ཀྲུང་གོ་བོད་ཀྱི་དྲ་བ།

ཅི་ཞིག་མི་དམངས་འདུམ་སྒྲིག་ཟེར། མི་དམངས་འདུམ་སྒྲིག་གི་གྲོས་ཆོད་ཡི་གེའི་ནུས་པ་གང་ཡིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་འདུམ་སྒྲིག་ཅེས་པ་ནི་མི་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་དབུ་ཁྲིད་འོག་ཏུ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྒྲིག་སྲོལ། སྤྱི་ཚོགས་ཀྱི་ཀུན་སྤྱོད་ཚད་གཞི་བཟུང་ནས་གཞི་རིམ་གྱི་དོ་བདག་དག་གི་བར་གྱི་འགལ་བ་དང་ཕོག་ཐུག་མེད་པར་བཏང་སྟེ་ཕན་ཚུན་ལ་རྒྱུས་ལོན་བྱེད་དུ་འཇུག་པའི་ཁྲིམས་ལུགས་ཀྱི་རྣམ་པའི་བྱེད་སྒོ་ཞིག་ལ་ཟེར། རང་རྒྱལ་གྱི 《ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་མི་དམངས་འདུམ་སྒྲིག་གྲོས་མོལ་གྱི་དམངས་གྱོད་གཞིའི་གཏན་ཁེལ 》 ལྟར་ན། མི་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་བརྒྱུད་ནས་གྲོས་མཐུན་བྱུང་རྗེས། དམངས་དོན་གྱི་ཁེ་དབང་དང་འགན་ཁུར་ལྟར་ཕྱོགས་གཉིས་ཀས་དོ་བདག་གི་མིང་རྟགས་བཀོད་པའམ་མཛུབ་ཐེལ་བརྒྱབ་ཚེ། དམངས་དོན་གན་རྒྱའི་ཚབ་ཏུ་བཞག་ཆོག་པར་མ་ཟད། དོ་བདག་གིས་སྔོན་གྱི་དུས་བཅད་ལྟར་རང་གི་འགན་ཁུར་བསྒྲུབ་པ་ལས་རང་འགུལ་སྒོས་བརྗེ་སོལ་དང་མེད་བརླག་ཏུ་གཏང་མི་ཆོག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།