་སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་འདི་གཞིགས་ནས་ལག་ལེན་བསྟར་དགོས།

དོན་ཚན་སོ་ལྔ་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་འདིར་གཞིགས་ནས་འབྲེལ་ཡོད་གཏན་འབེབས་བཟོས་ཆོག

དོན་ཚན་སོ་དྲུག་པ། སྲོལ་ཡིག་འདིར་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་གསལ་འགྲེལ་བྱེད་འགན་འཁུར་རྒྱུ།

དོན་ཚན་སོ་བདུན་པ། སྲོལ་ཡིག་འདི2018ལོའི་ཟླ10པའི་ཚེས28ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ། དེ་མིན་ཏང་ཀྲི་པུའུ་འབྲེལ་ཡོད་གཏན་འབེབས་སྲོལ་ཡིག་འདི་དང་མི་གཅིག་པའི་རིགས་སྲོལ་ཡིག་འདིར་གཞིགས་ནས་ལག་ལེན་བསྟར་དགོས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།