ཀྲུང་གོ་བོད་ཀྱི་དྲ་བ།

ཅི་ཞིག་ལ་སྤྱི་ཚོགས་འགན་སྲུང་དང་དེ་ལ་ནང་དོན་གང་དག་འདུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་ཚོགས་འགན་སྲུང་ཞེས་པ་ནི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་ཁྲིམས་འཛུགས་ལ་བརྟེན་ནས་རྒྱལ་དམངས་ཀྱི་ཡོང་སྒོ་ལ་བགོ་བཤའ་དང་སླར་ཡང་བགོ་བཤའ་བྱས་ཏེ།  སྤྱི་ཚོགས་ཀྱི་ཁྲིམས་མི་སྟེ་ལྷག་པར་འཚོ་བར་དམིགས་བསལ་གྱི་དཀའ་ཁག་ཡོད་པའི་མིའི་གཞི་རྩའི་འཚོ་བའི་ཁེ་དབང་འགན་སྲུང་ཞེས་པ་རུ་རྒྱུན་པར་སྤྱི་ཚོགས་བདེ་སྲུང་ལམ་ལུགས་ལ་ཟེར།  སྤྱི་ཚོགས་འགན་སྲུང་འགན་སྲུང་ཞེས་པ་རུ་རྒྱུན་པར་སྤྱི་ཚོགས་ཉེན་སྲུང་དང་།  སྤྱི་ཚོགས་རྒུད་སྐྱོབ།  སྤྱི་ཚོགས་ཕན་བདེ།  གཟིགས་སྐྱོང་དང་བཀོད་སྒྲིག་བཅས་འདུ།  དེའི་ཁྲོད་སྤྱི་ཚོགས་ཉེན་སྲུང་ནི་སྤྱི་ཚོགས་འགན་སྲུང་གི་ནང་དོན་གཙོ་བོ་ཡིན།  

རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་སྐོར་གྱི་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ན།  “རྒྱལ་ཁབ་ཀྱི་སྤྱི་ཚོགས་ལས་དོན་གོང་དུ་སྤེལ་ཏེ།  སྤྱི་ཚོགས་ཉེན་སྲུང་ལམ་ལུགས་གཟུག་རྒྱུ་དང་།  སྤྱི་ཚོགས་ཉེན་སྲུང་མ་དངུལ་བཙུགས་ནས་ངལ་རྩོལ་པ་རྣམས་ལོ་ན་རྒས་པ་དང་།  ནད་ཀྱི་མནར་བ།  ལས་རྨས་བྱུང་བ།  ལས་ཀ་ཤོར་བ།  ཕྲུ་གུ་སྐྱེ་བ་བཅས་ཀྱི་གནས་ཚུལ་འོག་དངོསཔོའི་རོགས་རམ་དང་སྐྱིན་གསབ་འཐོབ་རྒྱུ།  དེ་བཞིན་སྤྱི་ཚོགས་ཉེན་སྲུང་གི་རྣམ་གྲངས་གཙོ་བོ་རུ་རྒན་གསོའི་ཉེན་འགོག་སང་།  སྨན་བཅོས་ཀྱི་ཉེན་སྲུང་།  ལས་རྨས་ཀྱི་ཉེན་སྲུང་།  ལས་ཀ་ཤོར་བའི་ཉེན་སྲུང།  ཕྲུ་གུ་སྐྱེ་བའི་ཉེན་སྲུང་བཅས་འདུ”ཞེས་བཀོད་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།