དམངས་དོན་ཁྲིམས་གཞུང་གི​་ལེའུ་བཞི་པ། ཁྲིམས་མི་མ་ཡིན་པའི་རྩ་འཛུགས།

ལེའུ་བཞི་པ། ཁྲིམས་མི་མ་ཡིན་པའི་རྩ་འཛུགས།

དོན་ཚན་བརྒྱ་དང་གཉིས། 【ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱི་མཚན་ཉིད་དང་དབྱེ་བ】ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ནི་ཁྲིམས་མིའི་ཐོབ་ཐང་མེད་ཀྱང་། ཁྲིམས་ལྟར་རང་ཉིད་ཀྱི་མིང་ཐོག་ནས་དམངས་དོན་བྱེད་སྒོ་སྤེལ་ཆོག་པའི་རྩ་འཛུགས་ཡིན།

ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ནང་མི་སྒེར་གྱི་མ་རྩ་ཁེར་འཇོག་ཁེ་ལས་དང་། མཉམ་གཉེར་ཁེ་ལས། ཁྲིམས་མི་ཐོབ་ཐང་མི་ལྡན་པའི་ཆེད་ལས་ཞབས་ཕྱིའི་ལས་ཁུངས་སོགས་ཚུད།

དོན་ཚན་བརྒྱ་དང་གསུམ། 【ཁྲིམས་མི་མ་ཡིན་པའི་རྩ་འཛུགས་འཛུགས་པའི་གོ་རིམ】ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱིས་ངེས་པར་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ཐོ་འགོད་བྱ་དགོས།

ཁྲིམས་མི་མ་ཡིན་པའི་རྩ་འཛུགས་བཙུགས་ན་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གཏན་ལ་ཕབ་པའི་འབྲེལ་ཡོད་ལས་ཁུངས་ནས་ཆོག་མཆན་ཐོབ་དགོས་ན་གཏན་འཁེལ་དེ་ལྟར་བྱ་དགོས།

དོན་ཚན་བརྒྱ་དང་བཞི། 【ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱི་བུན་འགན】ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱི་རྒྱུ་ནོར་གྱིས་བུན་འགན་གཙང་འཇལ་བྱེད་མི་ཐུབ་ཚེ། མ་དངུལ་གཏོང་མཁན་ནམ་སྒྲིག་འཛུགས་པས་འགན་འཁྲི་ཚད་མེད་འཁུར་དགོས་ལ། བཅའ་ཁྲིམས་ཀྱི་གཏན་འཁེལ་གཞན་བྱས་ཡོད་ན་གཏན་འཁེལ་དེ་ལྟར་བྱ་དགོས།

དོན་ཚན་བརྒྱ་དང་ལྔ། 【ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱི་འཐུས་ཚབ་པ】ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱིས་མི་གཅིག་གམ་ཡང་ན་མི་མང་པོས་རྩ་འཛུགས་དེའི་ཚབ་བྱས་ནས་དམངས་དོན་གྱི་བྱེད་སྒོ་སྤེལ་བ་གཏན་ཁེལ་བྱས་ཆོག

དོན་ཚན་བརྒྱ་དང་དྲུག 【ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཁ་ཐོར་གནས་ཚུལ】གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཁ་ཐོར་གཏང་དགོས་ཏེ།

(གཅིག)སྒྲིག་ཡིག་ནང་གཏན་ལ་ཕབ་པའི་རྒྱུན་བསྲིངས་ཀྱི་དུས་ཚོད་དམ་ཡང་ན་སྒྲིག་ཡིག་ནང་གཏན་ལ་ཕབ་པའི་ཁ་འཐོར་བའི་རྒྱུ་མཚན་གཞན་དག་བྱུང་བ།

(གཉིས། )མ་དངུལ་འཇོག་མཁན་ནམ་སྒྲིག་འཛུགས་པས་ཁ་འཐོར་གཏོང་རྒྱུའི་ཐག་བཅད་པ།

(གསུམ། )བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་གནས་ཚུལ་གཞན་དག་བཅས་ཡོད།

དོན་ཚན་བརྒྱ་དང་བདུན། 【ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱི་ཞིབ་རྩིས】ཁྲིམས་མི་མ་ཡིན་པའི་རྩ་འཛུགས་དེ་ཁ་འཐོར་གཏོང་ན། ཁྲིམས་ལྟར་ཞིབ་རྩིས་རྒྱག་དགོས།

དོན་ཚན་བརྒྱ་དང་བརྒྱད། 【གཞིར་འཛིན་དང་བཀོལ་སྤྱོད】ཁྲིམས་མི་མ་ཡིན་པའི་རྩ་འཛུགས་སྒྲིག་འཛུགས་བྱེད་པར་ལེའུ་འདིའི་གཏན་འཁེལ་ལས་གཞན་ལེའུ་གསུམ་པའི་ས་བཅད་དང་པོའི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་སྟེ་སྤྱད་ཆོག

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།