ཀྲུང་གོ་བོད་ཀྱི་དྲ་བ།

ཁྱོ་ཤུག་བར་ལ་ཁེ་དབང་དང་འོས་འགན་གང་དག་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྱོ་ཤུག་ཕན་ཚུན་བར་གྱི་ཁེ་དབང་།

1.ཁྱོ་ཤུག་གཉིས་ཀྱི་ཁྱིམ་ཚང་ནང་གི་གོ་གནས་འདྲ་མཉམ་ཡིན་པ།

2.ཁྱོ་ཤུག་གཉིས་ཀར་རང་གི་རུད་མིང་སྤྱོད་པའི་ཁེ་དབང་ཡོད་པ།

3.ཁྱོ་ཤུག་གཉིས་ཀར་ཐོན་སྐྱེད་དང་བྱ་བ།  སློབ་སྦྱོང་དང་སྤྱི་ཚོགས་ཀྱི་བྱ་འགུལ་བཅས་སུ་ཞུགས་པའི་རང་དབང་ཡོད་ཅིང་།  ཕྱོགས་གང་ཞིག་གིས་ཀྱང་ཅིག་ཤོས་ལ་ཚོད་འཛིན་དང་ཐེ་གཏོགས་བྱ་མི་ཆོག

4.ཁྱོ་ཤུག་གཉིས་ཀར་ཐུན་མོང་ལ་དབང་བའི་རྒྱུ་ནོར་ལ་འདྲ་མཉམ་གྱིས་བདག་འཛིན་བྱེད་དབང་དང་ཐག་གཅོད་བྱེད་པའི་དབང་ཆ་ཡོད།

5.ཕྱོགས་གཅིག་གིས་གསོ་སྐྱོང་གི་འོས་འགན་མི་འཁུར་བའི་དུས་སུ།  ཅིག་ཤོས་ལ་གསོ་སྐྱོང་གྲོན་དངུལ་ལེན་པའི་ཁེ་དབང་ཡོད།

6.ཁྱོ་ཤུག་གཉིས་ཀར་ཕན་ཚུན་གྱི་ཤུལ་བཞག་རྒྱུ་ནོར་ཤུལ་འཛིན་བྱ་བའི་དབང་ཆ་ཡོད།

ཁྱོ་ཤུག་ཕན་ཚུན་བར་གྱི་འོས་འགན།

1.ཁྱོ་ཤུག་ཕན་ཚུན་བར་ལ་རང་ཉིད་དང་ཁྱིམ་ཚང་གི་འཚོ་བ།  རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ཁེ་ཕན་བཅས་གཅིག་གྱུར་བྱས་ཏེ།  རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་ཀྱི་འཛུབ་སྟོན་འོག་ཁྱོ་ཤུག་གི་འབྲེལ་བ་ཐག་གཅོད་བྱ་བའི་འོས་འགན་ཡོད།

2.ཁྱོ་ཤུག་གཉིས་ཀྱིས་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་གཅེས་བཀུར།  ཕན་ཚུན་གྱི་བརྩེ་དུང་ལ་མཐོང་ཆེན་བྱེད་པའི་འོས་འགན་ཡོད།

3.ཁྱོ་ཤུག་གཉིས་ཀར་ཕན་ཚུན་གསོ་སྐྱོང་བྱེད་པའི་འོས་འགན་ཡོད།

4.ཁྱོ་ཤུག་གཉིས་ཀར་འཆར་གཞི་ལྡན་པའི་ངང་ནས་ཕྲུ་གུ་བཙའ་བའི་འོས་འགན་ཡོད།

5.ཁྱོ་ཤུག་གཉིས་ཀར་བུ་ཕྲུག་ལ་ཐུན་མོང་གིས་གསོ་སྐྱོང་དང་སློབ་གསོ་གཏོང་བའི་འོས་འགན་ཡོད།

6.ཁྱོ་ཤུག་གཉིས་ཀ་རྒས་འཁོགས་སུ་ལུས་ཚེ་ཕན་ཚུན་ལ་སྙོར་སྐྱོང་དང་དྲན་གསོ་བྱེད་པའི་འོས་འགན་ཡོད་དོ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།