ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་འགལ་གྱི་སྒོ་ནས་མེ་མདའ་དང་མདེའུ་འཛིན་པའི་བྱ་སྤྱོད་ལ་ཇི་ལྟར་ཆད་པ་གཅད་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བྱ་སྤྱོད་སྤེལ་མཁན་གྱིས་འབྲེལ་ཡོད་ཀྱི་མེ་མདའ་དང་མདེའུ། རྩིས་སྤྲོད་དོ་དམ་ཡོ་བྱད་བཅས་བཟུང་ནས་ཁྲིམས་དང་འགལ་ཚེ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དང་སྒྲིག་སྲོལ་ལྟར་ན། མེ་མདའ་དང་མདེའུ། འཕྲུལ་གཞུ། གྲི་ཐུང་། གཞོག་གྲི་ཟུར་གསུམ་མ་སོགས་བཟུང་བར་རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་ཡོད་པའི་རྩིས་སྤྲོད་དོ་དམ་ཡོ་བྱད་ལ། ཉིན5མན་གྱི་བཀག་ཉལ་དང་། སྒོར500མན་གྱི་ཆད་པ་གཅད་དགོས། གཞན་ད་དུང་ཁྲིམས་མཐུན་མིན་པའི་སྒོ་ནས་མེ་མདའ་དང་མདེའུ། རྩིས་སྤྲོད་དོ་དམ་ཡོ་བྱད་བཅས་བཟུང་ནས་མི་ཚོགས་འདུ་སའམ་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ཡོད་སར་སོང་ན་ཉིན5ཡན་དང་ཉིན10མན་གྱི་བཀག་ཉར་དང་སྒོར500མན་གྱི་ཆད་པ་གཅད་ཆོག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།