ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་སྡེ་རུ་ཉེས་དོན་བྱུང་ན་སུ་ལ་གཏུག་བཤེར་བྱ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྲིད་ཁྲིམས་ལས་ཁུངས་འགའ་ཡོད་ཀྱང་།  ཉེས་དོན་དངོས་ཐག་གཅོད་བྱེད་པ་ལ་སྤྱི་བདེ་ལས་ཁུངས་དང་། ཞིབ་དཔྱོད་ལས་ཁུངས།  མི་དམངས་ཁྲིམས་ཁང་གསུམ་ཡིན།  གྱོད་དོན་ཡར་ཞུ་བྱས་རྗེས་ཐག་གཅོད་བྱེད་པ་དང་།  གཞན་པའི་མྱུལ་ཞིབ་བྱ་མི་དགོས་པའི་ཉེས་དོན་གྱོད་གཞི་ཡང་བ།  དཔེར་ན།  དྲག་ཤུགས་སྤྱད་དེ་གཉེན་སྒྲིག་རང་དབང་ལ་ཐེ་གཏོགས་བྱེད་པ།(དེས་གནོད་འཚེ་ཁེལ་ཡུལ་གྱི་སྲོག་མ་ཤོར་བ)བསམ་བཞིན་བརྙས་བཅོས་དང་སྙད་འདོགས་ཀྱི་གྱོད་དོན།  (སྤྱི་ཚོགས་ཀྱི་སྒྲིག་གཞི་དང་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་པ་ཚབས་ཆེན་བྱས་མེད་པ)མི་གཞན་ལ་གནོད་འཚེ་བཟོས་པ་དང་གཉེན་བསྐྱར་སྒྲིག  ཕྱིར་ཕྱུང་བ།  དམག་མིའི་གཉེན་སྒྲིག་ལ་གཏོར་བརླག་བྱེད་པ།  ཁྲིམས་བཅད་ལག་བསྟར་ལ་བཀག་འགོག་བཟོ་པ་སོགས།  གྱོད་དོན་འདིའི་རིགས་ཀྱི་གཏུགས་མཁན་དང་གཏུག་ཡུལ་གསལ་བོ་ཡིན་པ་དང་།  གྱོད་དོན་རྙོག་དྲ་ཅན་མིན་པ།  སྔ་རྗེས་ཀྱི་རྒྱུ་འབྲས་གསལ་བོ་ཡིན་པ།  ཆེད་ལས་ཀྱིས་མྱུལ་ཞིབ་བྱེད་མི་དགོས་པས་ཁྲུམས་ཁང་ལ་ཐད་ཀར་གཏུག་བཤེར་བྱ་ཆོག

རྒྱལ་ཁབ་ཀྱི་ལས་སྒྲུབ་མི་སྣའི་ལས་གནས་སྟེང་གི་ཉེས་དོན་གྱོད་གཞི་ལ་འབྲེལ་བ་ཡོད་པ་དཔེར་ན།  གཞུང་རྒྱུ་ལྐོག་བཟའི་ནག་ཉེས།  ལས་འཛོལ་ཉེས་སྐྱོན།  སྤྱི་དམངས་ཀྱི་དམངས་གཙོའི་ཁེ་དབང་ལ་གནོད་པ་སྐྱེལ་བའི་བཙན་འདྲིའི་གནོད་འཚེ།  ཁྲིམས་འགལ་གྱིས་བཙན་འགོག་བྱེད་པ།  ཁྲིམས་འགལ་སྒོས་སྔོག་བཤེར་བྱེད་པ།  ཁྲིམས་འགལ་སྒོས་ཆོས་ལུགས་དད་མོས་རང་དབང་གི་ཁེ་དབང་འཕྲོག་པ།  བརྡ་འཕྲིན་རང་དབང་ལ་གནོད་པ་བཟོ་བ་སོགས་ཀྱི་གྱོད་དོན་མི་དམངས་ཞིབ་དཔྱོད་ཁང་ལ་ཞུ་གཏུག་བྱ་དགོས།  མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ཐད་ཀར་བདག་སྤྲོད་བྱ་ཆོག་པ་ལས་གཞན་པའི་ཉེས་དོན་གྱོད་གཞི་ཚང་མ་སྤྱི་བདེ་ལས་ཁུངས་ལ་ཞུ་གཏུག་བྱ་དགོས།  དཔེར་ན།  བརྐུ་འཕྲོག་དང་།  འཕྲོག་བཅོམ།  མི་བསད་པའི་གྱོད་གཞི་སོགས།  དེ་རྣམས་ཡུལ་དངོས་སྲུང་སྐྱོང་བྱ་དགོས་ལ་དུས་ལྟར་སྤྱི་བདེ་ལས་ཁུངས་ལ་ཞུ་གཏུག་བྱས་ཏེ་སྤྱི་བདེ་ཉེན་རྟོག་པས་ཁྲིམས་ལྟར་གྱོད་དོན་གཏོར་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།