ཀྲུང་གོ་བོད་ཀྱི་དྲ་བ།

ཅི་ཞིག་ལ་སྡོད་ཁུལ་དོ་དམ་སློབ་གསོའི་རྨང་གཞིའི་ངོ་བོ་ཟེར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྡོད་ཁུལ་དོ་དམ་སློབ་གསོ་བྱ་བའི་ངོ་བོ་ནི་ཉེས་ཆད་ལག་བསྟར་བྱེད་པའི་བྱ་འགུལ་ཡིན།  དེ་དང་བཙོན་གྲོས་བཏང་བའི་མི་སྣ་དང་ཁྲིམས་འགལ་ན་ཆུང་གཞོན་ནུ་བཀོད་སྒྲིག་བྱས་ཏེ་སློབ་གསོ་རོགས་སྒྲུབ་དང་།  མི་དམངས་འདུམ་འགྲིག  སྡོད་ཁུལ་སྤྱི་ཚོགས་བྱ་བའི་ངོ་བོ་དང་མི་འདྲ།  དེའི་མི་འདྲ་ས་ནི་གཙོ་བོ་ཉེས་ཅན་ལ་ཉེས་དོན་ལག་བསྟར་བྱེད་པའི་བྱ་འགུལ་ཁྲོད་དུ་ཆད་པའི་ནུས་པའང་འདུས་ཡོད་པས་རེད།  ཉེས་དོན་ལག་བསྟར་བྱ་འགུལ་ཞིག་ལ་མཚོན་ན།  སྡོད་ཁུལ་དོ་དམ་སློབ་གསོའི་བྱ་འགུལ་ནི་ཆེད་དུ་གཏན་ཁེལ་བྱས་པའི་ཉེས་ཅན་གྱི་ཉེས་དོན་ལག་བསྟར་བྱེད་པའི་བྱ་འགུལ་ཞིག་ཡིན་ལ།  སྡོད་ཁུལ་དུ་ལག་བསྟར་བྱེད་པའི་ཉེས་དོན་ལག་བསྟར་བྱ་འགུལ་ཞིག་ཀྱང་ཡིན།

སྡོད་ཁུལ་དུ་ཉེས་སྐྱོན་བསྒྱུར་བཀོད་ཅེས་པ་ནི་བཙོན་འཇུག་སློབ་གསོ་དང་མི་འདྲ་བའི་ཉེས་ཆད་ལག་བསྟར་བྱེད་སྟངས་ཤིག་ཡིན།  དེ་ནི་སྡོད་ཁུལ་དུ་ཉེས་སྐྱོན་བསྒྱུར་བཀོད་བྱེད་པའི་ཆ་རྐྱེན་དང་མཐུན་པའི་ཁྲིམས་འཁུར་མི་སྣ་སྡོད་ཁུལ་དུ་བཀོད་སྒྲིག་བྱས་ཏེ།  ཆེད་དུ་རྒྱལ་ཁབ་སྡེ་ཁག་གི་འབྲེལ་ཡོད་སྤྱི་ཚོགས་ཚོགས་པ་དང་དམངས་ཁྲོད་རྩ་འཛུགས།  སྤྱི་ཚོགས་དང་ལེན་པ་སོགས་ཀྱི་རོགས་སྐྱོར་འོག  ཁྲིམས་འཁུར་མི་སྣར་ཁྲིམས་ཐག་བཅད་པ་དང་།  བཀའ་བཅད་བཏང་བའམ་ཡང་ན་ཐག་གཅོད་གཏན་ཁེལ་བྱས་པའི་དུས་ཡུན་ནང་མི་དེའི་ནག་ཉེས་སེམས་ཁམས་དང་སྤྱོད་ལམ་བཙོག་པོར་དོ་དམ་དང་སློབ་གསོ་བཏང་ནས་བདེ་བླག་ངང་ཕྱིར་སྥྱི་ཚོགས་སྟེང་ཞུགས་པར་སྐུལ་འདེད་གཏོང་བའི་བཙོན་འཇུག་མ་ཡིན་པའི་ཉེས་ཆད་ལག་བསྟར་བྱེད་པའི་བྱ་འགུལ་ཞིག་ལ་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།