ཀྲུང་གོ་བོད་ཀྱི་དྲ་བ།

ཅི་ཞིག་ལ་ངལ་རྩོལ་པའི་འདྲ་མཉམ་ལས་ཞུགས་དབང་ཆ་ཟེར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདྲ་མཉམ་ལས་ཞུགས་དབང་ཆ་ནི་ལས་ཞུགས་གོ་སྐབས་འདྲ་མཉམ་ཡིན་ཏེ།  ངལ་རྩོལ་ནུས་པ་ཡོད་པ་དང་ལས་ཞུགས་རེ་འདུན་ཡོད་པའི་ངལ་རྩོལ་པར་མི་རིགས་དང་རིགས་རྒྱུད།  ཕོ་མོ།  ཆོས་ལུགས་དད་མོས་སོགས་མི་དགར་བར།  འདྲ་མཉམ་གྱིས་རང་ཉིད་ཀྱི་དགའ་ཕྱོགས་དང་རྩལ་ནུས་གཞིར་བྱས་ཏེ་སྤྱི་ཚོགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་རང་དབང་གིས་ལས་རིགས་གདམ་གསེས་བྱེད་པ་ཞིག་ལ་ཟེར།

རང་རྒྱལ་གྱི《ངལ་རྩོལ་བཅའ་ཁྲིམས》ཀྱི་དོན་ཚན12པའི་གཏན་ཁེལ་ལྟར་ན།  “ངལ་རྩོལ་པ་ལས་ཞུགས་བྱེད་དུས་མི་རིགས་དང་།  རིགས་རྒྱུད།  ཕོ་མོ།  ཆོས་ལུགས་དད་མོས་སོགས་མི་འདྲ་བའི་དབང་གིས་མཐོང་ཆུང་བྱ་མི་ཆོག”ཅེས་བཀོད་ཡོད།  འདི་ནི་ལས་ཞུགས་གོ་སྐབས་འདྲ་མཉམ་ཡིན་ལ།  ལས་ཞུགས་མཐོང་ཆུང་མེད་པར་བཟོ་བའི་གཏན་ཁེལ་ཞིག་ཡིན།  ལས་ཞུགས་གོ་སྐབས་འདྲ་མཉམ་ནི་ངལ་རྩོལ་པར་བཅའ་ཁྲིམས་ཁེ་དབང་ཐོབ་ལ།  ལས་ཞུགས་དང་།  ལས་བསྒྱུར།  ལས་སྤོར།  ཡང་བསྐྱར་ལས་ཞུགས་བཅས་ཀྱི་གོ་རིམ་གྱི་ཐོག་མཐའ་བར་གསུམ་དུ་ལས་ཞུགས་མཐོང་ཆུང་གཏན་འགོག་བྱེད་པ་ཞིག་ཡིན།

འདྲ་མཉམ་ལས་ཞུགས་དབང་ཆའི་ཁོངས་སུ་གཤམ་གྱི་ནང་དོན་གཉིས་འདུ།

1.གདན་ཞུ་དང་ལེན་གྱི་གོ་སྐབས་འདྲ་མཉམ་ཡིན།  ངལ་རྩོལ་ཁེ་དབང་ནུས་པ་དང་ངལ་རྩོལ་བྱ་སྤྱོད་ནུས་པ་ཡོད་པའི་ངལ་རྩོལ་ཐམས་ཅད་ལ་ཐོ་འགོད་བྱས་ཏེ་གདན་ཞུ་དང་ལེན་བྱེད་པའི་གོ་སྐབས་ཡོད།  དོན་དངོས་སྟེང་ངལ་རྩོལ་པ་ཚང་མར་འདྲ་མཉམ་གྱི་ལས་ཞུགས་གོ་སྐབས་ཡོད་པ་ཡིན་ལ།  མི་སུ་ཡིན་རུང་ངལ་རྩོལ་པ་གདན་ཞུ་ལ་ཞུགས་པའི་གོ་སྐབས་འཕྲོག་མི་ཆོག་ཅིང་།  ངལ་རྩོལ་པའི་གདན་ཞུ་དང་ལེན་དབང་ཆར་གནས་ཚུལ་ག་འདྲའི་འོག་ཀྱང་ཚད་བཀག་བྱ་མི་ཆོག

2.བསྡུ་ལེན་ཚད་གཞི་འདྲ་མཉམ་ཡིན།  འདི་ནི་མི་འདྲ་བའི་ངལ་རྩོལ་པར་ལུགས་མཐུན་གྱི་བསྡུ་ལེན་ཚད་གཞི་ཞིག་གཏན་ཁེལ་བྱེད་པར་གོ་བསྡུ་ལེན་ཚད་གཞི་འདི་ནི་བྱ་བའི་ངོ་བོའི་ཁྱད་པར་དང་།  བྱ་བའི་ས་གནས། ཁོར་ཡུག་སོགས་ཀྱི་ཆ་རྐྱེན་གྱི་འགྱུར་ལྡོག་དང་བསྟུན་ནས་བཅོས་སྒྱུར་བྱ་ཆོག་མོད།  འོན་ཀྱང་ཐེངས་གཅིག་གི་ལས་བཟོ་པ་བསྡུ་བའི་རྒྱུགས་ལེན་ཁྲོད་མི་འདྲ་བའི་ངལ་རྩོལ་པར་མི་འདྲ་བའི་ཚད་གཞི་བཀར་ནས་སྒྲིག་བཟོ་བྱ་མི་ཆོག  ཁ་གཡོར་ས་བཙལ་ཏེ་རྒྱབ་རྟེན་མེད་པའི་སྤྱིར་བཏང་གི་ངལ་རྩོལ་པ་ལས་ཁུངས་སུ་མི་བསྡུ་ཞིང་འབྲེལ་བ་ཡོད་པའི་ངལ་རྩོལ་པ་བསྡུ་ལེན་བྱས་ནས་མི་ཆོག  ངལ་རྩོལ་པ་བསྡུ་ལེན་བྱེད་མིན་དེ་གཅིག་གྱུར་གྱི་ཚད་གཞི་ཞིག་གི་ཚད་འཇལ་བྱ་དགོས།  མཉམ་འཇོག་དགོས་པ་ཞིག་ནི།  ལས་ཞུགས་གོ་སྐབས་འདྲ་མཉམ་ཞེས་པ་ནི་མཇུག་འབྲས་ཀྱང་འདྲ་མཉམ་ཡིན་པའི་ངེས་པ་མེད།  ངལ་རྩོལ་པ་ལས་ཞུགས་བྱེད་ཐུབ་མིན་དང་ལས་རིགས་གང་ཞིག་གདམ་གསེས་བྱེད་པར་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཚད་བཀག་ཡོད་པ་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།