ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་བརྟན་སྲུང་གསང་འཕྲིན་ཐེར་འདོན་ལ་བྱ་འགའ་སྟེར་བའི་བྱེད་ཐབས།

ཡོང་ཁུངས། : ཚྭ་འདམ་བོད་ཡིག་དྲ་བ།     སྤེལ་དུས། : 2019-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(ཚོད་ལྟའི་ཡི་གེ)དོན་ཚན་དང་པོ། སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེ་བའི་མི་དམངས་མང་ཚོགས་རྣམས་ལ་སྐུལ་སློང་བྱས་ཏེ་ཡོངས་ཁྱབ་ཏུ་བརྟན་འཇགས་སྲུང་སྐྱོང་བྱ་བའི་ཁྲོད་དུ་ཞུགས་པ་དང་།གང་ལེགས་སྒོས་བརྟན་སྲུང་གསང་འཕྲིན་ཐེར་འདོན་དང་གོང་ཞུ་བྱེད་པ།    བརྟན་འཇགས་གསང་འཕྲིན་དང་འབྲེལ་བའི“དམངས་ཡོངས་ཀྱི་དྲ་རྒྱ”བཅས་འཛུགས་ཆེད།     མཚོ་ནུབ་ཁུལ་བརྟན་སྲུང་གསང་འཕྲིན་ཐེར་འདོན་འབྲེལ་ཡོད་ཀྱི་གཏན་ཁེལ་ལྟར་བྱེད་ཐབས་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ།  ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་སྐད་འཕྲིན་སྤྱི་སྤྱོད་སྟེགས་བུའི“དྲང་ལྡན་ཚྭ་འདམ”ཞེས་པར་བཤེར་འཚོལ་དང་དོ་ཁུར་བྱེད་པ་དང་།  འོག་གི་འདེམས་བྱང་ལས“བརྟན་སྲུང་ཐེར་འདོན་སྟེགས་བུ”ཞེས་པ་མནན་ཏེ།“ངས་ཐེར་འདོན་བྱེད་རྒྱུ་ཡིན”ཞེས་པའི་ཡན་ལག་ཚན་བྱང་མནན་ཏེ་ཐེར་འདོན་གོང་ཞུའི་ཁ་པར་དང་ཡིག་སྒམ་བླངས་ཏེ་ཐེར་འདོན་དང་ཡང་ན་ཟུར་བཀོད་ཀྱི་རྩ་གཉིས་ཨང་གྲངས་མནན་ནས་སྐད་འཕྲིན་སྟེགས་བུ་བརྒྱུད་དེ་ཐད་ཀར་ཐེར་འདོན་གོང་ཞུ་བྱས་ཆོག

དོན་ཚན་གསུམ་པ། མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་གསང་འཕྲིན་དང་ཁུངས་སྣེ་རིགས་སོ་སོ་ལ།  གཞི་རྩའི་དོན་དངོས་ཞིབ་བཤེར་ལས་དོན་དངོས་དང་མཐུན་པ་ཡིན་ཚེ་གཤམ་གྱི་བྱ་དགའ་སྟེར་དགོས།

1.སྤྱིར་བཏང་གི་བརྟན་འཇགས་ཆ་འཕྲིན་དང་འབྲེལ་བའི་ཁུངས་སྣེ་བཏོན་པར།  ཞིབ་བཤེར་ལས་དོན་དངོས་དང་མཐུན་ཚེ།  གསང་འཕྲིན་གྱི་རིན་ཐང་དངོས་དང་བསྟུན་ཏེ་མི་དམངས་ཤོག་སྒོར1000གི་བྱ་དགའ་སྟེར་དགོས།

2.འགངས་ཆེན་གྱི་བརྟན་འཇགས་ཆ་འཕྲིན་དང་འབྲེལ་བའི་ཁུངས་སྣེ་བཏོན་པར།  ཞིབ་བཤེར་ལས་དོན་དངོས་དང་མཐུན་ཚེ།  གསང་འཕྲིན་གྱི་རིན་ཐང་དངོས་དང་བསྟུན་ཏེ་མི་དམངས་ཤོག་སྒོར5000ཡི་བྱ་དགའ་སྟེར་དགོས།

3.གནད་ཆེ་བའི་བརྟན་འཇགས་ཆ་འཕྲིན་དང་འབྲེལ་བའི་ཁུངས་སྟེ་བཏོན་པར།  ཞིབ་བཤེར་ལས་དོན་དངོས་དང་མཐུན་ཚེ།  གསང་འཕྲིན་གྱི་རིན་ཐང་དངོས་དང་བསྟུན་ཏེ་མི་དམངས་ཤོག་སྒོར་ཁྲི5ཡི་བྱ་དགའ་སྟེར་དགོས།

3.གནད་འགག་ཆེས་ཆེ་བའི་བརྟན་འཇགས་ཆ་འཕྲིན་དང་འབྲེལ་བའི་ཁུངས་སྣེ་བཏོན་པར།  ཞིབ་བཤེར་ལས་དོན་དངོས་དང་མཐུན་ཚེ།  གསང་འཕྲིན་གྱི་རིན་ཐང་དངོས་དང་བསྟུན་ཏེ་མི་དམངས་ཤོག་སྒོར་ཁྲི10ཡི་བྱ་དགའ་སྟེར་དགོས།

4.སྒེར་གྱི་ཐལ་དྲགས་པའི་དོན་རྐྱེན་དང་དྲག་ཤུགས་འཇིགས་སྐུལ་ཟིང་ཆ་བཅས་དང་འབྲེལ་བའི་གསང་ཆ་དང་ཁུངས་སྣེ་བཏོན་པར།  དུས་ཐོག་ཏུ་བདེན་དཔང་ར་སྤྲོད་ལས་ནུས་ལྡན་གྱིས་དོན་རྐྱེན་ཚོད་འཛིན་དང་སྔོན་འགོག་བྱས་པ་ལ། གསང་འཕྲིན་གྱི་རིན་ཐང་དངོས་དང་བསྟུན་ཏེ་མི་དམངས་ཤོག་སྒོར་ཁྲི20ཡན་གྱི་བྱ་དགའ་སྟེར་ཆོག

དོན་ཚན་བཞི་བ།  ཁུལ་བརྟན་སྲུང་ཁང་གིས་མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་གསང་འཕྲིན་ལ།  སྐད་འཕྲིན་གྱི་དངུལ་ཐུམ་དམར་པོ་དང་ཡང་ན་སྐད་འཕྲིན་གྱི་དངུལ་ཁོངས་ཁ་སྒྱུར་བཅས་ཀྱི་ཐབས་ལམ་བརྒྱུད་དེ་བྱ་དགའ་སྟེར་དགོས་པ་ཡིན་ལ།  སྤྱིར་བཏང་དུ་ལས་དུས་ཉིན་ལྔའི་ནང་དུ་ལག་བསྟར་བྱེད་དགོས་པ་དང་།   ཆེས་འགོར་ན་ལས་དུས་ཉིན་20ཡི་ཡན་འགོར་འགྱངས་བྱེད་མི་ཆོག

དོན་ཚན་ལྔ་བ།ཁུལ་དང་རྫོང་བརྟན་སྲུང་སྡེ་ཁག་གིས་བདེ་འཇགས་གསང་བ་དམ་སྲུང་བྱེད་པ་ཇེ་དྲག་ཏུ་བཏང་སྟེ།  ཐེར་འདོན་པའི་ཆ་འཕྲིན་ལ་སྲུང་སྐྱོབ་ནན་མོ་དང་།   ཐེར་འདོན་པའི་ཆ་འཕྲིན་ཕྱིར་ཤོར་བར་འགན་འཁྲི་རྩད་གཅོད་ནན་མོ་བྱ་དགོས།

དོན་ཚན་དྲུག་པ།  བྱེད་ཐབས་འདི་ལ་མཚོ་ནུབ་ཁུལ་བརྟན་སྲུང་ཁང་གིས་འགན་འཁུར་ནས་འགྲེལ་བཤད་བྱ་དགོས།

མཚོ་ནུབ་ཁུལ་བརྟན་སྲུང་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0977-8222677

མཚོ་ནུབ་ཁུལ་བརྟན་སྲུང་ཆ་འཕྲིན་ཐེར་འདོན་ཡིག་སྒམ། hxwwjb@sina.com

      མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བརྟན་སྲུང་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་ནས།

                    2017ལོའི་ཟླ10བའི་ཚེས14ཉིན།

རྩོམ་སྒྲིག་པ། : གསང་བདག་རྒྱལ།