ཀྲུང་གོ་བོད་ཀྱི་དྲ་བ།

དམངས་དོན་ཁྲིམས་གཞུང་གི་ས་བཅད་བཞི་པ། སྒེར་གཉེར་བཟོ་ཚོང་ཁྱིམ་དུད་དང་ཞིང་སྡེ་འགན་ལེན་བདག་གཉེར་ཁྱིམ་དུད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀྲུང་གོ་བོད་ཀྱི་དྲ་བའི་ལོ་ཙཱ་ཚན་ཆུང་གིས་བསྒྱུར།   སྤེལ་དུས། : 2021-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དོན་ཚན་ང་བཞི་པ། 【སྒེར་གཉེར་བཟོ་ཚོང་ཁྱིམ་དུད་ཀྱི་མཚན་ཉིད】རང་བྱུང་མིས་བཟོ་ཚོང་ལས་རིགས་གཉེར་ནས་ཁྲིམས་ལྟར་ཐོ་འགོད་བྱས་ན་སྒེར་གཉེར་བཟོ་ཚོང་ཁྱིམ་དུད་ཡིན་ལ། སྐེར་གཉེར་བཟོ་ཚོང་ཁྱིམ་དུད་ཀྱིས་ཡིག་ཨང་བཙུགས་ཆོག

དོན་ཚན་ང་ལྔ་པ། 【ཞིང་སྡེ་འགན་ལེན་བདག་གཉེར་ཁྱིམ་དུད་ཀྱི་མཚན་ཉིད】ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིས་ཁྲིམས་ལྟར་ཞིང་སྡེའི་ས་ཞིང་འགན་ལེན་བདག་གཉེར་བྱེད་དབང་ཐོབ་ནས་ཁྱིམ་ཚང་གིས་འགན་ལེན་བདག་གཉེར་བྱས་ན་ཞིང་སྡེའི་འགན་ལེན་བདག་གཉེར་ཁྱིམ་དུད་ཡིན། 

དོན་ཚན་ང་དྲུག་པ། 【བུན་འགན་ཁུར་བའི་སྒྲིག་སྲོལ】སྒེར་གཉེར་བཟོ་ཚོང་གི་བུན་འགན་དེ་མི་སྒེར་གྱིས་བདག་གཉེར་བྱས་ན་མི་སྒེར་གྱི་རྒྱུ་ནོར་གྱིས་འགན་འཁུར་དགོས་ལ། ཁྱིམ་ཚང་གིས་བདག་གཉེར་བྱས་ན་ཁྱིམ་ཚང་གི་རྒྱུ་ནོར་གྱིས་འགན་འཁུར་དགོས་ཤིང་། དེ་གཉིས་གསལ་བོར་འབྱེད་མི་ཐུབ་ན་ཁྱིམ་ཚང་གི་རྒྱུ་ནོར་གྱིས་འགན་འཁུར་དགོས། 

ཞིང་སྡེའི་འགན་ལེན་བདག་གཉེར་ཁྱིམ་དུད་ཀྱི་བུན་འགན་དེ་ཞིང་སྡེའི་ས་ཞིང་འགན་ལེན་བདག་གཉེར་ཁྱིམ་དུད་ཀྱི་རྒྱུ་ནོར་གྱིས་འགན་འཁུར་དགོས་ལ། དོན་དངོས་ཐོག་ཁྱིམ་མི་ཁག་གཅིག་གིས་བདག་གཉེར་བྱས་པའི་རིགས་ཁྱིམ་མི་ཁག་དེའི་རྒྱུ་ནོར་གྱིས་འགན་འཁུར་དགོས།  

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།