ཀྲུང་གོ་བོད་ཀྱི་དྲ་བ།

ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་རྒྱུན་ཤེས་ངོ་སྤྲོད།(གསུམ)

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།     སྤེལ་དུས། : 2019-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གསུམ། ནག་འཇོམས་ངན་སེལ་སྐོར་གྱི་ཤེས་བྱ།

(དང་པོ། )རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དེ་དུས་ནམ་ཞིག་ལ་འགོ་བརྩམས་པ་རེད།

2018ལོའི་ཟླ1ཚེས23ཉིན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དངོས་སུ་འགོ་བརྩམས་པ་རེད།

(གཉིས་པ།)ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི“སྤྱིའི་འཆར་གཞི”ནི་ཅི་ཞིག་ཡིན་ནམ།

རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ནི2018ལོའི་ཟླ1ནས་འགོ་བརྩམས་ཏེ2020ལོའི་ལོ་མཇུག་ལ་མཇུག་བསྡུ་རྒྱུ་ཡིན་ཞིང་། དུས་ཡུན་ལོ3ཡིན།

2018ལོར་སྐབས་འཕྲད་བཅོས་སྐྱོང་བྱེད་པ། ནག་ཚོགས་ངན་རུལ་རྩ་འཛུགས་སྐོར་ཞིག་མེད་པར་གཏོང་རྒྱུ་ནས་འགོ་བརྩམས་ཏེ། ནག་ཚོགས་སྟོབས་ཤུགས་ཀྱི“འགེབས་སྲུང་མཁན”སྐོར་ཞིག་ལ་ཁྲིམས་ཆད་གཅོད་པ། ནག་ཚོགས་སྟོབས་ཤུགས་ཀྱི་ཁྲིམས་འགལ་ནག་ཉེས་གནད་དོན་ཐད་ལ་ཚོད་འཛིན་བྱེད་པར་ཕན་ནུས་ཐོན་པ་བྱ་རྒྱུ།

2019ལོར་རྩ་བའི་ཆ་ལ་བཅོས་སྐྱོང་བྱེད་པ། རྩད་གཅོད་བྱས་ཟིན་པའི་གྱོད་དོན་རེ་རེ་སྔོག་འདོན་བྱས་ཏེ་མཁྲེགས་གཏོར་ཕར་རྒོལ་གྱིས་རྩ་བའི་ཆ་ལ་ཁོང་དུ་ཆུད་པ་བྱས་ནས། མི་དམངས་མང་ཚོགས་ལ་བདེ་འཇགས་ཀྱི་ཚོར་བ་ཡོད་པ་དང་ཡིད་ཚིམས་པའི་ཚད་ཡང་མཐོར་འདེགས་སུ་གཏོང་དགོས།

2020ལོར་ངོ་བོའི་ཆ་ལ་བཅོས་སྐྱོང་བྱེད་པ། ཕན་ནུས་ངེས་ཅན་ཐོན་ཐུབ་པའི་སྒྲིག་གཞི་འཐུས་ཚང་ཅན་འཛུགས་ཏེ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱིས་ནག་ཚོགས་རྨེག་མེད་དུ་གཏོང་བའི་རྒྱལ་ཁ་ལེན་དགོས།

(གསུམ་པ།)ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་གོ་དོན་གལ་ཆེན་ནི་ཅི་ཞིག་ཡིན་ནམ།

སྤྱི་ཚོགས་ཀྱི་གནས་བབ་བརྟན་འཇགས་དང་རྒྱལ་ཁབ་ཀྱི་ཡུན་རིང་འཕེལ་རྒྱས་ལ་འབྲེལ་བ་ཡོད་པ།

མི་སེམས་ཀྱི་འཁོར་ཕྱོགས་དང་གཞི་རིམ་གྱི་སྲིད་དབང་སྲ་བརྟན་ལ་འབྲེལ་བ་ཡོད་པ།

རླབས་ཆེ་བའི་འཐབ་རྩོད་སྤེལ་བ་དང་རླབས་ཆེ་བའི་བཟོ་སྐྲུན་འཛུགས་སྐྲུན། རླབས་ཆེ་བའི་བྱ་གཞག་ལ་སྐུལ་འདེད། རླབས་ཆེ་བའི་ཕུགས་འདུན་མངོན་འགྱུར་བཅས་ལ་འབྲེལ་བ་ཡོད།

(བཞི་པ།)ནག་འཇོམས་ངན་སེལ་གྱི་ཁྱད་ཆོས་གཙོ་བོ་ནི་ཅི་ཞིག་ཡིན་ནམ།

མཐོ་བ་རྒྱལ་ཁབ་ཀྱི་འཐབ་ཇུས་བར་འཕར་ཡོད་ལ། འཐབ་རྩོད་ཀྱི་ཁ་གཏད་ཡུལ་སྔར་ལས་རྒྱ་ཆེ་ཞིང་འཐབ་རྩོད་ཀྱི་བྱེད་ཐབས་སྔར་ལས་ཕུན་སུམ་ཚོགས་པ་མ་ཟད། ཁྲིམས་བསྟུན་རྡུང་རྡེག་ལ་སྔར་ལས་ཤུགས་སྣོན་བྱས་ཡོད།

(ལྔ་པ།)ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་གཞི་རྩའི་རྩ་དོན་ནི་ཅི་ཞིག་ཡིན་ནམ།

“རྒྱུན་འཁྱོངས་བྱེད་དགོས་པ་ལྔ།”

ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་གནས་བབ་ལེགས་པོ་འདོན་སྤེལ་བྱེད་པ།

མི་དམངས་ཀྱི་གྲུབ་ཆའི་གོ་གནས་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ལ་རྟེན་ས་བརྟན་པོ་བཟོ་པ།

ཕྱོགས་བསྡུས་བཅོས་སྐྱོང་ལ་རྒྱུན་འཁྱོངས་བྱས་ཏེ། དམ་འཛིན་དང་བདག་དོམ་ཟུང་འབྲེལ་བྱེད་པ།

ཁྲིམས་བསྟུན་ཁྲིམས་ཆད་ནན་མོ་རྒྱུན་འཁྱོངས་བྱས་ཏེ། མེ་སྟག་ཆུང་དུས་མེད་པར་བཟོ་བ།

མ་དཔེ་གཅིག་ལྕོགས་རྒྱུན་འཁྱོངས་བྱས་ཏེ། འགོ་ཁུངས་ལ་བཅོས་སྐྱོང་བྱེད་པ།

(དྲུག་པ།)“ནག་འཇོམས་ངན་སེལ”ཁྲོད་ཀྱི“ནག”དང“ངན”ཞེས་པ་དེས་བསྟན་དོན་ཅི་ཞིག་ཡིན་ནམ།

“ནག”ནི་སྤྱི་ཚོགས་སྟེང་གི་ནག་ཕྱོགས་ངོ་བོའི་རྩ་འཛུགས་ཡིན།

“ངན”ནི་ངན་ཕྱོགས་སྟོབས་ཤུགས་དང་ངན་ཕྱོགས་སྟོབས་ཤུགས་ཀྱི་ཉེས་ཅན་སྡེ་ཁག་ཡིན།

(བདུན་པ།)“སྤྱི་ཚོགས་སྟེང་གི་ནག་ཚོགས་ངོ་བོའི་རྩ་འཛུགས”ལ“ཁྱད་ཆོས་མི་འདྲ་བ་བཞི”ཡོད་པ་དེ་གང་དག་ཡིན་ནམ།

1.རྩ་འཛུགས་ཀྱི་ཁྱད་ཆོས། རྩ་འཛུགས་ཅུང་བརྟན་པོ་ཡིན་ལ་མི་གྲངས་མོད་པ། དེ་མིན་རྩ་འཛུགས་མཁན་ཡང་གསལ་བོ་ཞིག་ཡོད་པ།

2.དཔལ་འབྱོར་གྱི་ཁྱད་ཆོས། བྱེད་ཐབས་ཚུལ་མིན་ལ་བརྟེན་ནས་འཐོབ་པའི་ཁེ་སྤོགས་ལས་དཔལ་འབྱོར་གྱི་དངོས་ཤུགས་ངེས་ཅན་ཞིག་ཡོད་པ།

3.བྱ་སྤྱོད་ཀྱི་ཁྱད་ཆོས། གཏུམ་སྤྱོད་དང་འཇིགས་སྐུལ་གྱི་བྱེད་ཐབས་སྤྱད་དེ། ངན་ཕྱོགས་ཀྱི་བྱ་སྤྱོད་མང་པོ་སྒྲུབ་ཡོད་པ།

4.གནོད་འཚེ་རང་བཞིན་གྱི་ཁྱད་ཆོས། དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་གོ་རིམ་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པ།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།