ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་ནུས་ཡོད་པའི་ཁ་ཆེམས་ལ་ཆ་རྐྱེན་གང་དག་འཛོམ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.ཁ་ཆེམས་འཇོག་མཁན་ལ་ངེས་པར་ཁ་ཆེམས་འཇོག་ནུས་ཡོད་དགོས། ཁ་ཆེམས་འཇོག་ནུས་ཡོད་པ་ཞེས་པ་ནི་ཁ་ཆེམས་འཇོག་མཁན་ལ་ཁ་ཆེམས་འཇོག་སྐབས་སུ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚིང་ཡོད་དགོས་པའི་དོན་ནོ།། རང་རྒྱལ་གྱི«ཤུལ་འཛིན་བཅའ་ཁྲིམས»ཀྱི་དོན་ཚན་22པའི་ཚན་པ2པར། བྱ་སྤྱོད་སྤེལ་ནུས་མེད་པའི་མི་དང་བྱ་སྤྱོད་སྤེལ་ནུས་ཆ་ཚང་མེད་པ་ཡིན།

2.ཁ་ཆེམས་ནང་གི་མཚོན་དོན་རྣམས་ངེས་པར་ཁ་ཆེམས་འཇོག་མཁན་གྱི་བསམ་དོན་ངོ་མ་ཡིན་དགོས། «ཤུལ་འཛིན་བཅའ་ཁྲིམས»ཀྱི་དོན་ཚན22པའི་ཚན་པ2པ་ལྟར་ན། གཞན་གྱི་འཇིགས་སྐུལ་དང་མགོ་དྐོར་ཐེབས་ནས་བཞག་པའི་ཁ་ཆེམས་དང་རྫུན་བཟོའམ་གཡོ་བཅོས་བྱས་པའི་ཁ་ཆེམས་ལ་ཁྲིམས་ནུས་མེད་ཟེར།

3.ཁ་ཆེམས་ཀྱི་ནང་དོན་བཅའ་ཁྲིམས་དང་སྤྱི་ཚོགས་ཀྱི་ཁེ་ཕན་ནམ་སྤྱོད་ལུགས་དང་མཐུན་དགོས།

4.ཁ་ཆེམས་ནང་དུ་ངལ་རྩོལ་ནུས་ཤུགས་མེད་ལ་འཚོ་རྟེན་གྱི་ཡོང་ཁུངས་མེད་པའི་ཤུལ་འཛིན་པའི་ཤུལ་འཛིན་བྱེད་དབང་བླང་མི་ཆོག  དེར་ཐོབ་སྐལ་དགོས་ངེས་འཇོག་དགོས། གོང་གི་ཆ་རྐྱེན་འདི་བཞི་པོ་ནི་ཁ་ཆེམས་ལ་ཁྲིམས་ནུས་ཐོན་པའི་ཆ་རྐྱེན་ཡིན་ཞིང་། དེའི་ཁྲོད་ཀྱི་རིགས་གཅིག་ཆད་ན་ཁ་ཆེམས་དེར་ཁྲིམས་ནུས་མེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།