1.གར་སོང་ཆ་མེད་དུ་གྱུར་དོན་ཁྲིམས་བཀོད་ཀྱི་ཡུན་ཚད་ལ་ཐོན་དགོས། རྒྱུན་ལྡན་གྱི་གནས་ཚུལ་འོག་གར་སོང་ཆ་མེད་དུ་གྱུར་ན་ལོ་འཁོར4འགོར་དགོས་ཤིང་། དེ་རང་བྱུང་མི་གར་སོང་གི་གནས་ཚུལ་མི་ཤེས་པའི་ཕྱི་ཉིན་ནས་བརྩི་དགོས་ལ། བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཁྲོད་གར་སོང་ཆ་མེད་དུ་གྱུར་པའི་རིགས་ལ་ཡུན་ཚད་ལོ་འཁོར2ཡིན། མཉམ་འཇོག་བྱ་རྒྱུ་ཞིག་ལ་དམག་འཁྲུག་ནི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་མིན་པས་དམག་འཁྲུག་སྐབས་གར་སོང་ཆ་མེད་དུ་གྱུར་པའི་དུས་ཚོད་ནི་དམག་འཁྲུག་མཇུག་སྒྲིལ་ཉིན་ནས་བརྩི་རྒྱུ།
2.ཕན་གནོད་ཀྱི་འབྲེལ་བ་ཡོད་མཁན་གྱི་རེ་འདུན་ཞུ་དགོས། བོར་བ་ཁྱབ་སྒྲོག་གི་ཆ་རྐྱེན་དང་མི་མཐུན་པ་ཞིག་ནི་ཚེ་ལས་འདས་པ་ཁྱབ་སྒྲོག་གི་ཆ་རྐྱེན་དང་མི་མཐུན་པ་ཞིག་ནི་ཚེ་ལས་འདས་པ་ཁྱབ་སྒྲོག་བྱེད་པའི་རེ་འདུན་ཞུ་དབང་ལ་ཆེས་མཐོ་བའི་མི་དམངས་ཁྲིམས་ཁང་གིས་དམངས་ཁྲིམས་སྤྱི་སྲོལ་ལག་ལེན་མཐར་ཕྱིན་བྱེད་པའི་གནད་དོན་འགའི་བསམ་འཆར་གྱི་དོན་ཚན25པའི་གཏན་ཁེལ་ལྟར་ན། གཤམ་གསལ་གོ་རིམ་གྱིས་ཚོད་འཛིན་ངེས་ཅན་ཞིག་ཡོད་དེ།
(1)བཟའ་ཟླ།
(2)ཕ་མ་དང་བུ་ཕྲུག
(3)གཅན་གཅུང་མིང་སྲིང་། ཕ་རྒྱུད་ཀྱི་སྤོ་བོ་རྨོ་མོ། མ་རྒྱུད་ཀྱི་སྤོ་བོ་རྨོ་མོ། ཚ་བོ་ཚ་མོ།
(4)ཕན་གནོད་ཀྱི་འབྲེལ་བ་ཡོད་མཁན་གཞན་དག་བཅས་ཡིན། རིམ་པ་སྔོན་མའི་མི་རྣམས་རིམ་པ་རྗེས་མའི་མི་དང་བསྡུར་ན་མི་ལུས་ཀྱི་ཐད་ནས་ཚེ་འདས་ཀྱི་ཁྱབ་སྒྲོག་བྱ་ཡུལ་དང་འབྲེལ་བ་ཟབ་མོ་ཡོད། དེའི་ཕྱིར། རིམ་པ་སྔོན་མའི་མི་རྣམས་ཀྱིས་ཚེ་ལས་འདས་པའི་ཁྱབ་སྒྲོག་བྱ་རྒྱུའི་རེ་འདུན་ཞུས་མེད་ན་རིམ་པ་རྗེས་མའི་མི་ལ་རེ་འདུན་ཞུ་དབང་མེད། རིམ་པ་གཅིག་པིའ་མི་རྣམས་ལས་ཁ་ཅིག་གིས་ཚེ་ལས་འདས་པའི་ཁྱབ་སྒྲོག་བྱ་དགོས།
3.མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཚེ་ལས་འདས་པའི་ཁྱབ་སྒྲོག་བྱ་དགོས། ཁྲིམས་ཁང་ལ་ཚེ་ལས་འདས་པའོ་ཁྱབ་སྒྲོག་བྱ་རྒྱུའི་རེ་ཞུ་འབྱོར་རྗེས་གར་སོང་ཆན་མེད་དུ་གྱུར་མཁན་འཚོལ་བའ་སྤྱི་བསྒྲགས་སྤེལ་དགོས། རྒྱུན་ལྡན་སྤྱི་བསྒྲགས་བྭེད་ཡུན་ལོ1ཡིན་མོད། བསམ་ཡུལ་ལས་འདས་པའི་དོན་རྐྱེན་ལས་གར་སོང་ཆ་མེད་དུ་གྱུར་ཅིང་། འབྲེལ་ཡོད་ལས་ཁུངས་ཀྱིས་སྐྱེ་བོ་དེ་འཚོ་བ་བཞུགས་བྱ་མི་སྲིད་པའི་ར་སྤྲད་ན་སྤྱི་བསྒྲགས་བྱེད་ཡུན་ཟླ3ཡིན། སྤྱི་བསྒྲགས་བྱེད་ཡུན་ཐོན་དུས་གར་སོང་བའི་མི་དེ་སྔར་བཞིན་གར་སོང་མི་ཤེས་ན་ཁྲིམས་ཁང་གིས་ཚེ་ལས་འདས་པའི་ཁྱབ་སྒྲོག་གི་དཔྱད་མཚམས་གཏང་དགོས། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཚེ་འདས་དང་གར་སོང་ཆ་མེད་དུ་གྱུར་པའི་མི་ཁྱབ་སྒྲོག་བྱ་བར་ཆ་རྐྱེན་གང་དག་ཚང་དགོས།