ངལ་རྩོལ་པས་ལས་ཀའི་གོ་རིམ་ཁྲོད་དུ་གལ་ཏེ་དོན་རྐྱེན་དང་ཕྲད་ནས་གནོད་འཚེ་ཐེབས་པ་ལ། སྐབས་ཐོག་ཏུ་གྲོས་མཐུན་ཡེ་གེ་བཞག་ཡོད་པའི་སྨན་བཅོས་སྡེ་ཁག་ཏུ་སོང་ནས་སྨན་བཅོས་བྱ་དགོས་ལ། གནས་ཚུལ་ཚབས་ཆེན་ཡིན་ན་ཐོག་མར་ཉེ་འགྲམ་གྱི་སྨན་བཅོས་སྡེ་ཁག་ཏུ་མྱུར་སྐྱོབ་སྨན་བཅོས་བྱ་ཆོག
དེ་དང་མཉམ་དུ། ས་གནས་ཀྱི་ངལ་རྩོལ་འགན་ལེན་སྲིད་འཛིན་སྡེ་ཁག་ལ་ལས་རྨངས་ངོས་འཛིན་བྱ་བའི་རེ་ཞུ་དབུལ་དགོས། གལ་ཏེ་ངལ་རྩོལ་པ་དུས་ཡུན་རིང་བོར་སོལ་གཏེར་དང་། རྡོ་གཏེར། དུག་ཡོད་པ་དང་ལུས་ཕུང་ལ་གནོད་པ་ཡོད་པའི་ཁོར་ཡུག་ནང་ལས་ཀ་བསྒྲུབས་པའི་རྐྱེན་གྱིས་ལུས་ཕུང་མི་བདེ་བའི་ཚོར་བ་ཡོད་ཚེ། ངེས་པར་ས་གནས་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་ཁོངས་སུ་གཏོགས་པའི་ལས་རིགས་ནད་ཡམས་སྔོན་འགོ
ག་གསོ་བཅོས་ཁང་དུ་སོང་ནས་ནད་བརྟག་སྨན་བཅོས་བྱ་དགོས། ལས་རིགས་ནད་ཡམས་ཡིན་པ་གཏན་ཁེལ་བྱས་རྗེས་ངལ་རྩོལ་འགན་ལེན་སྲིད་འཛིན་སྡེ་ཁག་ལ་ལས་རྨས་ངོས་འཛིན་ཞུ་དབུལ་དགོས། ལས་རྨས་ཀྱི་མཇུག་འབྲས་ངོས་འཛིན་ལ་ཁས་ལེན་བྱ་མི་འདོད་ཚེ(དཔེར་ན་ལས་རྨས་སྐྱོན་འཛོལ་སུ་མ་རྩིས་པ)ལས་རྨས་ཀྱི་ངོས་འཛིན་ཡི་གེ་འབྱོར་བའི་ཉིན60ནང་དུ་སྲིད་འཛིན་བསྐྱར་གྲོས་བྱ་དགོས་པའི་རེ་བ་གདོན་ཆོག་བསྐྱར་གྲོས་ཀྱི་གཏན་ཁེལ་ལ་ཁས་ལེན་བྱ་མི་འདོད་ན་ཉིན15ནང་ས་གནས་ཀྱི་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱ་དགོས།
ལས་རྨས་ཡིན་པ་ངོས་འཛིན་བྱས་རྗེས། ལས་རྨས་ཡིན་པའི་ངོས་འཛིན་ཡི་གེ་ཁྱེར་ནས་ས་གནས་ཀྱི་ངལ་རྩོལ་ནུས་པ་གསལ་འབྱེད་ཨུ་ཡོན་ལྷན་ཚོགས་སུ་ལས་རྨས་ཀྱི་ཚད་རིམ་གསལ་འབྱེད་བྱ་བར་རེ་ཞུ་དབུལ་དགོས། ལས་རྨས་ངོས་འཛིན་ཡི་གེ་དང་ལས་རྨས་ཀྱི་ཚད་རིམ་ཚད་རིམ་གསལ་འབྱེད་བྱས་པའི་ཡི་གེ་བླངས་རྗེས། མི་ཤུགས་བཀོལ་སྤྱོད་ལས་ཁུངས་དང་ངལ་རྩོལ་འགན་ལེན་སྡེ་ཁག་གི་ལས་རྨས་ཉེན་འགོག་ལས་སྒྲུབ་སྡེ་ཁག་ནས་ལས་རྨས་སྐྱོན་འཛོལ་ཉེན་འགོག་གི་ཐོབ་ཐང་ལེན་དགོས། གལ་ཏེ་རང་ཉིད་སྡོད་པའི་ལས་ཁུངས་དེ་ལས་རྨས་ཉེན་འགོག་ལ་ཞུགས་མེད་ན། ལས་རྨས་ཉེན་འགོག་གི་སྒོར་མོ་མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་སྟེར་དགོས། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ལས་རྨས་ཉེན་འགོག་ལ་ཞུགས་ཡོད་པ་ནི་ལས་རྨས་ཉེན་འགོག་གི་དངུལ་རྩའི་ཁྲོད་ནས་ཚད་གཞི་ལྟར་ལས་རྨས་ཉེན་འགོག་ཐོབ་ཐང་གི་སྒོར་མོ་གཏོང་སྤྲོད་བྱ་དགོས། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ལས་རྨས་བྱུང་ཚེ་ཐག་གཅོད་བྱེད་པའི་ཐབས་ལམ་གང་དག་ཡོད།