ཀྲུང་གོ་བོད་ཀྱི་དྲ་བ།

བདེ་སྲུང་དོ་དམ་ཆད་གཅོད་ཀྱི་རིགས་སྣ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.ཐ་ཚིག་སྒྲོག་པ།

ཐ་ཚིག་བསྒྲགས་པ་ནི་བསམ་བློའི་སྟེང་གི་ཆད་གཅོད་ཅིག་ཡིན་པས།  ཆད་གཅོད་བྱེད་ཡུལ་གྱི་མི་ལུས་དང་རྒྱུ་ནོར་ལ་ཚད་བཀག་དང་བཙན་ལེན་སོགས་མི་བྱེད་ལ།  བདེ་སྲུང་དོ་དམ་དང་འགལ་བའི་ཆེས་ཡང་བའི་ཆད་གཅོད་ལ་གཏོགས།  ཐ་ཚིག་བསྒྲགས་པའི་དམིགས་ཡུལ་ནི་ཁྲིམས་འགལ་བྱ་སྤྱོད་མིར་ཐ་ཚིག་བསྒྲགས་ནས།  དེའི་གནོད་འཚེ་གླེང་ནས་ངེས་ཤེས་ཟབ་མོ་སྐྱེས་སུ་བཅུག་ནས་རྗེས་ཕྱོགས་ཡང་བསྐྱར་ཁྲིམས་འགལ་བྱ་སྤྱོད་བཟོ་རུ་མི་འཇུག་པའི་ཆེད་ཡིན།  འདི་གཙོ་བོ་ཐེངས་དང་པོར་བདེ་སྲུང་དོ་དམ་དང་འགལ་ཞིང་གནས་ཚུལ་ཅུང་ཡང་ལ།  ཁྲིམས་དང་འགལ་ཡང་རྣམ་འགྱུར་ཅུང་བཟང་བའི་མི་བཀོལ་བ་ཡིན།

2.དངུལ་ཆད་གཅོད་པ།

དངུལ་ཆད་གཅོད་པ་ནི་སྲིད་འཛིན་ཆད་གཅོད་ཀྱི་རིགས་ཤིག་ཡིན།  བདེ་སྲུང་དོ་དམ་དང་འགལ་བའི་བྱ་སྤྱོད་མིར་སྒེར་མོ་སྟེར་བའི་འོས་འགན་བསྒྲུབ་ཏུ་འཇུག་པའི་ཆད་གཅོད་ཅིག་ཡིན།  དེའི་ནུས་པ་ནི་བདེ་སྲུང་དོ་དམ་དང་འགལ་བའི་མིར་དཔལ་འབྱོར་སྟེང་ནས་གྱོང་གུད་ཐེབས་སུ་བཅུག་ནས།  སློབ་གསོ་དང་བཅོས་སྒྱུར་བྱེད་དུ་འཇུག་པ་ཡིན།  བཅའ་ཁྲིམས་འདིའི་ནང་དངུལ་ཆད་གཅོད་པའི་གཏན་ཁེལ་ཅུང་མང་།  ཡིན་ཡང་བྱེ་བྲག་གི་ཚད་ཐིག་བདེ་སྲུང་དོ་དམ་དང་འགལ་བའི་བྱ་སྤྱོད་ཀྱི་གནོད་འཚེ་ཚད་རིམ་ལྟར་གཏན་ཁེལ་བྱ་དགོས།

3.སྲིད་འཛིན་བཀག་སྐྱིལ།

སྲིད་འཛིན་བཀག་སྐྱིལ་ནི་ཁྲིམས་བཀོད་ཀྱི་སྲིད་འཛིན་སྡེ་ཁག(སྤྱི་བདེ་ལས་ཁུངས)གིས་ཁྲིམས་ལྟར་སྲིད་འཛིན་བཅའ་ཁྲིམས་ཚད་གཞི་དང་འགལ་བའི་མིར་དུས་ཡུན་ཐུང་ངུའི་ནང་མི་ལུས་རང་དབང་ལ་ཚད་བཀག་བྱེད་པའི་སྲིད་འཛིན་ཆད་གཅོད་ཅིག་ཡིན།  སྲིད་འཛིན་བཀག་སྐྱིལ་ནི་ཆེས་གཟབ་ནན་གྱི་སྲིད་འཛིན་སྲིད་འཛིན་ཆད་གཅོད་ཅིག་ཡིན།  དུས་རྒྱུན་དུ་བདེ་སྲུང་དོ་དམ་དང་འགལ་བའི་ཚབས་ཆེན་ཡིན་ཡང་ནག་ཉེས་སུ་གྲུབ་མེད་ལ།  འོན་ཀྱང་ཐ་ཚིག་བསྒྲགས་པ་དང་དངུལ་ཆད་གཅོད་པ་ཡིས་མི་ཆོག་པའི་གནས་ཚུལ་བཀོལ་བ་ཡིན།  སྲིད་འཛིན་བཀག་སྐྱིལ་དུས་ཡུན་སྤྱིར་བཏང་དུ་ཉིན10ཡི་ནང་ཡིན་ལ།  ཅུང་ལྕི་ནའང་ཉིན15ལས་མི་བརྒལ།  སྲིད་འཛིན་བཀག་སྐྱིལ་ནི་ཉེས་དོན་བཀག་སྐྱིལ་དང་ཁྲིམས་འཛིན་བཀག་སྐྱིལ་དང་ཁྲིམས་འཛིན་བཀག་སྐྱིལ་དང་མི་འདྲ།

4.སྤྱི་བདེ་ལས་ཁུངས་ཀྱིས་བྱིན་པའི་ཆོག་མཆན་དཔང་ཡིག་མེད་པར་བཟོ་བ། 

ཆོག་མཆན་དཔང་ཡིག་མེད་པར་བཟོ་བ་ནི《སྲིད་འཛིན་ཆད་གཅོད་བཅའ་ཁྲིམས》ནང་གཏན་ཁེལ་བྱས་པའི་ཆད་གཅོད་ཀྱི་རིགས་ཤིག་ཡིན།  ཆོག་མཆན་དཔང་ཡིག་མེད་པར་བཟོ་བ་ནི་ཆད་གཅོད་ཀྱི་ངོ་བོའི་སྟེང་ཐོབ་ཐང་ཆད་གཅོད་ཀྱི་ཁོངས་སུ་འདུ།  ཆད་པ་གཅོད་ཡུལ་ལ་རྐྱེན་དེ་ཡིས་མུ་མཐུད་དུ་བྱ་འགུལ་གང་ཞིག་བསྒྲུབས་པའི་ཐོབ་ཐང་མེད་པ་ཡིན།  ཆོག་མཆན་དཔང་ཡིག་མེད་པར་བཟོ་བ་སྤྱིར་བཏང་དུ་ཆོག་མཆན་དཔང་ཡིག་དེ་སྟེར་མཁན་གྱི་ལས་ཁུངས་ཀྱིས་ལག་བསྟར་བྱེད་པ་ཡིན།  སྤྱི་བདེ་ལས་ཁུངས་ཀྱིས་བྱིན་པའི་ཆོག་མཆན་དཔང་ཡིག་གཙོ་བོ་ནི་སྤྱི་བདེ་ལས་ཁུངས་སྲིད་འཛིན་དོ་དམ་གྱི་གྲུབ་ཆ་གཙོ་བོ་ཡིན་པའི་སྲིད་འཛིན་བཅའ་ཁྲིམས་འབྲེལ་བའི་ཁྲོད།  སྤྱི་བདེ་ལས་ཁུངས་ཀྱིས་བྱིན་པའི་ཞིབ་བཤེར་གཏན་འབེབས་ཀྱི་ངོ་བོ་ཡོད་པའི་ཆོག་མཆན་དཔང་ཡིག་ཡིན།

5.བདེ་སྲུང་དོ་དམ་དང་འགལ་བའི་ཕྱི་རྒྱལ་བར།  དུས་ཚོད་གཏན་ཁེལ་བྱས་ཏེ་ཕྱིར་འགྲོ་རུ་འཇུག་པའམ་ཡང་ན་བཙན་ཚུགས་ཀྱིས་ཕྱིར་འགྲོ་རུ་འཇུག་དགོས།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།