ཅི་ཞིག་ལ་བཙན་གཡེམ་ནག་ཉེས་ཟེར། དེར་ཁྲིམས་ཆད་ཇི་ལྟར་གཅད།

བཙན་གཡེམ་ནག་ཉེས་ཞེས་པ་ནི།  བུད་མེད་ཀྱི་འདོད་བློ་དང་ལྡོག་ནས་བཙན་ཤུགས་དང་དྲག་ཤུགས་ཀྱི་བྱེད་ཐབས་སམ་ཡང་ན་བྱེད་ཐབས་གཞན་སྤྱད་ནས་བཙན་གྱིས་བུད་མེད་དང་ལུས་འབྲས་བྱུང་བའི་བྱ་སྤྱོད་ལ་ཟེར།

རང་གི་འདོད་བློ་ཇི་བཞིན་དུ་སྨྲ་བརྗོད་མི་ཤེས་པའི་བུད་མེད་སྨྱོ་ནད་ཅན་ནམ་དབང་བོ་སྐྱོན་ཅན་ལ་ལུས་འབྲེལ་བྱུང་ན།  ཉེས་ཅན་དེས་ཐབས་ལམ་ག་འདྲ་སྤྱད་པ་དང་གནོད་འཚེ་ཐེབས་པའི་བུད་མེད་དེས་འཐད་མིི་འཐད་ཀྱི་རྣམ་འགྱུར་ཅི་ཞིག་བསྟན་ཡོད་རུང་།  ཡོད་ཚད་བུད་མེད་ཀྱི་འདོད་བློ་དང་ལྡོག་པར་ངོས་འཛིན་བྱ་ཆོག་པས་བཙན་གཡེམ་ནག་ཉེས་སུ་གྲུབ་ཡོད།

དེ་ལས་གཞན། བྱ་སྤྱོད་སྤེལ་མཁན་གྱིས་ཕ་རོལ་བོ་ལོ་ན14ལ་སོན་མེད་པའི་བུ་མོ་ཆུང་ཆུང་ཡིན་པ་ཤེས་བཞིན་དུ་བུ་མོ་དེ་དང་ལུས་འབྲེལ་བྱུང་ན།  བུ་མོ་ཆུང་ཆུང་དེ་འཐད་པ་ཡིན་མིན་ལ་མི་ལྟོས་པར་བཙན་གཡེམ་ནག་ཉེས་སུ་ངོས་འཛིན་བྱས་ཏེ་ཁྲིམས་ཆད་གཅད་དགོས།

རང་རྒྱལ་གྱི«རྩ་ཁྲིམས»ཀྱི་དོན་ཚན236པའི་ནང་གཏན་ཁེལ་བྱས་པ་ལྟར་ན།  “དྲག་ཤུགས་དང་བཙན་ཤུགས་སམ་ཡང་ན་ཐབས་ཤེས་གཞན་སྤྱད་ནས་བུད་མེད་ལ་བཙན་གཡེམ་བྱེད་མཁན་ལ།  ལོ3ཡན་དང་ལོ10མན་གྱི་དུས་བཀག་བཙོན་འཇུག་བྱ་དགོས།  གཤམ་གྱི་གནས་ཚུལ་ལས་གང་རུང་ཞིག་ལྡན་ན།   ལོ10ཡན་གྱི་དུས་བཀག་བཙོན་འཇུག་གམ་ཡང་ན་ཚེ་བཙོན་དང་སྲོག་ཁྲིམས་གཅད་དགོས།”ཞེས་བཀོད་ཡོད།

1.བུད་མེད་ལ་བཙན་གཡེམ་བྱས་པའི་གནས་ཚུལ་ཚབས་ཆེན་ཡིན་པ།

2.བུད་མེད་གང་མང་ལ་བཙན་གཡེམ་བྱས་པ།

3.མི་མང་འདུ་སར་བུད་མེད་ལ་བཙན་གཡེམ་བྱས་པ།

4.མི་གཉིས་ཡན་གྱིས་སྐོར་གཡེམ་བྱས་པ།

5.གནོད་འཚེ་ཁེལ་ཡུལ་ལ་རྨས་སྐྱོན་ཚབས་ཆེན་བཟོས་པའམ་ཡང་ན་ཤི་སྐྱོན་བྱུང་བ།  མཇུག་འབྲས་ཚབས་ཆེན་གཞན་དག་བྱུང་དུ་བཅུག་པ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།