ག་འདྲ་ཞིག་ལ་དམངས་རྩོད་གཏུག་བཤེར་ཟེར།

སྤྱི་དམངས་བར་དང་ཁྲིམས་མིའི་བར།  རྩ་འཛུགས་གཞན་དག་བར་བཅས་དང་དེ་བཞིན་དུ་དེ་དག་བར་ཕན་ཚུན་རྒྱུ་དངོས་ཀྱི་འབྲེལ་བ་དང་མི་ལུས་ཀྱི་འབྲེལ་བའི་རྐྱེན་ལས་བྱུང་བའི་གཏུག་བཤེར་ནི་དམངས་རྩོད་གཏུག་བཤེར་ཡིན།

བདེན་དཔང་འཇིག་ཉེན་ཆེ་ན་ཇི་ལྟར་བྱ་དགོས།

རང་རྒྱལ་གྱི《དམངས་རྩོད་གཏུག་བཤེར་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ན།  “བདེན་དཔང་འཇིག་སྲིད་པའང་སླད་ཕྱིན་རྙེད་དཀའ་བའི་གནས་ཚུལ་འབྱུང་སྲིད་ཚེ།  གཏུག་བཤེར་ལ་ཞུགས་མིས་མི་དམངས་ཁྲིམས་ཁང་ལ་བདེན་དཔང་ཉམས་མེད་སྲུང་སྡོམ་ཡོང་བར་རེ་འདུན་ཞུ་ཆོག”ཅེས་བཀོད་ཡོད།

འཛད་སྤྱོད་པས་བཀྲམ་འཚོང་བྱེད་ས་ནས་ཚོང་རྫས་ཉོས་ཏེ་རང་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཐེབས་ན་ཇི་ལྟར་བྱ།

ཚོང་གཉེར་བྱེད་མཁན་གྱི་ཕྱོགས་ལ་གུན་གསབ་གཞལ་དགོས་པའི་བླང་བྱ་གདོན་ཆོག་པ་ཡིན།  གལ་ཏེ་ཚོང་འདུས་མཇུག་སྒྲིལ་བ་ཡིན་ན་འདུ་ཚོགས་དེ་རྩ་འཛུགས་བྱེད་མཁན་གྱི་ཚོགས་པའམ་སྡེ་ཁག་དང་ཚོང་སྒྲོམ་དེ་བོགས་མར་གཏོང་མཁན་གྱི་ཕྱོགས་ལ་གུན་གསབ་གཞལ་དགོས་པའི་རེ་བ་གདོན་དགོས་པ་དང་།  དེ་ཉིད་ཀྱིས་གུན་གསབ་འཇལ་རྗེས་ཕྱིེར་འཚོང་པའི་ཕྱོགས་ནས་གུན་གསབ་འདེད་ལེན་བྱ་རུ་བཅུག་ཆོག

ཚོང་ཟོག་གི་འགན་གསུམ་གཙང་ལེན་དང་ལེན་མ་བྱས་ན་ཇི་ལྟར་བྱ།

འགན་གསུམ་གཙང་ལེན་བྱ་དགོས་པའི་ཚོང་ཟོག་གི་རིགས་ཡིན་ན།  ཚོང་གཉེར་པས་ངེས་པར་ཉམས་གསོ་དང་བརྗེ་ལེན།  ཕྱིར་སློག་གི་འགན་གསུམ་གཙང་ལེན་བྱ་དགོས་པ་ལས་རང་འགན་གཞན་དཀྲི་གཏན་ནས་བྱ་མི་ཆོག

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།