ཀྲུང་གོ་བོད་ཀྱི་དྲ་བ།

འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་བཅའ་ཁྲིམས་སྐོར་གྱི་ཤེས་བྱ།

ཡོང་ཁུངས། : ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།     སྤེལ་དུས། : 2019-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་70ཡི་གཏན་འབེབས་གཞིར་བཟུང་། འགྲོ་ལམ་ཐོག་འགྲིམ་འགྲུལ་ལས་འཛོལ་ཐོན་ཚེ། འཁོར་རིགས་ཀྱི་ཁ་ལོ་བས་འཕྲལ་དུ་འཁོར་རིགས་ཁ་བཀག་ནས་གནས་ཚུལ་ཐོན་ཡུལ་སྲུང་སྐྱོང་བྱེད་དགོས། མི་སྣ་ཤི་རྨས་བྱུང་ཚེ། འཁོར་རིགས་ཀྱི་ཁ་ལོ་བས་འཕྲལ་དུ་རྨས་མ་མྱུར་སྐྱོབ་བྱེད་པ་དང་འབྲེལ། ལས་སྒྲུབ་འགྲིམ་འགྲུལ་ཉེན་རྟོག་པའམ་ཡང་ན་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་སྙན་སེང་ཞུ་དགོས། རྨས་མར་མྱུར་སྐྱོབ་བྱས་པའི་དབང་གིས་གནས་ཚུལ་ཐོན་ཡུལ་ལ་འགྱུར་ལྡོག་སོང་ཚེ། གནས་ཚུལ་ཐོན་ཡུལ་ལ་ཐིག་གསལ་པོ་འཐེན་དགོས། རླངས་འཁོར་ནང་སྡོད་མཁན་དང་། ཕར་འགྲོ་ཚུར་འོང་བྱེད་མཁན་ཁ་ལོ་བ། ལམ་མི་བཅས་ཀྱིས་རོགས་རམ་ཡང་བྱེད་དགོས།

དོན་ཚན་99ཡི་ནང་གཤམ་གྱི་བྱེད་སྤྱོད་ལས་རིགས་གཅིག་ཡོད་ཚེ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་སྒོར་200ནས་2000བར་གྱི་ཆད་པ་གཅོད་རྒྱུ་ཡིན།

འཕྲུལ་སྒུལ་འཁོར་རིགས་ཀྱི་ལག་ཁྱེར་མེད་པ་དང་། འཕྲུལ་སྒུལ་འཁོར་རིགས་ཀྱི་ལག་ཁྱེར་བརྩི་མེད་བཟོས་པའམ་ཡང་ན་འཕྲུལ་སྒུལ་འཁོར་རིགས་ཀྱི་ལག་ཁྱེར་གནས་སྐབས་བཀག་ཉར་བྱེད་རིང་། འཕྲུལ་སྒུལ་འཁོར་རིགས་གཏོང་རིགས་དང་། འཕྲུལ་སྒུལ་འཁོར་རིགས་ལག་ཁྱེར་མེད་པའམ་ཡང་ན་ལག་ཁྱེར་བརྩི་མེད་བཟོས་པ། གནས་སྐབས་བཀག་ཉར་བཅས་བྱས་པའི་མིར་གཏོང་དུ་འཇུག་རིགས།

འགྲིམ་འགྲུལ་ལས་འཛོལ་ཐོན་རྗེས་བྲོས་བྱོལ་དུ་སོང་ཡང་ཉེས་གསོག་གི་ཁོངས་སུ་མི་ཚུད་པའི་རིགས།

 འཕྲུལ་སྒུལ་འཁོར་རིགས་གཏན་འབེབས་ཀྱི་མྱུར་ཚད་ལས་50%བརྒལ་རིགས།

འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བར་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་་བཅའ་ཁྲིམས་ཀྱི་ཁྲིམས་སྲོལ་དང་འཕྲུལ་སྒུལ་འཁོར་རིགས་བདེ་འཇགས་ངང་གཏོང་བའི་བླང་བྱ་ལས་བཙན་ཤེད་ངང་འགལ་དུ་བཅུག་ནས་འགྲིམ་འགྲུལ་ལས་འཛོལ་ཐོན་ཡང་ཉེས་གསོག་གི་ཁོངས་སུ་མི་ཚུད་པའི་རིགས།

འགྲིམ་འགྲུལ་གྱི་བཀག་སྡོམ་གཏན་འབེབས་ལས་འགལ་ནས་བཙན་ཤེད་ངང་ཤར་སྐྱོད་བྱེད་པ་དང་བཀག་སྡོམ་གྱི་བསླབ་བྱར་མི་ཉན་པའི་རིགས།

རྐང་བཙུགས་ནས་འགྲིམ་འགྲུལ་སྒྲིག་ཆས་གཏོར་བཤིག་གཏོང་བ་དང་། སྤོ་བ། བསུབ་པ་བཅས་བྱས་ནས་གནོད་འཚེ་བཟོས་རུང་ཉེས་གསོག་གི་ཁོང་སུ་མི་ཚུད་པའི་རིགས།

ཁྲིམས་འགལ་ངང་འཕྲུལ་སྒུལ་འཁོར་རིགས་བཀག་པ་དང་བཀག་ཉར་བྱས་པ་དང་། བཀག་སྡོམ་བསླབ་བྱར་མ་ཉན་པར་འགྲུལ་འགྲུལ་ཚབས་ཆེན་འགག་པའམ་ཡང་ན་རྒྱུ་ནོར་གྱི་གྱོང་གུན་ཆེན་པོ་ཕོག་རིགས་བཅས་སོ།

བྱེད་སྤྱོད་སྤེལ་མཁན་ལ་གོང་གསལ་གྱི་གནད་དོན་ཁག་གཉིས་པ་དང་བཞི་པའི་གྲས་ཤིག་ལྡན་པར་འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་མེད་པར་བཟོ་ཆོག་པ་དང་། གནད་དོན་ཁག་དང་པོ་དང་། གསུམ་པ། ལྔ་པ་ནས་བརྒྱད་པ་བར་གྱི་གྲས་ཤིག་ལྡན་པར་ཉིན་15མན་བཀག་ཉར་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : གསང་བདག་རྒྱལ།