ཀྲུང་གོ་བོད་ཀྱི་དྲ་བ།

ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་རྒྱུན་ཤེས་ངོ་སྤྲོད། (བདུན)

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།     སྤེལ་དུས། : 2019-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(ཉེར་གཅིག་པ།)ནག་འཇོམས་ངན་སེལ་གྱི་འགན་ཁུར་དང་པོ་དང་ཐད་ཀའི་འགན་ཁུར། ལས་རིགས་ཀྱི་ལྟ་སྐུལ་བདག་དོམ་འགན་ཁུར་བཅས་ནི་གང་དག་ཡིན་ནམ།

རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ་ནི་འགན་ཁུར་མི་སྣ་དང་པོ་ཡིན་ལ། རིམ་པ་སོ་སོའི་ཁྲིམས་འཛིན་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་ནི་ཐད་ཀའི་འགན་ཁུར་མི་སྣ་ཡིན། རིམ་པ་སོ་སོའི་ལས་རིགས་ལྟ་སྐུལ་བདག་དོམ་སྡེ་ཁག་གི་འགན་ཁུར་བློ་མཐུན་ནི་ལས་རིགས་ལྟ་སྐུལ་བདག་དོམ་མཁན་གྱི་འགན་ཁུར་མི་སྣ་ཡིན།

(ཉེར་གཉིས་པ།)ནག་འཇོམས་ངན་སེལ་གྱིས་ནག་ཚོགས་དང་ངན་འབྲེལ་གནད་དོན་འབུར་ཐོན་ཅན་གྱི་ས་ཁུལ་དང་ལས་རིགས། ཁྱབ་ཁོངས་བཅས་ལ་འགན་འཁྲི་རྗེས་འདེད་བྱེད་ཐབས་ནི་ཅི་ཞིག་ཡིན་ནམ།

སྤྱི་ཚོགས་བདེ་སྲུང་ཕྱོགས་བསྡུས་བཅོས་སྐྱོང་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་དངོས་འབེབས་ནན་མོ་བྱས་ཏེ། ནག་ཚོགས་དང་ངན་ཕྱོགས་ལ་འབྲེལ་བ་ཡོད་པའི་གནད་དོན་འབུར་ཐོན་ཅན་གྱི་ས་ཁུལ་དང་ལས་རིགས། ཁྱབ་ཁོངས་བཅས་སུ་བརྡ་འཕྲིན་གཏོང་བ་དང་དུས་ཆད་བྱེད་པ། ལྟ་སྐུལ་ཞིབ་བཤེར་གཞུང་སྒྲུབ་ཁང་ལ་སྒོ་བྱང་འགེལ་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། དུས་ཡུན་ཚད་བཀག་ངེས་ཅན་གྱི་ནང་དུ་ལྟ་སྐུལ་ཞིབ་བཤེར་ནན་མོ་བྱས་ཏེ་དག་ཐེར་ཡོ་བསྲང་བྱེད་དགོས། དེ་ཡང་གནད་དོན་ཚབས་ཆེན་དང་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་མི་ལེགས་པ་ཐེབས་མཁན་ལ་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་དང་མི་དོན་སྡེ་ཁག་གིས་མི་སྣ་རྩ་འཛུགས་བྱས་ཏེ། བཅའ་ཁྲིམས་དང་སྒྲིག་ཁྲིམས་ལ་བརྟེན་ནས་འགན་ཁུར་མི་སྣ་དང་པོ་དང་དེ་ལས་གཞན་པའི་འབྲེལ་ཡོད་འགན་ཁུར་མི་སྣ་ལ་འགན་ལེན་བྱེད་དུ་འཇུག་དགོས་པ་ལས་ཀུ་ཡངས་ལ་གཏན་ནས་གཏོང་མི་རུང་། ལས་རིགས་ལྟ་སྐུལ་བདག་དོམ་འགན་འཁྲི་ལག་བསྟར་དངོས་འབེབས་ནན་མོ་བྱས་ཏེ། ཉིན་རྒྱུན་གྱི་ལྟ་སྐུལ་བདག་དོམ་གནད་ལ་ཁེལ་མེད་པ་དང་ནག་ཚོགས་ཀྱི་སྟོབས་ཤུགས་རིམ་བཞིན་འཚར་ལོངས་བྱུང་བཞིན་པ་ལ་འགན་ཁུར་ལག་བསྟར་ཐད་རྩད་གཅོད་ནན་མོ་བྱས་ཏེ། བཅའ་ཁྲིམས་ཀྱི་འགན་འཁྲི་ལ་འདྲི་གཅོད་ནན་མོ་བྱེད་དགོས།

(ཉེར་གསུམ་པ།)སྒྲིག་ཁྲིམས་ཞིབ་དཔྱོད་ལས་ཁུངས་ཀྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཁྲོད་རྩད་གཅོད་བྱེད་ཡུལ་གཙོ་བོ་རིགས3གྱི་གནད་དོན་ནི་གང་དག་ཡིན་ནམ།

1.མང་ཚོགས་ཀྱི་ཉེ་འཁོར་དུ་ཡོད་པའི་ཏང་ཡོན་ལས་བྱེད་པ་དང་དེ་ལས་གཞན་པའི་གཞུང་གི་དབང་ཆ་ཅན་གྱི་སྤྱི་གཞུང་ལས་བྱེད་མི་སྣའི་ནག་ཚོགས་ལ་འབྲེལ་བའི་རུལ་སུངས་ཀྱི་གནད་དོན།

2.ཏང་ཡོན་ལས་བྱེད་པ་དང་དེ་ལས་གཞན་པའི་གཞུང་གི་དབང་ཆ་ཅན་གྱི་སྤྱི་གཞུང་མི་སྣས་ནག་ཚོགས་ཀྱི་སྟོབས་ཤུགས་ལ“འགེབས་སྲུང་མཁན”གྱི་གནད་དོན་ཡོད་པ།

3.ས་གནས་ཏང་ཨུ་དང་སྲིད་གཞུང་། ཁྲིམས་འཛིན་ལས་ཁུངས། འབྲེལ་ཡོད་འགན་ནུས་སྡེ་ཁག་དང་དེ་མིན་ལས་སྒྲུབ་མི་སྣས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་བྱ་བའི་སྐུལ་འདེད་ཐད་སྟོབས་ཤུགས་འདོན་བཞིན་མེད་པའི་གནད་དོན།

(ཉེར་བཞི་པ།)ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཁྲོད་རྩ་འཛུགས་སྡེ་ཁག་གི་བྱ་བ་གཙོ་བོ་ནི་ཅི་ཞིག་ཡིན་ནམ།

1.གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་པ་དང་ཆབ་སྲིད་བྱེད་ནུས་མཐོར་འདེགས་སུ་བཏང་སྟེ། ཁྱབ་རྒྱ་སྔར་ལས་ཆེ་བའི་སྒོ་ནས་ཏང་ཡོན་དང་མང་ཚོགས་ལ་སྐུལ་སློང་བྱས་ཏེ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཁྲོད་ཟབ་ཞུགས་བྱེད་དུ་འཇུག་པ།

2.སྟོབས་ཤུགས་ཉམ་ཞན་དང་ཁ་འཐོར་རང་བཞིན་གྱི་གཞི་རིམ་ཏང་རྩ་འཛུགས་ལ་མུ་མཐུད་དུ་དག་ཐེར་བྱས་ཏེ། གཞི་རིམ་གྱི་བདེ་སྲུང་ལ་ཕན་ནུས་ངེས་ཅན་ཐོན་ཐུབ་པའི་སྒྲིག་གཞི་གྲུབ་པ་དང་ནག་འཇོམས་ངན་སེལ་རྨེག་མེད་དུ་བཏང་ནས་གཤིན་ས་ལེགས་པོ་ཞིག་ལ་བསྒྱུར་རྒྱུ།

3.སྡེ་བའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོའི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ནས། འོས་འདེམས་མི་སྣའི་བརྒྱུད་རིམ་ལ་ནན་ཏན་གྱིས་ཞིབ་བཤེར་བྱས་ཏེ། ནག་ཚོགས་དང་ངན་ཕྱོགས་སོགས་ལ་འབྲེལ་བ་ཡོད་པའི་སྡེ་བའི་ལས་བྱེད་ཆ་རྐྱེན་མི་འཛོམས་པ་དག་གཅིག་ཀྱང་འཆོར་ཏུ་མི་འཇུག་པར་གཏན་འགོག་ནན་ཏན་བྱ་དགོས།

(ཉེར་ལྔ་པ།)“སྡེ་བའི་བཙན་བདག”གི་གནད་དོན་ཚུར་སྣང་བྱེད་པའི་མཚོན་ཚུལ་མི་འདྲ་བ5ནི་གང་དག་ཡིན་ནམ།

1.གཞི་རིམ་སྲིད་དབང་ལ་ཐེ་གཏོགས་བྱེད་པ། “ཁུ་ཚུར”དང་མགོ་སྐོར། ལྐོག་རྔན་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གཞི་རིམ་གྱི་འདེམས་བསྐོའི་ཁྲོད་ལག་བསྲིངས་སྟེ། སྡེ་བའི་ལས་བྱེད་གོ་གནས་འཕྲོག་པ་དང་རོགས་འདེགས་འཐུས་ཚབ་པ་བྱེད་པ། གཞི་རིམ་སྤྱི་གཞུང་དོན་ཚན་ཁྲོད་དུ་ལག་བསྲིངས་པ།

2.སྡེ་བའི་མང་ཚོགས་ལ་གཉའ་གནོན་དང་བཙན་འཕྲོག་བཙན་ལེན། གང་འདོད་དུ་གཅར་རྡུང་བྱེད་པ། དོན་མེད་རྙོག་དྲ་བཟོ་པ། ཐ་ན་ནག་ཚོགས་ཀྱི་མི་སྣ་གླས་ཏེ་ཕྱོགས་ཁག་སྟོབས་ཤུགས་གསར་འཛུགས་བྱེད་པ།

3.ཚོང་གཉེར་བརྒྱུད་རིམ་ལ་གནོད་སྐྱོན་བཟོ་པ་དང་ས་ཞིང་བོགས་ལེན་བོགས་གཏོང་། གཏེར་ཁུངས་སྔོག་འདོན་བྱེད་པ། བཟོ་སྐྲུན་འཛུགས་སྐྲུན། དངོས་ཟོང་དང་འགྲུལ་བ་སྐྱེལ་འདྲེན་སོགས་ཀྱི་ཐད་ལ་གཏུམ་སྤྱོད་བཀོལ་ཏེ་འགྲན་རྩོད་མཁན་ལ་གཅར་རྡུང་གཉའ་གནོན་བྱེད་པ།

4.ཐུན་མོང་གི་ཐོན་རྫས་བདག་འཛིན་དང་ཁྲིམས་འགལ་བདག་འཛིན་གྱིས་རྒྱལ་ཁབ་ཀྱི་ལས་གཞིའི་མ་དངུལ་གཡོ་ལེན་བྱེད་པ་དང་ཁྲིམས་འགལ་ལ་བརྟེན་ནས་ཐུན་མོང་གི་ཞིང་ས་དང་གཏེར་ཁའི་ཐོན་ཁུངས་བདག་འཛིན་བྱེད་པ།

5.ཞིང་སྡེའི་ཆོས་ལུགས་སྟོབས་ཤུགས་ཀྱིས་བཙན་ཤེད་བརྙས་བཅོས་དང་རང་སྣང་གང་ཤར་སྒོས་ཕྱོགས་གཅིག་ལ་གནོད་འཚེ་གཏོང་པ།

(ཉེར་དྲུག་པ།)2018ལོར་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་སྐབས་བརྗེའི་འདེམས་བསྐོའི“མི་ཆོག་པ་ལྔ”དང“མི་འཚམ་པ་དྲུག”གི་མཚོན་སྟངས་གནས་ཚུལ་དེ་ཇི་འདྲ་ཞིག་ཡིན་ནམ།

1.“མི་ཆོག་པ་ལྔ”ཞེས་པ་ནི་གཤམ་གསལ་གྱི་གནས་ཚུལ་རིགས་གཅིག་ཡོད་པ་ན་སྡེ་བའི“ཨུ་ལྷན་གཉིས”ཀྱི་འོས་འདེམས་མི་སྣ་ལ་ཞུགས་མི་ཆོག་པ་རེད།

① ཏང་གི་ཡིག་ཚགས་ལས་ཕྱིར་འཕུད་ཆད་པ་བཅད་དེ་ལོ་ལྔ་འགོར་མེད་པ་དང་། ཏང་གི་སྒྲིག་ཁྲིམས་སྲིད་དོན་ལས་ཆད་པ་བཅད་པའི་དུས་ཡུན་ལོངས་མེད་པ།

② སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་ལ་འབྲེལ་བ་ཡོད་པའི་དོགས་གཞི་ཅན་དང་གྱོད་དོན་སྙན་གསེང་ཞུས་ནས་རྩད་གཅོད་བྱེད་བཞིན་པ། ཉེས་ཁྲིམས་ཆད་པ་ལག་བསྟར་བྱེད་པའི་སྐབས་སུ་ཁེལ་པ། བསམ་གཟས་ནས་ནག་ཉེས་བསགས་སྟེ་ཉེས་ཆད་ཁུར་རྗེས་ལོ་ལྔ་འགོར་མེད་པ།

③ མང་ཚོགས་ལ་བརྙས་བཅོས་གཉའ་གནོན་དང་རང་སྣང་གང་འདོད་བྱེད་པ། དེ་མིན“སྡེ་བའི་བཙན་བདག”དང་ཆོས་ལུགས་ཀྱི་ལོག་ཕྱོགས་སྟོབས་ཤུགས། ནག་ཚོགས་སྟོབས་ཤུགས་སོགས་ལ་འབྲེལ་བ་ཡོད་པ་མ་ཟད། མང་ཚོགས་ལ་ཤུགས་རྐྱེན་མི་ལེགས་པ་ཐེབས་པའི་མི་སྣ།

④ སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་གནས་སྟངས་ལ་རྒྱབ་འགལ་བྱེད་པའི་བྱ་སྤྱོད་ཀྱིས་ལོག་ཆོས་རྩ་འཛུགས་དང་ལོག་ཆོས་ཁྲོད་ཟབ་ཞུགས་བྱས་ཏེ་ཆོས་ལུགས་ཀྱི་ཁྲིམས་འགལ་བྱེད་སྒོ་སྤེལ་མཁན།

⑤ གཏུམ་སྤྱོད་དང་འཇིགས་སྐུལ། མགོ་སྐོར། ལྐོག་རྔན། འདེམས་བསྐོའི་འདེམས་ཤོག་རྫུན་བཟོ། འདེམས་བསྐོའི་འདེམས་ཤོག་ཁ་གྲངས་རྫུན་མ་སྙན་གསེང་བྱེད་པ་སོགས་བྱེད་ཐབས་མི་ལེགས་པའི་འདེམས་བསྐོའི་ཁྲོད་ཟབ་ཞུགས་དང་ངན་སྐུལ་བྱས་ཏེ། བྱེད་ཐབས་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་འདེམས་བསྐོ་ལ་ཚོད་འཛིན་དང་ཐེ་གཏོགས་བྱེད་མཁན།

2.“མི་འཚམ་པ་དྲུག”ཞེས་པ་ནི་གཤམ་གསལ་གྱི་གནས་ཚུལ་རིགས་གཅིག་ཡོད་པ་ན་སྡེ་བའི“ཨུ་ལྷན་གཉིས”ཀྱི་འོས་འདེམས་མི་སྣ་ལ་ཞུགས་པར་མི་འཚམ་པ་རེད།

① ཁྲིམས་འགལ་གྱིས་ས་ཞིང་བདག་འཛིན་དང་སྒྲིག་འགལ་སྒོས་ཁང་བ་གསར་འཛུགས་བྱེད་པའི་བྱ་སྤྱོད་ཚབས་ཆེན་ལ་དག་ཐེར་བྱས་མེད་པ་དང་དེ་མིན་ཉེ་བའི་ལོ་ངོ5ཡི་ནང་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོས་པ། འཆར་ལྡན་བུ་སྐྱེ་སྲིད་ཇུས་ལ་རྒྱབ་འགལ་བྱས་ཏེ་འཆར་སྐྱེ་ཚད་བརྒལ་བྱ་སྤྱོད་ལ་རྩད་གཅོད་བྱེད་བཞིན་པ།

② ཁྲིམས་འགལ་གྱིས་གོང་རིམ་ལ་ཞུ་གཏུག་བྱེད་པར་ངན་སྐུལ་དང་རྩ་འཛུགས། ཟབ་ཞུགས་བཅས་ཀྱིས་དུས་ཡུན་རིང་བོར་གནས་ལུགས་མེད་པའི་གོང་གཏུག་གིས་སྤྱི་ཚོགས་ཀྱི་བརྟན་འཇགས་ལ་ཤུགས་རྐྱེན་མི་ལེགས་པ་བཟོ་མཁན།

③ བསམ་གཟས་ནས་ཡིད་རྟོན་མེད་པའི་བྱ་སྤྱོད་སྤེལ་ཏེ་ཁྲིམས་ཁང་གིས་ཡིད་རྟོན་མེད་པའི་མི་སྣའི་མིང་ཐོའི་ཁྲོད་བཞག་སྟེ་ཕྱིར་ལེན་བྱས་མེད་པ།

④ མི་ཚོགས་འདུས་སྡོད་ས་ཁུལ་དུ་རྒྱལ་འཇོག་དང་འཆལ་སྤྱོད་ཀྱིས་བདེ་སྲུང་མི་སྣས་བཀག་སྐྱིལ་བྱས་ཤིང་། ཁྲིམས་ཆད་བཅད་ཡོད་པ། ད་རུང་དུག་རྫས་ལ་འབྲེལ་བ་ཡོད་པའི་གནད་དོན་ཅན།

⑤ ཀུན་སྤྱོད་དང་སྤྱོད་ལམ་མི་ལེགས་ཤིང་ཤུགས་རྐྱེན་ངན་པ་ཐེབས་ནས་མང་ཚོགས་ཁྲོད་ཡིད་ཆེས་མེད་མཁན།

⑥ ད་ལྟ་སྡེ་བའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པའི་འགན་ཁུར་མོད། དུས་ཡུན་རིང་བོར་ཕྱི་རོལ་དུ་བསྡད་དེ་ཟླ་བ6ལྷག་ལ་རང་གི་ལས་རྐང་ལ་ལས་ཞུགས་མི་བྱེད་པ་སོགས་ཀྱི་གནད་དོན་ཅན་གྱི་རིགས་ནི་འདེམས་བསྐོའི་ཁྲོད་མི་འཚམ་པ་རེད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།