ཀྲུང་གོ་བོད་ཀྱི་དྲ་བ།

གཉེར་འཐོར་ཕ་མར་བྱིས་པ་ལ་ཐུག་འཕྲད་ཁེ་དབང་ཡོད་དམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྱོ་ཤུག་འཐོར་ནས་མ་བུ་ཁ་བྲལ་དུ་སོང་ཡང་།  བྱིས་པ་ཐད་ཀར་གསོ་སྐྱོང་མི་བྱེད་པའི་ཁྱོ་ཤུག་གང་རུང་ལ་རང་གི་བྱིས་པར་ཐུག་འཕྲད་བྱེད་པའི་དབང་ཆ་ཡོད།  ཕ་མ་བུ་ཕྲུག་ལ་ཐུག་འཕྲད་བྱེད་དབང་ཡོད་ཟེར་བ་ནི།  ཕ་མ་གཉིས་བཟའ་ཚང་འཐོར་རྗེས།  བུ་ཕྲུག་ལ་ཁ་བྲལ་བའི་ཕ་མ་སུ་ཡིན་ཡང་དུས་ཚོད་དང་ས་གནས་གང་རུང་ནས་རང་གི་བྱིས་པ་ཐུག་པའི་དབང་ཆ་ཡོད།  རང་རྒྱལ་གྱི《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན38པའི་གཏན་ཁེལ་ལྟར་ན།  “བཟའ་ཚང་འཐོར་རྗེས།  ཐད་ཀར་དུ་བུ་ཕྲུག་གསོ་སྐྱོང་མི་བྱེད་པའི་ཕའམ་མ་གང་རུང་བུ་ཕྲུག་ལ་ཐུག་འཕྲད་བྱེད་པའི་དབང་ཆ་ཡོད་ལ།  ཅིག་ཤོས་ལ་མཐུན་རྐྱེན་སྒྲུབ་པའི་འོས་འགན་ཡོད”ཅེས་བཀོད་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།