ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་དམངས་ཀྱི་དམངས་དོན་བྱ་སྤྱོད་ནུས་པར་རིགས་གང་དག་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་དམངས་ཀྱི་དམངས་དོན་བྱ་སྤྱོད་ནུས་པར་རིགས་གསུམ་ཡོད་དེ། 

རིགས་གཅིག་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་མི་སྟེ། མི་འདིའི་རིགས་ལ་ཕྱོགས་གཉིས་སུ་བཀར་ཡོད། 1.རང་ལོ་18ཡན་གྱི་སྤྱི་དམངས། 2.རང་ལོ་16ལོན་ཡང་རང་ཉིད་ཀྱི་ངལ་རྩོལ་ཡོང་འབབ་འཚོ་བ་རྟེན་གཅོ་བོ་བྱེད་པའི་སྤྱི་དམངས་ཡིན།

རིགས་གཉིས་པ་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཤས་ཡོད་པའི་མི་སྟེ། དེ་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚད་མི་འདྲ་བའི་བཀག་རྒྱ་ཐེབས་པའི་སྤྱི་དམངས་ཡིན། བྱེ་བྲག་གི་བསྟན་དོན་ནི་རང་གི་ལོ་ཚད་དམ་མི་འདིའི་ནུས་སྟོབས་དང་འཚམ་པའི་དམངས་དོན་བྱ་འགུལ་སྤེལ་ཆོག་པའི་མི་ལ་གོ་མི་འདིའི་རིགས་ཕྱོགས་གཉིས་སུ་བཀར་ཡོད་དེ། 1.རང་ལོ་10ཡན་དང་18མན་གྱི་ནར་མ་སོན་པའི་མི། 2.རང་ཉིད་ཀྱི་བྱ་སྤྱོད་ལ་དབྱེ་འབྱེད་གསལ་བོ་བྱེད་མི་ཤེས་པའི་སྨྱོ་ནད་ཅན་གྱི་མི་ཡིན།

རིགས་གསུམ་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་སྟེ། དེ་ནི་རང་ཉིད་ཀྱི་བྱ་སྤྱོད་ཀྱིས་དམངས་དོན་ཁེ་དབང་དང་དམངས་དོན་འོས་འགན་ལག་བསྟར་བྱེད་མི་ཐུབ་པའི་མི་ལ་གོ     མི་འདིའི་རིགས་ཀྱང་ཕྱོགས་གཉིས་སུ་བཀར་ཡོད་དེ།  1.རང་ལོ10ལ་མ་སོན་པའི་མི་དང་། 2.ཐག་གཅོད་ནུས་པ་དང་རང་ཉིད་སྲུང་སྐྱོང་བྱེད་ནུས་མེད་ལ།  བྱ་སྤྱོད་དེའི་མཇུག་འབྲས་ཅི་ཡིན་མི་ཤེས་པའི་སྨྱོ་ནད་ཅན་གྱི་མི་ཡིན།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།