ཀྲུང་གོ་བོད་ཀྱི་དྲ་བ།

གྲངས་ཉུང་མི་རིགས་ལ་རང་གི་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་དང་བཅོས་སྒྱུར་བྱེད་པའི་རང་དབང་ཡོད་དམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ནི་མི་རིགས་དེའི་ཡུན་རིང་གི་ཐོན་སྐྱེད་དང་འཚོ་བའི་ཁྲོད་རིམ་གྱིས་གྲུབ་པ་ཞིག་ཡིན་པས།  མི་རིགས་དེའི་ཆབ་དཔལ་རིགལ་གསུམ་མཚོན་ཐུབ་ལ།  མི་རིགས་དེའི་མང་ཚོགས་ཡོངས་ཀྱིས་ཐུན་མོང་དུ་ཁས་ལེན་བྱེད་པ་ཞིག་ཡིན།  དེ་བས།  གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་རྒྱུད་འཛིན་དང་བཅོས་སྒྱུར་བྱེད་པའི་ཐད་ལ་བཅའ་ཁྲིམས་ལས་ཀྱང་གཏན་འབེབས་གསལ་བོ་བྱས་ཡོད་དེ།  དཔེར་ན་རྩ་ཁྲིམས་ཀྱི་དོན་ཚན4པ་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་དོན་ཚན10པ་ལས།  མི་རིགས་ཚང་མར་རང་ཉིད་ཀྱི་སྐད་དང་ཡི་གེ་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་རང་དབང་ཡོད་པ་དང་།  ཚང་མར་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་དང་བཅོས་སྒྱུར་བྱེད་པའི་རང་དབང་ཡོད་ཅེས་པ་དང་།  གཞན་ཡང་ས་གནས་ཀྱི་རང་སྐྱོང་སྲོལ་ཡིག་དག་ལས་ཀྱང་མི་རིགས་ཚང་མར་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་དང་བཅོས་སྒྱུར་བྱེད་པའི་རང་དབང་ཡོད་པ་གཏན་འབེབས་བྱས་ཡོད།

མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ནི་གཏན་དུ་འགྱུར་ལྡོག་མེད་པ་ཞིག་མིན་ཏེ།  དེ་ནི་ལོ་རྒྱུས་ཀྱི་འཕེལ་འགྲོས་དང་བསྟུན་ནས་འགྱུར་ལྡོག་འབྱུང་ངེས་ཡིན་པས།  མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་དང་བཅོས་སྒྱུར་བྱ་རྒྱུ་ནི་མི་རིགས་སོ་སོའི་རང་ཉིད་ཀྱི་དོན་དག་ཡིན་ཕྱིར། སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་དང་ཁོ་ཚོའི་མིས་འདོད་བཞིན་བྱེད་པ་ལས།  མི་སུ་དང་སུ་ཞིག་གིས་ཀྱང་བཙན་ཤེད་བྱ་མི་ཆོག་པར་མ་ཟད།  རང་སྐྱོང་ལས་ཁུངས་ལ་འབྲེལ་ཡོད་བཅའ་ཁྲིམས་དང་རང་སྐྱོང་སྲོལ་ཡིག་གི་གཏན་འབེབས་ལྟར་ས་གནས་དེ་གའི་མི་རིགས་ཁག་གི་ཁེ་དབང་འདི་འགན་སྲུང་བྱེད་པའི་འགན་འཁྲི་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།