བྱིས་པ་གསོ་སྐྱོང་གི་འགན་འཁྲི་སུ་ལ་དབང།

བཟའ་ཟླ་ཕྱོགས་གཉིས་ཀ་གཉེན་འཐོར་བྱས་རྗེས་ཕན་ཚུན་བྱིས་པ་གསོ་བར་རྩོད་གླེང་འབྱུང་དུས།  《བྱིས་པ་གསོ་སྐྱོང་བྱེད་པའི་གནད་དོན་ཐག་གཅོད་ཐད་ཀྱི་གནད་དོན་འགའི་བསམ་འཆར》ཞེས་པའི་གཏན་ཁེལ་ནང་གི་ལོ2ཡན་ལ་སོན་པའི་བྱིས་པ་ཕ་མ་གཉིས་ཀས་སྙོར་འདོད་པའི་རེ་བ་བཏོན་ཚེ།  ཕྱོགས་གཅིག་ལ་གཤམ་གྱི་གནས་ཚུལ་ལས་གཅིག་ལྡན་ན་མི་དམངས་ཁྲིམས་ཁང་གིས་ཐག་གཅོད་བྱེད་སྐབས་དམིགས་སུ་བཀར་ནས་བསམ་གཞིག་བྱ་དགོས།

1.ཕྲུ་གུ་སྐྱེ་རྒྱུ་མེད་པའི་གཤག་བཅོས་བྱས་ཟིན་པའམ་ཡང་ན་རྐྱེན་གཞན་གྱིས་ཕྲུ་གུ་སྐྱེ་བའི་ནུས་པ་ཤོར་བ།

2.བྱིས་པ་ཕ་མ་ཕྱོགས་གཅིག་དང་མཉམ་དུ་འགྲོགས་ཡུན་རིང་ལ།  གློ་བུར་དུ་འཚོ་བའི་ཁོར་ཡུག་བརྗེ་ན་བྱིས་པའི་བདེ་ཐང་དང་འཚར་ལོངས་ལ་གནོད་པ་ཡོད་པ།

3.ཕ་མ་ཕྱོགས་གཅིག་ལ་བྱིས་པ་ཡོད་པ་དང་།  གཞན་དེར་བྱིས་པ་མེད་པ།

4.ཕ་མའི་ཕྱོགས་གཅིག་ལ་ཡུན་རིང་མ་དྲག་པའི་འགོས་ནད་དང་གཞན་པའི་ནད་ལྗི་མོ་བྱུང་ཡོད་པའམ།  ཡང་ན་བྱིས་པའི་ལུས་སེམས་བདེ་ཐང་ལ་གནོད་པ་ཡོད་པའི་གནས་ཚུལ་ཡོད་པས་དེ་དང་འགྲོགས་ན་ཕན་པ་མེད་པ།

5.བྱིས་པ་རང་ཉིད་སྤོ་བོ་དང་རྨོ་བོའམ་ཡང་ན་ཨ་ཞང་དང་ཨ་ནེ་སོགས་དང་འགྲོགས་ནས་ཡུན་རིང་འགོར་ཞིང་།  ཁོ་ཚོས་ཀྱང་རང་ཉིད་ཀྱི་བུ་བུ་མོ་ཚ་བོ་དང་ཚ་མོ་དེར་ལྟ་སྐྱོང་བྱ་རྒྱུའི་རེ་བ་བཏོན་པར་མ་ཟད་གསོ་སྐྱོང་གི་ནུས་པའང་ཡོད་པས་ན་བྱིས་པ་ཕྱོགས་དེ་ཡིས་སྙོར་ཆོག་གོ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།