ཀྲུང་གོ་བོད་ཀྱི་དྲ་བ།

ཅི་ཞིག་ལ་རང་འགུལ་གྱིས་ནག་ཉེས་བཟོ་བའི་བྱ་སྤྱོད་མཚམས་བཞག་པ་ཟེར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནག་ཉེས་བཟོ་བའི་གོ་རིམ་ཁྲོད།  རང་འགུལ་གྱིས་ནག་ཉེས་བཟོ་བའི་བྱ་སྤྱོད་མཚམས་བཞག་པའམ་ཡང་ན་རང་འགུལ་གྱིས་ནུས་པ་ཡོད་པའི་སྒོ་ནས་ནག་ཉེས་མཇུག་འབྲས་བྱུང་བར་བཀག་རྒྱ་བཟོས་པའི་རིགས་ལ་ནག་ཉེས་མཚམས་བཞག་པ་ཟེར།  འདི་ནས་བཤད་པའི་ནག་ཉེས་བྱ་སྤྱོད་མཚམས་བཞག་པ་ཞེས་པ་ནི་ངེས་པ་དོན་གྱི་མཚམས་བཞག་པ་ལས་སྐབས་སུ་མཚམས་བཞག་པ་ཞིག་ལ་ངོས་འཛིན་པ་མ་ཡིན་ལ།  ངེས་པར་རང་འགུལ་གྱི་ནག་ཉེས་བྱ་སྤྱོད་དེ་བཏང་བའམ་ཡང་ན་ནུས་པ་ཡོད་པའི་སྒོ་ནས་ནག་ཉེས་མཇུག་འབྲས་འབྱུང་བར་བཀག་འགོག་བྱས་པ་ཞིག་ལས་ནུས་ཤུགས་གཞན་ཞིག་ལས་བཙན་ཤུགས་ཀྱིས་ནག་ཉེས་བྱ་སྤྱོད་མཚམས་བཞག་པ་མ་ཡིན་པར་གོ

རང་རྒྱལ་གྱི«རྩ་ཁྲིམས»ཀྱི་དོན་ཚན24པའི་ཚན་ཆུང2པར། “ནག་ཉེས་བྱ་སྤྱོད་མཚམས་བཞག་པ་དང་།  གྱོང་གུད་བཟོས་མེད་པའི་རིགས་ལ་ཁྲིམས་ཆད་མི་གཅོད་པ་དང་གྱོང་གུད་བཟོས་པའི་རིགས་ལ་ཁྲིམས་ཆད་ཡང་མོར་བཏང་ནས་གཅད་དགོས”ཞེས་གཏན་ཁེལ་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།