ཀྲུང་གོ་བོད་ཀྱི་དྲ་བ།

ག་འདྲ་ཞིག་ལ་རྒྱལ་ཁབ་ཀྱི་བདེ་སྲུང་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་ཟེར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རང་རྒྱལ་གྱི《རྒྱལ་ཁབ་བདེ་སྲུང་བཅའ་ཁྲིམས》ཀྱི་དོན་ཚན4པའི་ནང་གཏན་ཁེལ་བྱས་དོན།  “རྩ་འཛུགས་དང་སྐྱེ་བོ་སུ་ཞིག་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་སྤེལ་ན་ངེས་པར་བཅའ་ཁྲིམས་ཐོག་ནས་བདའ་འདེད་གཏང་དགོས”ཞེས་བཀོད་ཡོད།  བཅའ་ཁྲིམས་འདིར་གསལ་བའི་རྒྱལ་ཁབ་ཀྱི་བདེ་སྲུང་ལ་གནོད་པའི་བྱ་སྤྱོད་ཅེས་པ་ནི་མངའ་ཁོངས་ཕྱི་རོལ་གྱི་ལས་ཁུངས་དང་རྩ་འཛུགས།  སྐྱེ་བོ་བཅས་ཀྱི་ལག་བསྟར་བྱས་པའམ་མི་གཞན་ལ་ངན་སྐུལ་དང་རོགས་དངུལ་སྤྲད་དེ་ལག་བསྟར་བྱེད་དུ་བཅུག་པ་དང་།  ཡང་ན་མངའ་ཁོངས་ནང་གི་རྩ་འཛུགས་དང་སྐྱེ་བོས་མངའ་ཁོངས་ཕྱི་རོལ་གྱི་ལས་ཁུངས་དང་རྩ་འཛུགས།  སྐྱེ་བོ་བཅས་དང་ངན་འབྲེལ་གྱིས་ལག་བསྟར་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་ལ་གནོད་པའི་གཤམ་གསལ་གྱི་བྱ་སྤྱོད་འདི་དག་ལ་ཟེར།

1.སྲིད་གཞུང་རྩ་སློག་གཏོང་བ།  རྒྱལ་ཁབ་ཁ་བྲལ་གཏོང་བ།  སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མགོ་རྟིང་སློག་པ་བཅས་ཀྱི་ངན་གཡོ་ལྐོག་ཇུས་བྱེད་པའི་བྱ་སྤྱོད།

2.གསང་མྱུལ་གྱི་རྩ་འཛུགས་ལ་ཞུགས་པའམ་གསང་མྱུལ་གྱི་རྩ་འཛུགས་དང་དེའི་ལས་ཚབས་ཀྱིས་སྤྲད་པའི་ལས་འགན་དང་དུ་བླངས་པའི་བྱ་སྤྱོད།

3.རྒྱལ་ཁབ་ཀྱིས་གསང་དོན་རྐུས་ཁྱེར་དང་།  མྱུལ་ཞིབ།  ཉོ་བསྡུ།  ཁྲིམས་དང་མི་མཐུན་པར་འདོན་སྤྲོད་བཅས་བྱེད་པའི་བྱ་སྤྱོད།

4.རྒྱལ་ཁབ་ཀྱི་ལས་བྱེད་པར་ངོ་ལོག་བྱ་རྒྱུར་ཇུས་འདོན་དང་བཀོད་འདོམས།  བསླུ་བྲིད།  རྔན་བསླུ་བཅས་བྱེད་པའི་བྱ་སྤྱོད།

5.རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་གཏོར་བཤིག་གི་བྱ་བ་གཞན་དག་སྤེལ་རིགས་བཅས་སོ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།