ཁྲིམས་ལུགས་རོགས་སྐྱོར་རེ་ཞུ་དབུལ་ན་གཞི་རྩའི་ཆ་རྐྱེན་གང་དག་ཚང་དགོས།

རང་རྒྱལ་གྱི་ཁྲིམས་ལུགས་རོགས་སྐྱོར་སྲོལ་ཡིག་ལས་གཏན་ཁལ་བྱས་པ་ལྟར་ན། སྤྱི་དམངས་ཀྱིས་ཁྲིམས་ལུགས་རོགས་སྐྱོར་རེ་ཞུ་དབུལ་ན་གཤམ་གྱི་ཆ་རྐྱེན་དག་ཚང་དགོས་ཏེ།

1.རེ་འདུན་ཞུ་མཁན་ལ་འཚོ་བའི་དཀའ་ཁག་གི་དབང་གིས་ཁྲིམས་ལུགས་ཞབས་ཞུ་ཐད་ཀྱི་འགྲོ་དོན་སྟེར་མི་ཐུབ་པ་དང་དཔལ་འབྱོར་ཆ་རྐྱེན་ས་དེའི་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་དཀའ་ཁག་གི་ཚད་གཞི་དང་འཚམ་དགོས། མིག་སྔར། ས་ཁུལ་སོ་སོའི་སྦྱིར་བཏང་དུ་ས་གནས་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཚས་གཞི་ལྟར་གཏན་འབེབས་བྱས་ཡོད།

2.རེ་ཞུ་ཕུལ་བའི་དོནདག་དེ《ཁྲིམས་ལུགས་རོགས་སྐྱོར་སྲོལ་ཡིག》ནང་གི་ཨང10པ་དང་ཨང11པ་ལས་གཏན་ཁེལ་བྱས་ཡོད་པའི་ཁྱབ་ཁོངས་དང་འཚམ་དགོས་ཏེ། ཁྲིམས་ལྟར་རྒྱལ་ཁབ་ལ་སྐྱིན་ཚབ་རེ་ཞུ་འབུལ་བ་དང་། འཆི་རྐྱེན་གྱོང་གསབ་དང་རྒུད་སྐྱོབ་མ་དངུལ་སྙན་ཞུ་འབུལ་བ། ལྟ་སྐྱོང་རིན་ཡོན་དང་སྙོར་སྐྱོང་རིན་ཡོན། གསོ་སྐྱོང་རིན་ཡོན། གསོ་རྟེན་མ་དངུལ་བཅས་ཀྱི་རེ་ཞུ་དབུལ་བ། ངལ་རྩོལ་གླ་ཕོགས་སྟེར་བར་རེ་ཞུ་འབུལ་བ། བདེན་དོན་དཔའ་བསྐྱེད་ཀྱི་བྱ་སྤྱོད་ལས་བྱུང་བའི་དམངས་དོན་ཁེ་དབང་། ས་གནས་སྲིད་གཞུང་གིས་ཐག་བཅད་པའི་ཁ་གསབ་གཏན་ཁེལ་གཞན་དག་བཅས་སོ།

  ཉེས་དོན་གཏུག་བཤེར་ཁྲོད། དོགས་ཡོད་ཉེས་ཅན་མི་སྣར་མྱུར་ཞིབ་ལས་ཁུངས་ཀྱིས་ཐེངས་དང་པོར་འདྲི་རྩད་བྱས་རྗེས་སམ་ཡང་ན་བཙན་ཐབས་སྤྱད་པའི་ཉིན་མོ་ནས་བཟུང་། དཔལ་འབྱོར་དཀའ་ཁག་ཡོད་པའི་རྐྱེན་གྱིས་ཁྲིམས་རྩོད་པ་གདན་ཞུ་བྱ་མ་ཐུབ་པ་དང་། གཞུང་ཕྱོགས་ཞུ་སྦྱོར་གྱི་གྱོད་དོན་དོན་རྐྱེན་ཁྲོད་དུ་གནོད་འཚེ་ཕོག་མཁན་དང་ཁྲིམས་བཀོད་འཐུས་ཚབ་པའམ་གཉེན་ཉེ་ཡིས་དོན་རྐྱེན་ཕྱོགས་གཞན་ལ་ཞུ་གཏུག་བྱས་པའི་ཉིན་མོ་ནས་བཟུང་དཔལ་འབྱོར་དཀའ་ངལ་ཡོད་པའི་རྐྱེན་གྱིས་མངག་བཅོལ་ལས་ཚབ་པ་གདན་ཞུ་བྱ་མི་ཐུབ་པ་དང་། སྒེར་ཕྱོགས་ཞུ་སྤྱོར་གྱི་གྱོན་དོན་ཞུ་གཏུག་མི་སྣ་དང་དེའི་ཁྲིམས་བཀོད་འཐུས་ཚབ་ནས་གྱོད་དོན་མི་དམངས་ཁྲིམས་ཁང་གིས་བདག་སྦྲོད་བྱས་པའི་ཉིན་མོ་ནས་བཟུང་དཔལ་འབྱོར་དཀའ་ངལ་ཡོད་པའི་རྐྱེན་གྱིས་མངག་བཅོལ་ཞུ་གཏུག་འཐུས་ཚབ་མི་སྣ་གདན་ཞུ་བྱ་མི་ཐུབ་པ་བཅས་ཡིན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།