ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་འགལ་གྱིས་མ་དངུལ་རུབ་སྡུད་སྐོར་བཤད་པ།

ཡོང་ཁུངས། : ཁམས་པའི་དྲ་བ།   རྩོམ་པ་པོ། : བདེ་ཆེན་གྱིས་བསྡུས།   སྤེལ་དུས། : 2019-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དང་པོ། ཅི་ཞིག་ལ་ཁྲིམས་འགལ་གྱིས་མ་དངུལ་རུབ་སྡུད་དང་ཁྲིམས་འགལ་གྱིས་མ་དངུལ་རུབ་སྡུད་ཀྱི་ཉེས་སྤྱོད་ཟེར།

ཁྲིམས་འགལ་གྱིས་མ་དངུལ་རུབ་སྡུད་ཅེས་པ་ནི་སྤྱི་གཉེར་ཁང་དང་ཁེ་ལས། མི་སྒེར་དང་ཡང་ན་དེ་མིན་གྱི་རྩ་འཛུགས་ཀྱིས་ཆོག་མཆན་མ་ཐོབ་པར་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་ནས་ལུགས་དང་མི་མཐུན་པའི་ཐབས་ལམ་བརྒྱུད་ནས་སྤྱི་ཚོགས་དང་མང་ཚོགས། ཡང་ན་ཐུན་མོང་ལ་མ་དངུལ་བསྡུ་རུབ་བྱས་པའི་བྱ་སྤྱོད་ཡིན་པ་དང་། དེ་ནི་ཁྲིམས་འགལ་གྱིས་མ་དངུལ་རུབ་སྡུད་ཀྱི་བྱས་ཉེས་སུ་འགྲུབ་པའི་ངོ་བོ་ཡིན།

ཁྲིམས་འགལ་གྱིས་མ་དངུལ་རུབ་སྡུད་བྱས་པའི་ཉེས་སྤྱོད་ཞེས་པ་ནི་ཁྲིམས་དང་མི་མཐུན་པ་བཟུང་སྤྱོད་བྱེད་པ་དེས་དམིགས་ཡུལ་བྱས་པ་དང་། ཁ་བསླུས་རྒྱག་པའི་བྱེད་སྟངས་སྤྱད་ནས་ཁྲིམས་དང་མི་མཐུན་པའི་མ་དངུལ་རུབ་སྡུད་བྱེད་པ་དང་གྲངས་ཀ་ཆེ་ཙམ་གྱི་བྱ་སྤྱོད་ལ་ཟེར།

གཉིས་པ། ཁྲིམས་འགལ་གྱིས་མ་དངུལ་རུབ་སྡུད་ཀྱི་རྒྱུན་མཐོང་གི་ཐབས་ཤེས་གང་དག་ཡོད།

(གཅིག) ཁེ་བཟང་མཐོན་པོ་སྦྱིན་རྒྱུ་ཁས་ལེན་པ།

ཁྲིམས་འགལ་ཉེས་ཅན་གྱིས་མང་ཚོགས་གཡོ་འོག་ཏུ་ཚུད་ཆེད། དཀའ་སྤྱད་མ་བྱས་པར་ཕྱུག་པོར་འགྱུར་བ་དང་། སྐད་ཅིག་ཉིད་དུ་ཕྱུག་པོ་འགྱུར་བའི་ལྷ་སྒྲུང་བརྩམས་ནས། དྲག་ཤུགས་ཀྱིས་མ་དངུལ་གཏོང་འཇོག་བྱ་མཁན་ལ་ཁེ་བཟང་ཆེན་པོ་སྦྱིན་རྒྱུ་ཁས་ལེན་པ་དང་བསླུ་བྲིད་བྱེད་པ། མི་མང་དེའི་ནང་དུ་ཞུགས་པ་དང་མ་དངུལ་རུབ་སྡུད་བྱེད་པར་བསླུ་ཆེད། ཁྲིམས་འགལ་གྱིས་མ་དངུལ་རུབ་སྡུད་བྱེད་མཁན་གྱིས་རུབ་སྡུད་བྱེད་པའི་ཐོག་མར། དུས་ཐོག་ཏུ་ཁས་ལེན་པའི་མ་སྐྱེད་གཉིས་ཁ་འཚང་བའི་དངུལ་གྲངས་སྦྱིན་པ། མ་དངུལ་རུབ་བསྡུས་གཞི་ཁྱོན་ངེས་ཅན་ཞིག་ལ་ཐོན་རྗེས། ལྐོག་ནས་མ་དངུལ་སྤོ་བའམ་ཁྱེར་ནས་བྲོས་ཏེ། མ་དངུལ་རུབ་བསྡུས་ནང་དུ་ཞུགས་མཁན་ལ་དཔལ་འབྱོར་གྱི་གྱོང་གུན་ཆེན་པོ་ཐེབས་པ་རེད།

(གཉིས) རྣམ་གྲངས་རྫུན་མ་འགོད་པ།

ཁྲིམས་འགལ་ཉེས་ཅན་གྱིས་ཁྲིམས་མཐུན་གྱི་སྤྱི་གཉེར་ཁང་དང་ཁེ་ལས་ཐོ་འགོད་བྱས་པ་བརྒྱུད། རྒྱལ་ཁབ་ཐོན་ལས་སྲིད་ཇུས་དང་ལེན་དང་། ཞིང་སྡེའི་གསར་པའི་འཛུགས་སྐྲུན་རྒྱབ་སྐྱོར། དཔལ་འབྱོར་རིག་གཞུང་ལག་ལེན་བསྟར་བ་སོགས་ལ་ཁ་གཡར་ནས། ཚོང་གཉེར་བྱས་པའི་རྣམ་གྲངས་དེ། སྲོལ་རྒྱུན་གྱི་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏོང་བ་ནས་ལག་རྩལ་མཐོ་སར་གསར་སྤེལ་དང་། མ་དངུལ་རུབ་སྡུད་བྱས་ནས་ཁང་པ་འཛུགས་པ། མ་དངུལ་གཏོང་འཇོག་དང་མ་རྐང་ནང་དུ་ཞུགས་པ། ཚོང་རྗེས་ཕྱི་གཡར་བྱེད་པ་སོགས་སུ་འཕེལ་རྒྱས་གཏོང་བའི་ནང་དོན་ཡོད། ག་རྒྱ་འཇོག་རྒྱུ་དེ་ཁ་གཡར་ས་བྱས་ནས་རྣམ་གྲངས་རྫུན་མ་འགོད་པ། ཁེ་བཟང་མཐོན་པོའི་ཡོང་སྒོ་སོགས་ཁས་ལེན་ནས་སྤྱི་ཚོགས་ཀྱི་མང་ཚོགས་མ་དངུལ་གཏོང་འཇོག་བྱེད་རྒྱུ་བསླུ་བྲིད་བྱེད་པ། ཁྲིམས་འགལ་ཉེས་ཅན་ཁ་ཤས་ཀྱིས་དངུལ་དོན་དོ་དམ་མངགས་བཅོལ་བྱེད་རྒྱུ་ལ་ཁ་གཡར་ནས། རྐང་བཙུགས་ཏེ་མ་དངུལ་གཏོང་འཇོག་དང་དངུལ་དོན་དོ་དམ་གྱི་མཚན་ཉིད་གོ་ནོར་བྱུང་དུ་བཅུག་པ། གློག་རྡུལ་གྱི་གསེར་དང་། གཏོང་འཇོག་གི་མ་དངུལ། དྲ་བས་དངུལ་ཉོ། གློག་རྡུལ་ཚོང་དོན་སོགས་ཀྱི་མིང་ཚིག་གསར་པས་སྤྱི་ཚོགས་ཀྱི་མང་ཚོགས་བསླུ་བྲིད་གཏོང་བ། ཚད་མཐོ་བའི་ཁེ་བཟང་སྦྱིན་རྒྱུ་ཁས་བླངས་ནས་སྤྱི་ཚོགས་མང་ཚོགས་ཀྱིས་མ་དངུལ་གཏོང་འཇོག་བྱ་རྒྱུ་བསླུ་བྲིད་བྱེད་པ།

(གསུམ) དྲིལ་བསྒྲགས་རྫུན་མས་གཞི་ཁྱོན་ཆེ་རུ་གཏོང་བ།

ཁྲིམས་འགལ་ཉེས་ཅན་གྱིས་སྤྱི་ཚོགས་མང་ཚོགས་ཀྱི་ཡིད་ཆེས་བྱུང་རྒྱུ་ལ་བསླུ་བྲིད་བྱས་ཏེ། དྲིལ་བསྒྲགས་བྱེད་དུས་ཕལ་ཆེར་བག་མེད་ལོངས་སྤྱོད་བྱེད་པ། སྐད་གྲགས་ཡོད་པའི་འཁྲབ་སྟོན་པ་བདམས་ནས་མགྲིན་ཚབ་བྱེད་པ། སྐད་གྲགས་ཡོད་པའི་དུས་དེབ་དང་ཚགས་པར་གྱི་སྟེང་དུ་ཆེད་དོན་རྩོམ་ཡིག་འགོད་པ། མི་གླས་ནས་བསྒྲགས་ཡིག་རྒྱ་ཁྱབ་ཏུ་བཀྲམས་པ། སྤྱི་ཚོགས་ལ་འབུལ་བ་སོགས་ཀྱི་ཐབས་ཤེས་སྤྱོད་དེ། དྲིལ་བསྒྲགས་ཀྱི་ནུས་ཤུགས་ཆེ་རུ་བཏང་ནས་གཞི་ཁྱོན་རྫུན་མ་བཟོས་ཏེ། སྤྱི་ཚོགས་མང་ཚོགས་ཀྱིས་མ་དངུལ་གཏོང་འཇོག་གཡོ་ལེན་བྱེད་པ། ཁྲིམས་འགལ་ཉེས་ཅན་ཁ་ཤས་ཀྱིས་དྲ་ཚིགས་རྫུན་བཀོད་ཀྱི་གནས་བེད་སྤྱོད་བྱས་ཏེ་དྲ་ཚིགས་ས་གནས་གཞན་དུ་འཛུགས་པའམ་ཕྱི་རྒྱལ་གྱི་ཞབས་ཞུའི་དྲ་བ་གཡར་ནས་དྲ་ཚིགས་འཛུགས་པ། ཁ་ཤས་ཀྱིས་དྲ་ཚིགས་དང་པོད་ཁུག གླེང་སྟེགས་སོགས་དྲ་བའི་སྟེགས་བུ་དང་། QQ། MSNསོགས་དུས་ཐོག་ཏུ་འཕྲིན་སྐྱེལ་བའི་ལག་ཆ་བེད་སྤྱོད་བྱས་ཏེ། བརྡ་འཕྲིན་རྫུན་མ་སྤེལ་ནས་སྤྱི་ཚོགས་མང་ཚོགས་ཀྱིས་མ་དངུལ་གཏོང་འཇོག་བྱེད་རྒྱུ་གཡོ་ལེན་བྱེད་པ། ཞིབ་བཤེར་བྱས་མ་ཐག་ནས་བཀོལ་སྤྱོད་ཚད་མཐུན་མིན་པ་ཁ་གཡར་ནས། མགྱོགས་མྱུར་གྱིས་དྲ་ཚིགས་བརྒྱབ་སྟེ། སྒོར་མོ་ཁྱེར་ནས་བྲོས་པ།

(བཞི) གཉེན་ཉེ་བེད་སྤྱོད་བྱས་ནས་སླུ་ལེན་བྱེད་པ།

ཁྲིམས་འགལ་ཉེས་ཅན་གྱིས་གཉེན་ཉེ་དང་གྲོགས་པོ། ཕ་ཡུལ་སོགས་ཀྱི་འབྲེལ་བ་བེད་སྤྱོད་བྱས་ཏེ། ཁེ་བཟང་མཐོན་པོ་ཕར་སྦྱིན་བའི་བསླུ་བྲིད་བྱས་ནས་སྤྱི་ཚོགས་མང་ཚོགས་མ་དངུལ་གཏོང་འཇོག་ནང་དུ་ཞུགས་སུ་བཅུག་པ། བརྒྱུད་འཚོང་ནང་དུ་ཞུགས་མཁན། བརྒྱུད་འཚོང་རྩ་འཛུགས་ཀྱི་བསམ་བློ་སློབ་གསོ་དང་མི་ལུས་བཙན་ཤེད་ཀྱི་འོག་ཏུ། རང་ཉིད་ཀྱི་བྱས་རྗེས་ལེགས་འགྲུབ་དང་ཕར་སྣོན་འབྱུང་ཆེད། གཉེན་ཉེ་དང་།ས་གནས་ཀྱི་འབྲེལ་བ་བེད་སྤྱོད་བྱས་ཏེ། གཉེན་ཉེ་དང་། སློབ་གྲོགས། ཁྱིམ་མཚེས་སོགས་བསླུ་བྲིད་བྱས་ཏེ་ནང་དུ་ཞུགས་སུ་བཅུག་པ། ནང་དུ་ཞུགས་པའི་མི་སྣ་རིམ་བཞིན་རྒྱ་ཁྱབ་ཏུ་འགྲོ་བ་དང་། མ་དངུལ་རུབ་སྡུད་ཀྱི་གཞི་ཁྱོན་མུ་མཐུད་རྒྱ་སྐྱེད་གཏོང་བ།

གསུམ་པ། ཁྲིམས་དང་འགལ་ནས་མ་དངུལ་རུབ་སྡུད་བྱས་པའི་གྱོད་དོན་ཐོ་འགོད་བྱེད་སྟངས་ཀྱི་ཚད་གཞི།

རྒྱལ་ཁབ་ཀྱི་འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གི་ཆོག་མཆན་མ་ཐོབ་པར་རང་ཤུགས་ཀྱིས་མ་དངུལ་འཛིན་ལོར་དང་ཡང་ན་སྤྱི་གཉེར་ཁང་དང་། ཁེ་ལས་ཀྱི་བུན་འཛིན་འགྲེམ་སྤེལ་བྱེད་མཁན་དང་། གཤམ་གྱི་གནས་ཚུལ་ཐད་དོགས་གཞི་ཡོད་མཁན་ལ་གྱོ ད་དོན་ཐོ་འགོད་དང་ཁྲིམས་སྦྱོར་བདའ་འདེད་བྱེད་དགོས་སྟེ།

(གཅིག)འགྲེམ་གཏོང་གི་གྲངས་ཀ་སྒོར་ཁྲི་ལྔ་བཅུ་ཡན་ཆད་ལ་སླེབས་མཁན།

(གཉིས)གོང་སྨོས་ཀྱི་གྲངས་ཀའི་ཐོག་སླེབས་མེད་ནའང་རང་དགར་གྱིས་རྐང་དངུལ་འཛིན་ལོར་དང་ཡང་ན་སྤྱི་གཉེར་ཁང་དང་ཁེ་ལས་ཀྱི་བུན་འཛིན་འགྲེམ་གཏོང་བྱས་ནས་ཉོ་མཁན་སུམ་ཅུ་ཡན་ཆད་ཡོད་མཁན།

(གསུམ)དུས་ཐོག་ཏུ་བུ་ལོན་གཙང་སེལ་དང་ཡང་ན་ཞིབ་རྩིས་བརྒྱབ་ནས་ཕྱིར་སློག་བྱེད་མི་ཐུབ་མཁན།

(བཞི)དེ་མིན་གྱི་མཇུག་འབྲས་ཚབས་ཆེན་ཡིན་པ་དང་ཡང་ན་དེ་མིན་གྱི་གནས་ཚུལ་ཚབས་ཆེན་ཡོད་མཁན།

བཞི་པ། ཁྲིམས་དང་འགལ་ནས་མ་དངུལ་རུབ་སྡུད་བྱས་པའི་ཉེས་སྤྱོད་ཀྱི་མཚན་ཉིད།

2010ལོའི་ཟླ་5ཚེས་7ཉིན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་པུའུ་ཡིས་བཟོ་འགོད་བྱས་ནས་གཏོང་སྤྲོད་བྱས་པའི་《ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་པུའུ་ཡི་སྤྱི་བདེ་ལས་ཁུངས་ཀྱིས་དོ་དམ་བྱེད་ཁོངས་ཀྱི་ཉེས་དོན་གྱི་གྱོ ད་གཞི་ཐོ་འགོད་དང་ཁྲིམས་སྦྱོར་བདའ་འདེད་ཀྱི་ཚད་གཞིའི་གཏན་འབེབས་(གཉིས་པ)》ཀྱི་དོན་ཚན་ཉེར་བརྒྱད་པའི་ནང[ཁྲིམས་དང་འགལ་ནས་སྤྱི་དམངས་ཀྱི་བཅོལ་དངུལ་བསྡུ་ལེན་བྱས་པའི་གྱོད་དོན་ཉེས་ཁྲིམས་ཀྱི་དོན་ཚན་བརྒྱ་དང་དོན་དྲུག་པ]གཏན་འབེབས་བྱས་དོན། ཁྲིམས་དང་འགལ་ནས་སྤྱི་དམངས་ཀྱི་བཅོལ་དངུལ་དང་ཡང་ན་རྣམ་པ་འགྱུར་བའི་སྤྱི་དམངས་ཀྱི་བཅོལ་དངུལ་བསྡུ་ལེན་བྱེད་པ་དང་། དངུལ་རྩའི་སྒྲིག་ལམ་དཀྲུག་པ་དང་གཤམ་གྱི་གནས་ཚུལ་ཞིག་དོགས་གཞི་ཡོད་མཁན་ལ་གྱོད་དོན་ཐོ་འགོད་བྱས་ནས་ཁྲིམས་སྦྱོར་བདའ་འདེད་བྱེད་དགོས།

(གཅིག)མི་སྒེར་གྱིས་ཁྲིམས་དང་འགལ་བ་དང་ཡང་ན་རྣམ་པ་འགྱུར་ནས་སྤྱི་དམངས་ཀྱི་བཅོལ་དངུལ་བསྡུ་ལེན་གྱི་དངུལ་གྲངས་དེ་སྒོར་ཁྲི་ཉི་ཤུ་ཡན་ཆད་ཡོད་པ་དང་། སྡེ་ཚན་གྱིས་ཁྲིམས་དང་འགལ་ནས་སྤྱི་དམངས་ཀྱི་བཅོལ་དངུལ་བསྡུ་ལེན་དང་ཡང་ན་རྣམ་པ་འགྱུར་ནས་བསྡུ་ལེན་བྱས་པའི་གྲངས་ཀ་སྒོར་ཁྲི་བརྒྱ་ཡན་ཆད་སླེབས་ཡོད་མཁན།

(གཉིས།)མི་སྒེར་གྱིས་ཁྲིམས་དང་འགལ་ནས་སྤྱི་དམངས་ཀྱི་བཅོལ་དངུལ་བསྡུ་ལེན་དང་ཡང་ན་རྣམ་པ་འགྱུར་ནས་བསྡུ་ལེན་བྱས་པའི་དུད་ཚང་སུམ་ཅུ་ཡན་ཆད་སླེབས་ཡོད་མཁན་དང་། སྡེ་ཚན་གྱིས་ཁྲིམས་དང་འགལ་ནས་སྤྱི་དམངས་དུད་ཚང་བརྒྱ་དང་ལྔ་བཅུ་ཡན་ཆད་ཀྱི་བཅོལ་དངུལ་བསྡུ་ལེན་དང་ཡང་ན་རྣམ་པ་འགྱུར་ནས་བསྡུ་ལེན་བྱེད་མཁན། 

(གསུམ)མི་སྒེར་གྱིས་སྤྱི་དམངས་ཀྱི་བཅོལ་དངུལ་བསྡུ་ལེན་དང་ཡང་ན་རྣམ་པ་འགྱུར་ནས་བསྡུ་ལེན་བྱས་ནས་བཅོལ་དངུལ་བདག་པོ་ལ་ཐད་ཀར་དཔལ་འབྱོར་གྱོ ང་གུན་སྒོར་ཁྲི་བཅུ་ཡན་ཆད་བཟོ་མཁན་དང་། སྡེ་ཚན་གྱིས་ཁྲིམས་དང་འགལ་ནས་སྤྱི་དམངས་ཀྱི་བཅོལ་དངུལ་བསྡུ་ལེན་དང་ཡང་ན་རྣམ་པ་འགྱུར་ནས་བསྡུ་ལེན་བྱས་ཏེ་ཐད་ཀར་དཔལ་འབྱོར་གྱོ ང་གུད་སྒོར་ཁྲི་ལྔ་བཅུ་ཡན་ཆད་བཟོ་མཁན།

(བཞི)སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོ་མཁན།

(ལྔ)དེ་མིན་གྱི་དངུལ་རྩའི་སྒྲིག་ལམ་དཀྲུག་པའི་གནས་ཚུལ་ཚབས་ཆེན་བཟོ་མཁན།

ལྔ་པ། ཁྲིམས་དང་འགལ་ནས་མ་དངུལ་རུབ་སྡུད་བྱེད་པའི་ཁྱད་ཆོས།

(གཅིག)འབྲེལ་ཡོད་སྡེ་ཁག་གིས་བཅའ་ཁྲིམས་ལྟར་ཆོག་མཆན་སྤྲད་མེད་པའམ་ཡང་ན་ཁྲིམས་མཐུན་ཚོང་གཉེར་གྱི་བྱེད་སྟངས་ལ་ཁ་གཡར་ནས་མ་དངུལ་བསྡུ་ལེན་བྱེད་པ།

(གཉིས།)སྨྱད་སྦྱོར་དང་ཁྱབ་སྤེལ། ངོ་སྤྲོད་འདུ་ཚོགས། བསྒྲགས་ཡིག ལག་ཁྱེར་ཁ་པར་གྱི་འཕྲིན་ཐུང་སོགས་བརྒྱུད་ནས་སྤྱི་ཚོགས་ལ་ཡོངས་གྲགས་སུ་དྲིལ་བསྒྲགས་བྱེད་པ།

(གསུམ།)དུས་ཚད་ངེས་ཅན་གྱི་ནང་དངུལ་ལོར་དང་དངོས་རྫས། མ་རྐང་གི་དབང་ཆ་སོགས་ཀྱི་བྱེད་སྟངས་ཐོག་ནས་མ་སྐྱེད་འཇལ་སྤྲོད་བྱེད་པའམ་གླ་རིན་སྤྲོད་རྒྱུའི་ཁས་ལེན་བྱེད་པ།

(བཞི།)སྤྱི་ཚོགས་ཀྱི་སྤྱི་དམངས་ཏེ་སྤྱི་ཚོགས་ཀྱི་ངེས་གཏན་མེད་པའི་མི་སྣའི་མ་དངུལ་བསྡུ་ལེན་བྱེད་པ།

དྲུག་པ། ཁྲིམས་དང་འགལ་ནས་མ་དངུལ་རུབ་སྡུད་བྱེད་པའི་མཚོན་ཚུལ་གཙོ་བོ།

ཁྲིམས་དང་འགལ་ནས་མ་དངུལ་རུབ་སྡུད་བྱེད་པའི་བྱེད་སྒོ་དེ་ཁྱབ་རྒྱ་ཆེ་ལ་མཚོན་ཚུལ་སྣ་མང་ཡིན་པ་རེད། མིག་སྔར་བྱུང་བའི་གྱོ ད་གཞིའི་གནས་ཚུལ་ལ་བལྟས་ན་གཙོ་བོར་བུན་དབང་དང་། མ་རྐང་གི་དབང་ཆ། ཚོང་རྫས་ལས་གཉེར་དང་ཕྱིར་འཚོང་། ཐོན་སྐྱེད་དང་ཚོང་གཉེར་བཅས་རིགས་ཆེན་པོ་བཞི་འདུས་ཡོད། མཚོན་ཚུལ་གཙོ་བོར་གཤམ་གྱི་བྱེད་སྟངས་དེ་དག་ཡོད།

(གཅིག)རྨོ་འདེབས་དང་། གསོ་སྤེལ། རྣམ་གྲངས་གསར་སྤེལ། ས་ཞིང་དང་ལྡུམ་ར་གསར་སྤེལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་མ་དངུལ་འཇོག་པ་སོགས་ཀྱི་མིང་ལ་བརྟེན་ནས་ཁྲིམས་དང་འགལ་བའི་མ་དངུལ་རུབ་སྡུད་བྱེད་པ།

(གཉིས།)འགྲེམ་སྤེལ་དང་ཡང་ན་རྣམ་པ་བསྒྱུར་ནས་མ་རྐང་འཛིན་ཤོག་དང་། བུན་འཛིན། བྱ་དགའི་འཛིན་ཤོག མ་དངུལ་འཇོག་པའི་ཐེབས་རྩ་སོགས་ཀྱི་ཁེ་དབང་འཛིན་ཤོག་འགྲེམ་སྤེལ་བྱེད་པ་དང་ཡང་ན་དུས་བཅད་ཚོང་ཟོག་ཉོ་ཚོང་བྱེད་པ་དང་གཏའ་མར་འཇོག་པའི་མིང་ལ་བརྟེན་ཏེ་ཁྲིམས་དང་འགལ་ནས་མ་དངུལ་རུབ་བསྡུས་བྱེད་པ།

(གསུམ།)མ་རྐང་རྩིས་ལེན་བྱེད་པ་དང་ཁེ་སྤོགས་བགོ་བའི་བྱེད་ཐབས་ལ་བརྒྱུད་དེ་ཁྲིམས་དང་འགལ་ནས་མ་དངུལ་རུབ་སྡུད་བྱེད་པ།

(བཞི།)ཚོགས་མིའི་བྱང་བུ་དང་། ཚོགས་མིའི་ལག་ཁྱེར། སྡོད་སའི་ལག་ཁྱེར། གཟིགས་སྐྱོང་གི་བྱང་བུ། འཛད་སྤྱོད་བྱང་བུ་སོགས་ཀྱི་བྱེད་སྟངས་བརྒྱུད་དེ་ཁྲིམས་དང་འགལ་ནས་མ་དངུལ་རུབ་སྡུད་བྱེད་པ།

(ལྔ།)ཚོང་ཟོག་ཕྱིར་འཚོང་དང་སླར་བོགས་གླ་གཏོང་བ་དང་། ཚུར་ཉོ་སྒྲུབ་དང་ཕར་བཤུག་སྤྲོད། ཚོགས་མི་གོང་འཕེལ་གཏོང་བ། ཚོང་ཁང་བར་མཉམ་འབྲེལ་བྱེད་པ་དང་མགྱོ གས་མྱུར་གྲངས་ཀ་བསགས་པའི་བྱེད་སྟངས་ལ་བརྟེན་ཏེ་ཁྲིམས་དང་འགལ་བའི་མ་དངུལ་རུབ་སྡུད་བྱེད་པ།

(དྲུག)དམངས་ཁྲོད་ཀྱི་འདུ་ཚོགས་དང་འདུས་ཁུལ་སོགས་ཀྱི་རྩ་འཛུགས་དང་ཡང་ན་གསང་བའི་དངུལ་གཉེར་ཁང་བེད་སྤྱོད་བཏང་ནས་ཁྲིམས་དང་འགལ་བའི་མ་དངུལ་རུབ་སྡུད་བྱེད་པ།

(བདུན།)དེང་རབས་ཀྱི་གློག་རྡུལ་དང་གློག་ལམ་དྲ་བའི་ལག་རྩལ་སྤྱད་ནས་གྲུབ་པའི་རྫུན་བཟོའི་ཐོན་རྫས་ཏེ། དཔེར་ན། གློག་རྡུལ་ཚོང་ཁང་དང་། གློག་རྡུལ་གྱི་ཚོང་ཟོག་སྣ་མང་མ་རྩ་འཇོག་པའི་མངག་བཅོལ་ཚོང་གཉེར་བྱེད་པ། དུས་ཐོག་སླེབས་ནས་ཕྱིར་ཉོ་སྒྲུབ་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་ནས་ཁྲིམས་དང་འགལ་བའི་མ་དངུལ་རུབ་སྡུད་བྱེད་པ།

(བརྒྱད།)འཛུགས་སྐྲུན་ལས་རིགས་དང་ཐོན་སྐྱེད་བྱ་ཡུལ་སོགས་ཀྱི་རྒྱུ་ནོར་ཆ་སྙོམས་བྱས་ཏེ་ཁག་བགོས་པ་དང་། ཁག་བགོས་པའི་ཐོབ་སྐལ་ཕྱིར་འཚོང་བྱེད་དབང་དེ་ཁྲིམས་དང་འགལ་ནས་མ་དངུལ་རུབ་སྡུད་བྱེད་པ།

(དགུ།)ཚོང་ཟོག་ཚོང་གཉེར་གྱི་གན་རྒྱ་འཇོག་པའི་བྱེད་སྟངས་ཐོག་ནས་ཁྲིམས་དང་འགལ་ནས་མ་དངུལ་རུབ་སྡུད་བྱེད་པ།

(བཅུ།)རྒྱུད་འཚོང་དང་ཡང་ན་ལྐོག་ཏུ་གཅིག་ལ་གཅིག་སྦྲེལ་གྱི་བྱེད་སྟངས་སྤྱད་ནས་ཁྲིམས་དང་འགལ་བའི་མ་དངུལ་རུབ་སྡུད་བྱེད་པ།

(བཅུ་གཅིག)གློག་ཀླད་དྲ་སྦྲེལ་གྱི་ཐོག་ནས་མ་རྩ་འཇོག་པའི་ཐེབས་རྩ་གསར་འཛུགས་བྱེད་པའི་བྱེད་སྟངས་སྤྱད་ནས་ཁྲིམས་དང་འགལ་བའི་མ་དངུལ་རུབ་སྡུད་བྱེད་པ།

(བཅུ་གཉིས།)གློག་རྡུལ་གྱི་ཐོག་ནས་གསེར་དངུལ་གྱི་མ་རྩ་འཇོག་པའི་བྱེད་སྟངས་སྤྱད་ནས་ཁྲིམས་དང་འགལ་བའི་མ་དངུལ་རུབ་སྡུད་བྱེད་པ།

རྩོམ་སྒྲིག་པ། : གསང་བདག་རྒྱལ།