ཀྲུང་གོ་བོད་ཀྱི་དྲ་བ།

ཅི་ཞིག་ལ་བཙན་ཁྲིད་ནག་ཉེས་ཟེར། དེར་ཇི་ལྟར་ཐག་གཅོད་བྱེད་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བཙན་ཁྲིད་ནག་ཉེས་ཞེས་པ་ནི། རྒྱུ་དངོས་བཙན་ལེན་བྱེད་པ་དམིགས་ཡུལ་དུ་བཟུང་ནས་མི་གཞན་བཙན་ཁྲིད་བྱེད་པ་དང་།  ཡང་ན་མི་གཞན་བཙན་ཁྲིད་བྱས་ཏེ་གཏའ་མ་རུ་འཛིན་པ་དང་། དྲག་ཤུགས་དང་བཙན་ཤུགས། སྦྲིན་སྨན་བཀོལ་བ། ཡང་ན་བྱེད་ཐབས་གཞན་དག་སྤྱད་ནས་མི་གཞན་བཙན་ཁྲིད་བྱེད་པའི་བྱ་སྤྱོད་ལ་ཟེར། རང་རྒྱལ་གྱི«རྩ་ཁྲིམས»ཀྱི་དོན་ཚན239པའི་ནང་གཏན་ཁེལ་བྱས་པ་གཞིར་བཟུང་ན།  “ནག་ཉེས་འདི་བཟོ་མཁན་ལ་ལོ10ཡན་གྱི་དུས་བཀག་བཙོན་འཇུག་དང་ཡང་ན་ཚེ་བཙོན་གྱི་ཁྲིམས་ཐག་གཅད་དགོས་པར་མ་ཟད།  དངུལ་ཆད་གཅོད་པ་དང་རྒྱུ་ནོར་གཞུང་བཞེས་བྱ་དགོས།   བཙན་ཁྲིད་བྱས་པའི་མིར་ཤི་སྐྱོན་བྱུང་བའམ་ཡང་ན་བཙན་ཁྲིད་བྱས་པའི་མི་བསད་པ་ཡིན་ན་སྲོག་ཆད་གཅོད་པ་དང་རྒྱུ་ནོར་གཞུང་བཞེས་བྱ་དགོས།  རྒྱུ་དངོས་བཙན་ལེན་བྱེད་པ་དམིགས་ཡུལ་དུ་བཟུང་ནས་ཁྱེའུ་རྐུ་འཕྲོག་བྱས་པ་ཡིན་ན།  བཙན་ཁྲིད་ནག་ཉེས་སུ་གྲུབ་ཡོད་པས་འདིའི་གཏན་ཁེལ་ལྟར་ཁྲིམས་ཆད་གཅད་དགོས”ཞེས་བཀོད་ཡོད།

གྱོད་སྒྲུབ་ལྟ་སྐུལ་ལ་དབྱེ་ན་གང་དག་ཡོད།

སྤྱི་བདེ་ལས་ཁུངས་ཀྱིས་བདེ་འཇགས་གྱོན་དོན་སྒྲུབ་པར་ལྟ་སྐུལ་བྱེད་པའི་ཁྲོད།  གཙོ་བོར་ཕྱིའི་ལྟ་སྐུལ་དང་ནང་གི་ལྟ་སྐུལ་གཉིས་ཡོད་ལ།  ཕྱིའི་ལྟ་སྐུལ་ཞེས་པ་ནི་རིམ་པ་སོ་སོའི་དམངས་ཆེན་དང་།  རྒྱལ་ཁབ་ཞིབ་དཔྱོད་ལས་ཁུངས།  སྲིད་འཛིན་ལྟ་ཞིབ་ལས་ཁུངས།  སྤྱི་ཚོགས་དང་སྤྱི་དམངས་ཀྱིས་སྤྱི་བདེ་ལས་ཁུངས་དང་མི་དམངས་ཉེན་རྟོག་པར་ལྟ་སྐུལ་བྱེད་པ་དེ་ལ་ཟེར།  ནང་གི་ལྟ་སྐུལ་ཞེས་པ་ནི།  སྤྱི་བདེ་ལས་ཁུངས་ནང་ཁུལ་གྱིས་གྱོད་སྒྲུབ་སྡེ་ཁག་དང་གྱོད་སྒྲུབ་ཉེན་རྟོག་པས་བདེ་འཇགས་དོ་དམ་གྱོད་སྒྲུབ་ལ་ལྟ་སྐུལ་བྱེད་པ་སྟེ།  གཙོ་བོ་རིམ་པ་གོང་མས་རིམ་པ་ཞོལ་མའི་སྤྱི་བདེ་ལས་ཁུངས་ལ་ལྟ་སྐུལ་དང་ཉེན་རྟོག་ལྟ་རྟོག་སྡེ་ཁག་དང་ཁྲིམས་ལུགས་སྡེ་ཁག་གིས་འབྲེལ་ཡོད་གྱོད་སྒྲུབ་ལས་ཁུངས་ལ་ལྟ་སྐུལ་བྱེད་པ་དེ་ཡིན།

ནང་ཁུལ་གྱི་ལྟ་སྐུལ་ཁྲོད།  མི་དམངས་ཉེན་རྟོག་པའི་རིམ་པ་གོང་མས་རིམ་པ་ཞོལ་མས་དམུས་ལོང་གི་ཁྲིམས་བསྟར་བྱ་འགུལ་ལ་ལྟ་སྐུལ་བྱེད་པ་དང་།  ཁོ་ཚོས་གྱོད་དོན་སྒྲུབ་པའི་ཁྲོད་ཐག་གཅོད་བྱས་པ་དང་གཏན་ཁེལ་བྱས་པར་ནོར་འཕྱུག་ཡོད་ཚེ་གྱོད་དོན་ཕྱིར་འཐེན་བྱེད་པ་དང་བསྒྱུར་བཅོས་བྱ་དགོས།

ཕྱིའི་ལྟ་སྐུལ་གྱི་ཁྲོད་དུ།  རིམ་པ་སོ་སོའི་དམངས་ཆེན་གྱིས་སྤྱི་བདེ་ལས་ཁུངས་ལ་ལྟ་སྐུལ་བྱེད་པ་རིམ་པ་ཆེས་མཐོ་བའི་ལྟ་སྐུལ་ཡིན་ལ།  ཡང་གཅིག་བཤད་ན་ང་ཚོས་དུས་རྒྱུན་དུ་བཤད་བཞིན་པའི་དམངས་ཆེན་ཁྲིམས་བསྟར་ལྟ་སྐུལ་ཟེར་བ་དེ་ཡིན།  རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ཨུས་གྲོས་ཞིབ་བྱས་པའི་སྲིད་གཞུང་བྱ་བའི་སྙན་ཞུ་དང་།  རྩད་ཞིབ།  འདྲི་རྩད།  འདྲི་གཅོད།  རྟོག་ཞིབ།  ཞིབ་བཤེར་སོགས་ཀྱི་བྱེད་སྒོ་ལྟར་སྤྱི་བདེ་ལས་ཁུངས་དང་མི་དམངས་ཉེན་རྟོག་པས་བདེ་འཇགས་གྱོད་དོན་བསྒྲུབ་པར་ལྟ་སྐུལ་བྱ་དགོས།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།