ཀྲུང་གོ་བོད་ཀྱི་དྲ་བ།

རྒྱུན་ཤེས་འདི་དག་ཁྱོད་ཀྱིས་ཤེས་སམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.ཅི་ཞིག་ལ་བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ཟེར།

བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ཅེས་པ་ནི་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་བྱེད་པ་དང་། སྤྱིའི་བདེ་འཇགས་ལ་གནོད་རྐྱེན་བཟོ་བ། སྤྱི་དམངས་ཀྱི་མི་ལུས་ཁེ་དབང་ལ་ཕོག་ཐུག་གཏོང་བ།  གཞུང་སྒེར་གཉིས་ཀྱི་རྒྱུ་ནོར་ཁེ་དབང་ལ་ཕོག་ཐུག་གཏོང་བ་སོགས་གནས་ཚུལ་ཛ་དྲག་མིན་པའི་རིགས་ལ་རྩ་ཁྲིམས་ཀྱི་གཏན་ཁེལ་ལྟར་ཉེས་དོན་ཆད་གཅོད་བྱ་ཆོག་པའི་ཚད་རིམ་ལ་སླེབས་མེད་ནའང་ཁྲིམས་ལྟར་བདེ་འཇགས་དོ་དམ་ཆད་གཅོད་བྱེད་འོས་པའི་བྱ་སྤྱོད་ལ་ཟེར།

2.བདེ་འཇགས་དོ་དམ་ཆད་གཅོད་ལ་རིགས་གང་དག་ཡོད།

རང་རྒྱལ་གྱི《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན10པའི་ནང་གཏན་ཁེལ་བྱས་པ་ལྟར་ན།  བདེ་འཇགས་དོ་དམ་ཆད་གཅོད་ལ་རིགས་འདི་དག་ཡོད་དེ།

(1)ཐ་ཚིག་སྒྲོག་པ།

(2)དངུལ་ཆད་གཅོད་པ།

(3)སྲིད་འཛིན་བཀག་སྐྱིལ།

(4)སྤྱི་བདེ་ལས་ཁུངས་ཀྱིས་བྱིན་པའི་ཆོག་མཆན་དཔང་ཡིག་མེད་པར་བཟོ་བ།

(5)བདེ་འཇགས་དོ་དམ་དང་འགལ་བའི་ཕྱི་གླིང་པ་ཕྱིེར་རྒྱལ་ཁབ་དེར་སྐྱེལ་བའམ་ཡང་ན་ཕྱིར་སྐྲོད་པ་བཅས་ཟུར་སྣོན་བྱ་ཆོག

3..མི་གང་དག་ལ་བདེ་འཇགས་དོ་དམ་གྱི་ཆད་པ་གཅད་མི་ཆོག

ལོ་ན14ལ་མ་སོན་པའི་མི་བདེ་འཇགས་དོ་དམ་དང་འགལ་ན་ཆད་པ་གཅད་མི་ཆོག་ན་ཡང་།  ལྟ་རྟོག་བྱེད་མཁན་ལ་གཟབ་ནན་གྱིས་སློབ་གཅུན་བྱ་དགོས་པར་བཀའ་བརྡར་གཏང་ཆོག  སྨྱོ་ནད་ཡོད་པའི་མིས་གང་ཡིན་མི་ཤེས་པའང་རང་ཉིད་ལ་ཚོད་བཀག་བྱ་མི་ཐུབ་པའི་གནས་ཚུལ་འོག་ཏུ་བདེ་འཇགས་དོ་དམ་དང་འགལ་ན་དེ་ལ་ཆད་པ་གཅད་མི་ཆོག  ལྟ་རྟོག་བྱེད་མཁན་ལ་གཟབ་ནན་གྱིས་ལྟ་རྟོག་བྱེད་པ་དང་ནད་བཅོས་བྱ་དགོས་པའི་བཀའ་བརྡ་གཏང་ཆོག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།