ཀྲུང་གོ་བོད་ཀྱི་དྲ་བ།

ཅི་ཞིག་ལ་འཕྲོག་བཅོམ་ནག་ཉེས་ཟེར།དེར་ཇི་ལྟར་ཐག་གཅོད་བྱ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཕྲོག་བཅོམ་ནག་ཉེས་ཞེས་པ་ནི་ཁྲིམས་འགལ་གྱིས་བདག་བཟུང་བྱེད་པར་དམིགས་ཡུལ་དུ་བཟུང་ནས།  རྒྱུ་ནོར་གྱི་བདག་དབང་ལྡན་པའི་མི་དང་ཡང་ན་དོ་དམ་མི་སྣར་དྲག་ཤུགས་བཀོལ་ནས།  སྤྱི་སྒེར་གྱི་རྒྱུ་ནོར་འཕྲོག་པའི་བྱ་སྤྱོད་ལ་ཟེར།

རང་རྒྱལ་གྱི《རྩ་ཁྲིམས》ཀྱི་དོན་ཚན263པའི་ནང་གཏན་ཁེལ་བྱས་པ་ལྟར་ན།  “འཕྲོག་བཅོམ་ནག་ཉེས་བཟོ་མཁན་ལ་ལོ3ཡན་དང་ལོ10མན་གྱི་དུས་བཀག་བཙོན་འཇུག་བྱ་དགོས་པར་མ་ཟད།  དངུལ་ཆད་ཀྱང་གཅད་དགོས”ཞེས་བཀོད་ཡོད།  གཤམ་གྱི་གནས་ཚུལ་དག་ལས་གཅིག་ལྡན་ན་ལོ10ཡན་གྱི་དུས་བཀག་བཙོན་འཇུག་གམ་ཚེ་བཙོན་དང་སྲོག་ཆད་གཅད་དགོས་པར་མ་ཟད།  དངུལ་ཆད་གཅོད་པ་དང་རྒྱུ་ནོར་གཞུང་བཞེས་བྱ་དགོས།

1.ཁྱིམ་དུ་འཛུལ་ནས་འཕྲོག་བཅོམ་བྱས་པ།

2.སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་སྟེང་ནས་འཕྲོག་བཅོམ་བྱས་པ།

3.དངུལ་ཁང་ངམ་ཡང་ན་དངུལ་ནོར་སྡེ་ཁག་འཕྲོག་བཅོམ་བྱས་པ།

4.ཐེངས་གང་མང་ལ་འཕྲོག་བཅོམ་བྱས་པའམ་ཡང་ན་འཕྲོག་བཅོམ་བྱས་པའི་གྲངས་འབོར་ཧ་ཅང་ཆེ་བ།

5.འཕྲོག་བཅོམ་བྱེད་དུས་མི་གཞན་ལ་རྨས་སྐྱོན་ཚབས་ཆེན་བཟོས་པ།

6.དམག་མིའམ་ཉེན་རྟོག་པར་བརྫུས་ནས་འཕྲོག་བཅོམ་བྱས་པ།

7.མེ་མདའ་བཟུང་ནས་འཕྲོག་བཅོམ་བྱས་པ།

8.དམག་སྤྱོད་རྒྱུ་རྫས་འཕྲོག་པའམ་ཡང་ན་ཉེས་སེལ་དང་རྒུད་སྐྱོབ།  མུག་སྐྱོབ་རྒྱུ་རྫས་འཕྲོག་བཅོམ་བྱས་པ།

དེ་ལས་གཞན།  ལག་ཆ་བཟུང་ནས་འཕྲོག་བཅོམ་བྱས་པ་དང་།  རྐུ་འཕྲོག་ནག་ཉེས་བཟོས་པ་དང་།  མགོ་སྐོར་གཏོང་བ།  འཕྲོག་པའི་ནག་ཉེས་བཟོས་པ།  ཁྱིམ་དུ་རྐུ་རྫས་གསོག་འཇོག་བྱས་པ་དང་།  འཛིན་བཟུང་བྱེད་པར་ངོ་རྒོལ་བྱེད་པ་དང་ཡང་ན་བདེན་དཔང་མེད་པར་བཟོ་ཆེད་ཡུལ་དངོས་སུ་དྲག་ཤུགས་སྤྱད་པ་སོགས་ནི་འཕྲོག་བཅོམ་ནག་ཉེས་ལྟར་ཁྲིམས་ཆད་གཅད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།