ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པ་ལས་བཟོ་པ་བསྡུ་བར་ཆ་རྐྱེན་གང་དག་འཛོམ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བྱིས་པ་ལས་བཟོ་པ་བཀོལ་སྤྱོད་བྱེད་པ་གཏན་འགོག་བྱེད་པ་ནི་རྒྱལ་སྤྱིའི་ངལ་རྩོལ་ལས་བཟོ་པའི་བཅའ་ཁྲིམས་ཀྱི་རྩ་བའི་རྩ་དོན་ཞིག་ཡིན་ལ།  རང་རྒྱལ་གྱི《ངལ་རྩོལ་བཅའ་ཁྲིམས》ཀྱི་རྩ་བའི་རྩ་དོན་ཞིག་ཀྱང་ཡིན་མོད།  འོན་ཀྱང་རིག་རྩལ་དང་།  ལུས་རྩལ།  བཟོ་རྩལ་ལས་ཁུངས་ལ་ལ་ཞིག་སྟེ།  ངེས་པར་ན་གཞོན་བྱིས་པ་སྡུད་ལེན་བྱས་ཏེ་ཆུང་དུས་ནས་སྦྱོང་བརྡར་བྱ་དགོས་ཚེ(དཔེར་ན་རྩལ་རྩེད་ལྟ་བུ)།  ངེས་པར་རྫོང་རིམ་པའི་ཡན་གྱི(རྫོང་རིམ་པ་འདུ)ངལ་རྩོལ་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་བརྒྱུད་རྗེས།  ལོ་ན16ལ་མ་སོན་པའི་རིག་རྩལ་ལས་གཉེར་མཁན་དང་ལུས་རྩལ་པ།  བཟོ་རྩལ་སློབ་མ་སོགས་སྡུད་ལེན་བྱ་ཆོག་ལ།  དེ་རང་ཁྲིམས་འགལ་གྱིས་བྱིས་པ་ལས་བཟོ་པ་བེད་སྤྱོད་པའི་ཁོངས་སུ་མི་འདུ། 

བྱིས་པ་ལས་བཟོ་པ་བསྡུ་བར་ངེས་པར་དེའི་ཁྲིམས་བཀོད་ལས་ཚབམིའི་འཐད་པ་བརྒྱུད་དགོས་པའམ་ཡང་ན་ལས་ཚབ་བྱས་ཏེ་ངལ་རྩོལ་གན་རྒྱ་འཇོག་དགོས་པར་མ་ཟད།  རྫོང་རིམ་པ་ཡན་གྱི་ངལ་རྩོལ་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་བརྒྱུད་དགོས།  དེ་ལས་ལྡོག་ན་གན་རྒྱ་ནུས་མེད་ཡིན།  རང་རྒྱལ་གྱི《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་སྤེལ་བྱས་པའི་བྱིས་པ་ལས་བཟོ་པ་སྤྱོད་པ་གཏན་འགོག་བྱེད་པའི་ཐག་གཅོད》ནང་གཏན་ཁེལ་གསལ་བོ་བྱས་དོན།  རིག་རྩལ་དང་།  ལུས་རྩལ།  དམིགས་བསལ་བཟོ་རྩལ་ལས་ཁུངས་བཅས་ཀྱིས་དོན་དངོས་སུ་ལོ་ན16ལ་མ་སོན་པའི་རིག་རྩལ་ལས་གཉེར་མཁན་དང་ལུས་རྩལ་པ།  བཟོ་རྩལ་སློབ་མ་སོགས་སྡུད་ལེན་བྱ་དགོས་ཚེ།  ངེས་པར་རྫོང་རིམ་པ་ཡན་གྱི་ངལ་རྩོལ་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་བརྒྱུད་དགོས།    ལས་ཁུངས་ཀྱིས་སྡུད་ལེན་བྱེད་དུས།  ལས་ཁུངས་ཡོད་སའི་རྫོང་ངལ་རྩོལ་ཁག་ཐེག་སྲིད་འཛིན་སྡེ་ཁག་ལ་ཞིབ་བཤེར་ཆོག་མཆན་གྱི་རེ་འདུན་ཞུ་དགོས་པར་མ་ཟད།  གཤམ་གྱི་བདེན་དཔང་རྒྱུ་ཆ་དག་མཁོ་སྤྲོད་བྱ་དགོས།

1.ལས་ཁུངས་ཀྱིས་སྡུད་ལེན་བྱེད་པའི་མི་སྣའི་རེ་འདུན་ཡི་གེ

2.ལས་ཁུངས་ཀྱི་མཚམས་སྦྱོར་ཡི་གེ

3.ལས་སྒྲུབ་མིི་སྣའི་ཐོབ་ཐང་དཔང་ཡིག

4.སྡུད་ལེན་གན་རྒྱའི་ཡི་གེ

རྩོམ་སྒྲིག་པ། : ཀླུ་མོ་མཚོ།