ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་བདེ་ཉེན་རྟོག་པས་གནས་ཚུལ་ག་འདྲའི་འོག་ཆད་པ་ལྕི་མོ་གཅད་ཆོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པས་བདེ་སྲུང་དོ་དམ་མམ་ཡང་ན་སྤྱི་བདེའི་སྲིད་འཛིན་དོ་དམ་་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ལ་འགལ་བའི་སྐྱེ་བོའམ་ཡང་ན་རྩ་འཛུགས་དག་ལ་བཅའ་ཁྲིམས་ལྟར་སྲིད་འཛིན་ཐད་ཀྱི་བཙན་ཤེད་བྱེད་ཐབས་དང་ཆད་པ་གཅད་ཆོག  གཤམ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་པ་ཆད་ན་ཆད་པ་ལྕི་མོ་གཅད་ཆོག

1.མཇུག་འབྲས་ཚབས་ཆེན་ཡིན་པའི་རིགས།

2.སྐྱེ་བོ་གཞན་ལ་ངན་སྐུལ་དང་།  འཇིགས་སྐུལ།  བསླུ་བྲིད་བཅས་བྱས་ནས་བདེ་འཇགས་དོ་དམ་དང་འགལ་དུ་བཅུག་པའི་རིགས།

3.གྱོད་དོན་ཡར་ཞུ་བྱེད་མཁན་དང་།  ཞུ་གཏུག་བྱེད་མཁན།  ཐེར་འདོན་བྱེད་མཁན།  དཔང་མི་བཅས་ལ་ངན་ལན་སློག་པའི་རིགས།

4.ཟླ6གི་ནང་དུ་རིགས་མི་འདྲ་བའི་བྱ་སྤྱོད་ཀྱི་རྐྱེན་གྱིས་ཐེངས2ཡན་ལ་བདེ་འཇགས་དོ་དམ་དང་འགལ་ནས་ཆད་པ་ཕོག་མྱོང་བའི་རིགས།

5.ཉེས་དོན་ཆད་གཅོད་ལག་བསྟར་བྱས་ཚར་བ་དང་།  ངལ་རྩོལ་བསླབ་གཅུན་གྱི་བཙོན་ཁང་ལས་གློད་གྲོལ་བཏང་བའམ་ཡང་ན་བདེ་འཇགས་དོ་དམ་གྱི་ཆད་པ་ཕོག་རྗེས་ཀྱི་ཟླ6གི་ནང་ཚུན་དང་།  ཁྲིམས་ཆད་ཕྱིར་འགྱངས་བཏང་བའི་སྐབས་བདེ་འཇགས་དོ་དམ་དང་འགལ་བའི་རིགས་བཅས་ལ་ཆད་པ་ལྕི་མོ་གཅད་ཆོག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།