གཉེན་སྒྲིག་ལ་དགོས་ངེས་ཀྱི་ཆ་རྐྱེན་གང་དག་ཡོད།

གཉེན་སྒྲིག་ལ་དགོས་ངེས་ཀྱི་ཆ་རྐྱེན་གང་དག་ཡོད།

གཉེན་སྒྲིག་གི་དགོས་ངེས་ཆ་རྐྱེན་ལ་གཅིག་ནས་ཕོ་མོ་ཕྱོགས་གཉིས་ཀ་རང་མོས་ཡིན་དགོས། 《རང་རྒྱལ་གྱི གཉེན་སྒྲིག་བཅའ་ཁྲིམས》 ཀྱི་དོན་ཚན5པར་གཉེན་སྒྲིག་སྐབས་ཕོ་མོ་ཕྱོགས་གཉིས་ཀ་ངེས་པར་རང་མོས་ཡིན་དགོས་པ་ལས། ཕྱོགས་གཅིག་ནས་བཙན་ཤུགས་སམ་གཞན་གྱིས་ཐེ་གཏོགས་བྱ་མི་ཆོག་ཅེས་པ་འདི་གཉེན་སྒྲིག་གི་རང་དབང་རྩ་དོན་གྱིས་གཉེན་སྒྲིག་གི་གནད་དོན་ཐག་གཅོད་ཐབས་རེད།  གཉིས་ནས་ཁྲིམས་མཐུན་གཉེན་སྒྲིག་གི་ལོ་ཚོད་ཅེས་པ་ནི་ཁྲིམས་ལུགས་ཀྱིས་གཉེན་སྒྲིག་བྱ་ཆོག་པར་གཏན་འབེབས་བྱས་པའི་ལོ་ཚོད་ཡིན་ཏེ། 《གཉེན་སྒྲིག་བཅའ་ཁྲིམས 》ཀྱི་དོན་ཚན6པར་གཉེན་སྒྲིག་གི་ལོ་ཚོད་ནི་ཕོ་ལོ22ལས་སྔར་མི་རུང་བ་དང་མོ་ལོ20ལས་སྔར་མི་རུང་བར་གཏན་ཁེལ་བྱས་ཡོད། གསུམ་ནས་ཁྱོ་ཤུག་གཅིག་ལམ་ལུགས་ཀྱི་རྩ་དོན་ལ་གཞིགས་ནས་གཉེན་སྒྲིག་བྱེད་བཞིན་པའི་ཕྱོགས་གཉིས་ཀར་བཟའ་ཟླ་ཡོད་མི་ཆོག་པར། གཉེན་སྒྲིག་བྱས་མེད་པའམ་གཉེན་སྒྲིག་འཐོར་སོང་བའི་མི་ཡིན་དགོས། 

གཉེན་སྒྲིག་བྱ་མི་ཆོག་པའི་ཆ་རྐྱེན་ནི་ཅི་ཞིག་ཡིན།

རང་རྒྱལ་གྱི  《གཉེན་སྒྲིག་བཅའ་ཁྲིམས 》ཀྱི་དོན་ཚན7པར་གཤམ་གསལ་གྱི་གནས་ཚུལ་གང་རུང་ཡོད་ཚེ་གཉེན་སྒྲིག་བྱ་མི་ཆོག་སྟེ།  “གཅིག་ནས་ཕ་མ་གཅིག་པའི་སྤུན་མཆེད་དང་མི་རབས་གསུམ་ནང་ཚུན་གྱི་གཉེན་ཚན་འབྲེལ་བ་ཡོད་པའི་བར་དང་། གཉིས་ནས་གསོ་རིག་ཏུ་གཉེན་སྒྲིག་བྱ་མི་རུང་བར་ངོས་བཟུང་བའི་ནད་ཕོག་ཡོད་པའི་བར་དུ་གཉེན་སྒྲིག་བྱ་མི་རུང་བར་ངོས་བཟུང་བའི་ནད་ཕོག་ཡོད་པའི་བར་དུ་གཉེན་སྒྲིག་བྱ་མི་ཆོག ”ཅེས་གཏན་ཁེལ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།