ཀྲུང་གོ་བོད་ཀྱི་དྲ་བ།

ཅི་ཞིག་ལ་ཤུལ་བཞག་རྒྱུ་ནོར་ཟེར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤུལ་བཞག་རྒྱུ་ནོར་ནི་ངེས་པར་རྒྱུ་ནོར་བདག་འཛིན་བྱེད་མཁན་རང་ཉིད་ཀྱིས་བསགས་པའི་རྒྱུ་ནོར་ཡིན་ལ།  མ་ཤི་བའི་མིའི་རྒྱུ་ནོར་ནི་ཤུལ་བཞག་རྒྱུ་ནོར་དུ་མི་བརྩི་ཞིང་།  བགོ་བཤའ་དེ་བས་ཀྱང་བརྒྱག་མི་རུང་།  ཤུལ་བཞག་རྒྱུ་ནོར་ངེས་པར་སྤྱི་དམངས་མ་ཤི་བའི་སྔོན་གྱི་མི་སྒེར་ལ་བདག་འཛིན་དབང་ཆ་ཡོད་པའི་རྒྱུ་ནོར་ཡིན་པ་ལས།  མི་གཞན་གྱི་རྒྱུ་ནོར་སོགས་ཤུལ་བཞག་རྒྱུ་ནོར་དུ་བརྩིས་ཏེ་བགོ་བཤའ་བརྒྱག་མི་རུང་།  ཤུལ་བཞག་རྒྱུ་ནོར་ངེས་པར་འདས་པོའི་ཁྲིམས་མཐུན་རྒྱུ་ནོར་ཡིན་དགོས་སོ།།

ཤུལ་བཞག་རྒྱུ་ནོར་ལ་དབྱེ་ན་གཤམ་གསལ་གྱི་ནང་དོན་བདུན་དུ་བསྡུ་ཆོག་སྟེ།

1.སྤྱི་དམངས་ཀྱི་ཡོང་སྒོ།

2.སྤྱི་དམངས་ཀྱི་སྡོད་ཁང་།  གསོག་དངུལ་དང་འཚོ་བའི་སྤྱོད་རྫས།

3.སྤྱི་དམངས་ལ་ཡོད་པའི་ནགས་ཤིང་དང་།  ཕྱུགས་ཟོག་དང་ཁྱིམ་བྱ།

4.སྤྱི་དམངས་ཡོད་པའི་གནའ་རྫས།  དཔེ་ཆ་དང་དཔྱད་གཞིའི་ཡིག་རིགས།

5.བཅའ་ཁྲིམས་ལྟར་སྤྱི་དམངས་ལ་དབང་ཆོག་པའི་ཐོན་སྐྱེད་རྒྱུ་ཆ།

6.སྤྱི་དམངས་ཀྱི་རྩོམ་གྱི་བདག་དབང་།  ཆེད་ཕན་བདག་དབང་ཁྲོད་ཀྱི་རྒྱུ་ནོར་གྱི་ཁེ་དབང་།

7. སྤྱི་དམངས་ཀྱི་ཁྲིམས་འཐུན་རྒྱུ་ནོར་གཞན་དག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།