ཀྲུང་གོ་བོད་ཀྱི་དྲ་བ།

​ནར་མ་སོན་པའི་བུ་ཕྲུག་ལ་མི་ལེགས་པའི་བྱ་སྤྱོད་ལྡན་ཚེ་ཇི་ལྟར་ཐག་གཅོད་བྱ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནར་མ་སོན་པིའ་ཕྲུ་གུ་མི་ལེགས་པའ་བྱ་སྤྱོད་རིགས་ལྡན་ཚེ་ངེས་པར་སྔོན་འགོག་ལེགས་པོ་བྱ་དགོས། སློབ་གྲྭ་དང་ཁོའི་ཕ་མ་གཉིས་མཉམ་འབྲེལ་བྱས་ཏེ་རྗེས་ཕྱོགས་སུ་དེ་ལྟ་བུའི་བྱ་སྤྱོད་མི་སྤེལ་བར་གཏན་འགོག་བྱ་དགོས། ནར་མ་སོན་པའི་ཕྲུ་གུའི་ནག་ཉེས་བྱ་སྤྱོད་སྔོན་འགོག་བཅའ་ཁྲིམས་ཀྱི་དོན་ཚན37པ་དང38པའི་ནང་གི་གཏན་ཁེལ་གཞིར་བཟུང་ན། ནར་མ་སོན་པའི་ཕྲུ་གུའི་མི་ལེགས་པའི་བྱ་སྤྱོད་ཁྱི་ངོ་བོ་མི་འདྲ་བའི་དབང་གིས་དེ་ལ་ཆད་པའང་མི་འདྲ་བ་གཅད་དགོས་ཞེས་བཀོད་ཡོད།

1. ནར་མ་སོན་པའི་ཕྲུ་གུ་སྤེལ་བའི་བྱ་སྤྱོད་བདེ་སྲུང་དོ་དམ་དང་འགལ་ཚེ། བདེ་སྲུང་དོ་དམ་ཆད་གཅོད་ཀྱི་གཏན་ཁེལ་ལྟར་ཆད་པ་གཅོད་དགོས།

2. ནར་མ་སོན་པའི་ཕྲུ་གུས་བཟོས་པའི་བྱ་སྤྱོད་ལས་ནག་ཉེས་གྲུབ་ཀྱང་། ཁྲིམས་ལྟར་ཉེས་དོན་འགན་འཁྲི་འཁུར་མི་དགོས་ལ། གལ་ཏེ་བཀག་ཉར་སློབ་སྤྱོང་གི་ཆ་རྐྱེན་དང་མཐུན་ཚེ། དེ་ལ་བཀག་ཉར་སློབ་སྤྱོང་བྱ་རུ་འཇུག་དགོས།

3. ནར་མ་སོན་པའི་ཕྲུ་གུས་སྤེལ་བའི་བྱ་སྤྱོད་ཁྲིམས་དང་འགལ་ཡང་ཉེས་དོན་འགན་འཁྲི་འཁུར་མི་དགོས་ལ། ངལ་རྩོལ་སློབ་སྤྱོང་བྱ་རུ་འཇུག་དགོས་སོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།