ཀྲུང་གོ་བོད་ཀྱི་དྲ་བ།

ཅི་ཞིག་ལ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ཟེར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཛད་སྤྱོད་པའི་ཁེ་དབང་ཞེས་པ་ནི་འཛད་སྤྱོད་པར་འཛད་སྤྱོད་གོ་རིམ་ཁྲོད་དུ་ཁེ་དབང་དང་འཐོབ་འོས་པའི་ཁེ་ཕན་ཡོད་པ་དེ་ལ་ཟེར་ཞིང་། དེར་ནང་གསེས་སུ་ཉོ་འཚོང་དང་ཚོང་རྫས་བཀོལ་སྤྱོད་བྱེད་སྐབས་སུ་ཡོད་པའི་ཁེ་དབང་དང་། ཞབས་ཞུ་དང་ལེན་བྱེད་པའི་སྐབས་སུ་ཡོད་པའི་ཁེ་དབང་བཅས་ཡོད། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ཞེས་པ་ནི་འཛད་སྤྱོད་པར་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལམ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་ཀྱིས་ཁས་ལེན་པའི་རང་རྐྱ་འཕེར་བའི་ངང་ཡོད་པའི་ཁེ་དབང་དེ་ལ་ཟེར།

སྤྱི་ཚོགས་འགན་ལེན་ཁྲིམས་སྲོལ་གྱིས་སྲུང་སྐྱོང་བྱེད་པ་ནི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ཡིན། འཛད་སྤྱོད་པའི་ཉོ་འཚོང་དང་། ཚོང་རྫས་བཀོལ་སྤྱོད་བྱེད་པའམ་ཡང་ན་ཞབས་ཞུ་དང་ལེན་བྱེད་པའི་སྐབས་སུ། བསམ་གཟས་ནས་ཚོང་གཉེར་པར་གནོད་འཚེ་བཟོས་པའམ་ཡང་ན་འཛད་སྤྱོད་པས་བསམ་བཞིན་དུ་ལས་འཛོལ་བྱུང་དུ་བཅུག་ནས་རང་ཉིད་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་ཚེ། སྤྱི་ཚོགས་དང་བཅའ་ཁྲིམས་ཀྱིས་དེར་སྲུང་སྐྱོང་མི་བྱེད། འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་ནི་རྩ་དོན་ཞིག་དང་ཚན་མེད་ཀྱི་སྒོ་ནས་སྲུང་སྐྱོང་བྱེད་པ་ནི་རྩ་དོན་ཞིག་དང་ཚད་མེད་ཀྱི་སྒོ་ནས་སྲུང་སྐྱོང་བྱེད་པ་ཞིག་གཏན་ནས་མིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།