ཀྲུང་གོ་བོད་ཀྱི་དྲ་བ།

ཁྱིམ་ཚང་གི་བཅའ་ཁྲིམས་སྐོར། ( གཅིག)

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།     སྤེལ་དུས། : 2019-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“བདེ་འཇགས་ཁྱིམ་ཚང”གསར་འཛུགས་བྱེད་པའི་ཚད་གཞི།

རྫོང་རིམ་པ་དང་པོས་གཙོ་བོ“ཁོར་ཡུག་ལྔ”དང“དགོས་པ་ལྔ”གསར་སྐྲུན་བྱེད་དགོས། “ཁོར་ཡུག་ལྔ”ནི་བརྟན་འཇགས་དང་གོ་རིམ་ལྡན་པའི་བདེ་འཇགས་ཁོར་ཡུག་དང་། མཛེས་སྡུག་དཔལ་ཡོན་གྱི་གཞིས་ཁུལ་ཁོར་ཡུག དྲང་བཞག་དྲང་བདེན་གྱི་ཁྲིམས་སྐྱོང་ཁོར་ཡུག ཡིད་རྟོན་མཛའ་བརྩེ་གཅེས་སྐྱོང་གི་མིའི་འབྲེལ་བའི་ཁོར་ཡུག བདེ་འཇགས་བདེ་ཐང་ངང་འཚར་ལོངས་བྱུང་སའི་ཁོར་ཡུག་བཅས་ཡིན། “དགོས་པ་ལྔ”ནི་བུད་མེད་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་ཐད་གཏོང་ཁ་པར་དགོས། བུད་མེད་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་གྲོས་མཐུན་ཁྲིམས་ར་དགོས། བུད་མེད་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་དང་བླངས་མཁན་གྱི་རུ་དཔུང་དགོས། ཡིག་བསྐུར་ངོ་གཏུག་སྣེ་ལེན་ས་ཚིགས་དགོས་ཤིང་། ཆ་རྐྱེན་ལྡན་པའི་ས་ཁུལ་གྱིས་བུད་མེད་ཀྱི་མྱུར་སྐྱོབས་རོགས་སྒྲུབ་ས་ཚིགས་གསར་འཛུགས་བྱེད་དགོས་པ་བཅས་ཡིན།

དེ་ཡང་སྲང་ལམ(ཤང་དང་གྲོང་རྡལ)གཞིས་ཁུལ(སྡེ་བ)བཅས་ཀྱིས་བརྩོན་པ་སྐྱེད་དེ“གཙང་སེལ་ལྔ་དང་རོགས་རམ་ལྔ”སྒྲུབ་དགོས། “གཙང་སེལ་ལྔ་དང་རོགས་རམ་ལྔ”ནི་འཁོར་རྒྱུག་མི་སྣའི་ཁ་གྲངས་གཙང་སེལ་བྱེད་པ། ཁྲིམས་འགལ་ཉེས་ཅན་མི་སྣའི་ཁ་གྲངས་གཙང་སེལ་བྱེད་པ། དུག་འཐེན་མི་སྣའི་ཁ་གྲངས་གཙང་སེལ་བྱེད་པ། ལས་ཤོར་ཁོམ་པ་ཅན་གྱི་ན་གཞོན་དག་གི་ཁ་གྲངས་གཙང་སེལ་བྱེད་པ། ཁྱིམ་ཚང་དབུལ་བོའི་ཁ་གྲངས་གཙང་སེལ་བྱེད་པ་བཅས་ཀྱིས་འགལ་ཟླའི་བར་འདུམ་ལེགས་པོ་བྱས་ཏེ། ཁྱིམ་ཚང་གི་གཏུམ་སྤྱོད་ཞུ་གཏུག་དང་སྙན་གསེང་། བཅའ་ཁྲིམས་ཀྱི་རོགས་སྒྲུབ། སེམས་ཁམས་ཐད་ཀྱི་འདྲི་རྟོག དཀའ་ཁག་ཅན་ལ་རོགས་སྐྱོར་བྱེད་པ་བཅས་ཀྱི་བདག་དབང་སྲུང་སྐྱོབ་ཞབས་ཞུ་སྒྲུབ་དགོས།

ཁྱིམ་ཚང་ཁྲོད་དུ་ཡང“འདུ་ཤེས་ལྔ”དང“གཏན་འགོག་ལྔ་ནས་མེད་པ་ལྔ”“གསུམ་བཟང་གསུམ་གཅེས”“གསར་གཏོད་བཅུ་ཡི་ཁྱིམ་ཚང”གི་བྱ་འགུལ་སྤེལ་དགོས། “འདུ་ཤེས་ལྔ”ནི་ཁྱིམ་ཚང་གི་ཁོངས་མི་དག་གིས་བཅའ་ཁྲིམས་ཤེས་རྟོག་དང་བཅའ་ཁྲིམས་བརྩི་སྲུང་བྱེད་པའི་འདུ་ཤེས། བདེ་འཇགས་འགོག་སྲུང་གི་འདུ་ཤེས། བདེ་ཐང་ཤེས་ཡོན་གྱི་འདུ་ཤེས། འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས། ཕོ་མོ་འདྲ་མཉམ་གྱི་འདུ་ཤེས་བཅས་ཡིན།

“གཏན་འགོག་ལྔ་ནས་མེད་པ་ལྔ”ནི་བརྐུ་འཚོང་གཏན་འགོག་དང་འཕྲོག་བཅོམ་བརྐུ་འཁྱེར་གཏན་འགོག འགལ་རྐྱེན་མི་ལེགས་པ་གཏན་འགོག་དང་ལོ་ཆུང་དག་གིས་ནག་ཉེས་བཟོ་པ་གཏན་འགོག ལོག་ཆོས་རྨོངས་དད་གཏན་འགོག་བཅས་ཡིན། དུག་རྫས་མེད་པ་དང་རྒྱལ་འཇོག་མཁན་མེད་པ། གཏུམ་སྤྱོད་མེད་པ། ཨེ་ཙིའི་ནད་མེད་པ་བཅས་ཡིན། “གསུམ་བཟང་གསུམ་གཅེས”ནི་སྤྱི་དམངས་བཟང་པོ་དང་ཨ་མ་བཟང་པོ། ཆུང་མ་བཟང་པོ། མེས་རྒྱལ་ལ་གཅེས་སྤྲས་དང་གཉེན་ཉེ་ལ་གཅེས་སྤྲས། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཅས་ཡིན། “གསར་གཏོད་བཅུ་ཡི་ཁྱིམ་ཚང་”ནི་བཅའ་ཁྲིམས་ལ་སློབ་སྦྱོང་དང་བཅའ་ཁྲིམས་བཀོལ་ཏེ་ཁྲིམས་འགལ་མི་བྱེད་པའི་བཅའ་ཁྲིམས་བརྩི་སྲུང་བྱེད་པའི་ཁྱིམ་ཚང་། ཤེས་ཡོན་སྤྱོད་བཟང་གི་སྒྲིག་སྲོལ་ལ་བརྟེན་ནས་ཀུན་སྤྱོད་གསར་སྐྲུན་བྱེད་པའི་ཁྱིམ་ཚང་། འགལ་ཟླ་ཞི་འཇགས་དང་གཏུམ་སྤྱོད་མེད་པའི་མཛའ་བརྩེ་ཞི་མཐུན་གྱི་ཁྱིམ་ཚང་། བདག་ཉིད་ལ་སྲུང་སྐྱོབ་བྱེད་པའི་བདེ་འཇགས་ཀྱི་ཁྱིམ་ཚང་། ཚན་རིག་དར་སྤེལ་དང་ཀུན་སྤྱོད་བརྩི་སྲུང་བྱེད་པའི་དཔལ་ཡོན་ཅན་གྱི་ཁྱིམ་ཚང་། ཆེ་བཀུར་ཆུང་བྱམས་དང་ཉམ་ཐག་ལ་རོགས་རམ་བྱེད་པའི་གཅེས་སྤྲས་ཅན་གྱི་ཁྱིམ་ཚང་། བསམ་བློ་ཕུན་སུམ་ཚོགས་ཤིང་དམངས་ཀྱི་བྱས་རྗེས་བསམ་པའི་འབྱོར་ལྡན་ཁྱིམ་ཚང་། སྤྱི་ཕན་ལ་ཞུགས་སྟེ་བརྩེ་སེམས་འབུལ་བའི་བརྩེ་སེམས་ཅན་གྱི་ཁྱིམ་ཚང་། ཁྲིམས་བསྟུན་བདག་དབང་བརྩི་སྲུང་བྱེད་པའི་ཤེས་དཔལ་ཅན་གྱི་ཁྱིམ་ཚང་། འཕྲོད་བསྟེན་དང་བདེ་སྲུང་གཙོ་བོར་འཛིན་པའི་བདེ་ཐང་གི་ཁྱིམ་ཚང་།

གཅིག “བདེ་འཇགས་ཁྱིམ་ཚང”གསར་འཛུགས་བྱེད་པའི་བྱ་བའི་ཁྲོད་ཅིའི་ཕྱིར་ཁྱིམ་ཚང་གི་འགལ་ཟླའི་རྩོད་གླེང་དེ“དམངས་དོན་ནས་ཉེས་དོན”ལ་འགྱུར་བའི་གྱོད་དོན་གལ་ཆེན་སྔོན་འགོག་བྱེད་པ་ནན་བཤད་བྱེད་དགོས་སམ། (དགོས་གལ་རང་བཞིན་དང་ལག་བསྟར་རང་བཞིན)

(དང་པོ།)ཁྱིམ་ཚང་གི་འགལ་ཟླའི་རྩོད་གླེང་དེ“དམངས་དོན་ནས་ཉེས་དོན”ལ་འགྱུར་བའི་གྱོད་དོན་གལ་ཆེན་སྔོན་འགོག་བྱེད་པ་དེ་ནི་བུད་མེད་དག་འཚུབ་ཆ་ལངས་དགོས་པ་ཞིག་ཡིན།

གནས་བབ་ལ་ཛ་དྲག་ཆེ་དུས་གྱོད་དོན་དེའི་ཁྲོད་གནོད་འཚེ་ཕོགས་མཁན་གཙོ་བོ་ནི་བུད་མེད་མང་ཚོགས་ཡིན།

གྱོད་དོན་དེ་སྔོན་འགོག་བྱེད་རྒྱུ་ནི་བུད་མེད་ཚང་མའི་གཞི་རྩའི་རེ་འདུན་ཡིན་ལ་ཁྱིམ་ཚང་བདེ་འཇགས་འོངས་བའི་ཆེས་རྩ་བའི་དགོས་མཁོ་ཡང་ཡིན།

(གཉིས་པ།)ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་ལྷན་ཚོགས་ཀྱིས་ཧུར་ཐག་སྒོས་ཁྱིམ་ཚང་གི་རྩོད་གླེང་སྔོན་འགོག་ཞི་འཇགས་བྱ་བ་སྒྲུབ་པའི་བླང་བྱ་བཏོན་ནས། གྱོད་དོན་གལ་ཆེན་སྔོན་འགོག་བྱེད་རྒྱུ་དེ་ནི་ཏང་སྲིད་བྱ་བའི་དགོས་མཁོ་ཡིན།

རེ་འདུན། 1

ཁྱིམ་ཚང་གི་རྩོད་གླེང་ཁོངས་སུ་འདུས་པའི་ནང་ཁུལ་གྱི་འགལ་ཟླའི་རྩོད་གླེང་ཞི་འཇགས་སུ་གཏོང་བའི་བྱ་བ་དེ་ནི་སྤྱི་ཚོགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་གི་ནང་དོན་གལ་ཆེན་ཐད་ལ་སྒྲིག་སྲོལ་རང་བཞིན་གྱི་བཀོད་སྒྲིག་ལེགས་པོ་བྱེད་དགོས། བུད་མེད་ལྷན་ཚོགས་རྩ་འཛུགས་ཀྱིས་ཡང་དག་པའི་སྒོ་ནས་ཁྱིམ་ཚང་དང་གཞིས་ཁུལ་གྱི་བྱ་བའི་ལེགས་ཕྱོགས་བླང་བྱ་གསལ་བོར་བཟོས་ནས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དང་མཉམ་དུ་ཁྱིམ་ཚང་གི་རྩོད་གླེང་དེ་མི་དམངས་བར་འདུམ་ལྷན་ཚོགས་ལ་བར་འདུམ་བྱེད་པར་སྐུལ་འདེད་བྱེད་པ། ཤང་གྲོང་རྡལ(སྲང་ལམ་དོན་གཅོད་ཁང་།)བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བུད་མེད་དང་བྱིས་པའི་བདག་དབང་ལ་སྲུང་སྐྱོབ་ལྟེ་གནས་དང་ཁྱིམ་ཚང་གི་རྩོད་གླེང་བར་འདུམ་ཁང་། དེ་མིན་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་གྱོད་དོན་སོགས་ལ་རོགས་སྒྲུབ་བྱེད་དགོས།

རེ་འདུན2

སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་བབ་བསྟུན་གྱི་རང་འགན་ཕྲག་ལ་བླངས་ནས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཧུར་ཐག་སྒོས་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཁྲོད་ཟབ་ཞུགས་བྱེད་པ། རང་འགུལ་སྒོས་ཁྲིམས་འགལ་སྒྲིག་འགལ་བྱ་བ་སྔོན་འགོག་དང་ཇེ་ཉུང་དུ་བཏང་ནས། སྤྱི་ཚོགས་ཀྱི་བཅོས་སྐྱོང་དང་སྤྱི་ཚོགས་གཏན་འཇགས་ཀྱི་འགན་འཁྲི་ལ་སྲུང་སྐྱོབ་བྱེད་དགོས། ནན་ཏན་སྒོས་སྡེ་ཁག་དང་ལས་ཁུངས་རང་གི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་སྒྲུབ་ནས། ལས་བྱེད་མི་སྣ་དང་མཉམ་དུ་འཆར་འགོད་བྱེད་པ་དང་བཀོད་སྒྲིག་བྱེད་པ། ཞིབ་བཤེར་བྱེད་པ། དངོས་འབེབས་བྱེད་པ་བཅས་ཀྱི་འགན་འཁྲི་ལག་ལེན་མཐར་ཕྱིན་ནན་ཏན་བྱ་དགོས།

(གསུམ་པ།)ཁྱིམ་ཚང་གི་རྩོད་གླེང་སྔོན་འགོག་ནུས་ལྡན་བྱེད་རྒྱུ་ནི་བུད་མེད་ལྷན་ཚོགས་ཀྱི་འགན་ནུས་ཡིན།

བུད་མེད་ལྷན་ཚོགས་རྩ་འཛུགས་ཀྱིས་ཁྱིམ་ཚང་གི་བྱ་བའི་ལོ་རྒྱུས་རྒྱུན་རིང་བ་དང་ཉམས་མྱོང་ཕུན་སུམ་ཚོགས་པ། བུད་མེད་མང་ཚོགས་ཀྱིས་ཡིད་ཆེས་བྱེད་པ། ཐོན་ཁུངས་ཕུན་སུམ་ཚོགས་པ། འདུ་ཤེས་སྔོན་ཐོན་ཡིན་པ། ཆེད་ལས་རང་བཞིན་ཤུགས་དྲག་པོའི་དམིགས་གསལ་གྱི་ལེགས་ཆ་ལྡན་པ་ཞིག་རྩ་འཛུགས་བྱེད་དགོས།

གཉིས། བུད་མེད་ལྷན་ཚོགས་ཀྱིས“བདེ་འཇགས་ཁྱིམ་ཚང”ཇི་ལྟར་གསར་འཛུགས་བྱས་ཏེ་ཁྱིམ་ཚང་གི་རྩོད་གླེང་སྔོན་འགོག་དང་བར་འདུམ་བཅས་ལ་སྐུལ་འདེད་ཀྱིས་འགལ་ཟླ་ལས་བྱུང་བའི་སྲོག་ཤོར་གྱོད་དོན་མི་འབྱུང་བ་བྱེད་དགོས་སམ།

(དང་པོ།)བུད་མེད་ལྷན་ཚོགས་ཀྱིས་ཁྱིམ་ཚང་དང་སྤྱི་ཚོགས་བྱ་བའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྱིམ་ཚང་གི་རྩོད་གླེང་སྔོན་འགོག་དང་ཞི་འཇགས་སུ་གཏོང་བའི་ཕན་ནུས་མཐོར་འདེགས་སུ་གཏོང་དགོས། ཁྲིམས་སྐྱོང་དྲིལ་སྒྲོག་དང་ཁྱིམ་ཚང་གི་མཛེས་པའི་ཀུན་སྤྱོད་སློབ་གསོ་ཧུར་ཐག་གིས་སྤེལ་ནས། བུད་མེད་ཀྱི་བདག་དབང་དར་སྤེལ་དང་རོགས་སྒྲུབ་བྱ་བ་སྒྲུབ་པ་ལ་ཕྱོགས་བསྡུས་སྡེ་ཁག་དང་མཉམ་འབྲེལ་སྒོས་ཁྱིམ་ཚང་གི་རྩོད་གླེང་དེ་བར་འདུམ་བྱེད་པའི་ཆེད་ལས་རང་བཞིན་གྱི་བྱ་བ་ལ་སྐུལ་འདེད་བྱེད་དགོས།

(གཉིས་པ།)བུད་མེད་ལྷན་ཚོགས་ཀྱི་གཞི་རིམ་རྩ་འཛུགས་བྱ་བའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཁྱིམ་ཚང་གི་རྩོད་གླེང་དེ“དམངས་དོན་ནས་ཉེས་དོན”ཅན་ལ་འགྱུར་བའི་གྱོད་དོན་བྱུང་བ་སྔོན་འགོག་བྱེད་པའི་བྱ་བའི་ཁྲོད་ཟབ་ཞུགས་སྒོས་ཁྱིམ་ཚང་གི་འགལ་ཟླའི་རྩོད་གླེང་ཁྲོད་ཀྱི་ཛ་དྲག་ཆེ་བའི་ས་བོན་དང་འགལ་རྐྱེན་ལ་དུས་ལྟར་རྩད་གཅོད་བྱས་ཏེ། རང་འགུལ་སྒོས་བདག་དོམ་སྡེ་ཁག་དང་ཡང་ན་གོང་རིམ་བུད་མེད་ལྷན་ཚོགས་ཀྱི་རྩ་འཛུགས་ལ་སྙན་ཞུ་བྱེད་དགོས། དུས་ལྟར་དུ་བྱེད་ཐབས་འདྲ་མིན་བཏོན་ནས་འབྲེལ་ཡོད་སྡེ་ཁག་ལ་མཉམ་འབྲེལ་སྒོས་བར་འདུམ་དང་ཁྲིམས་ལྟར་ཐག་གཅོད་བྱེད་དགོས། གནས་ཚུལ་གློ་བུར་བ་དང་རིམ་པ་རང་གིས་ཐག་གཅོད་བྱེད་དཀའ་བའི་གནད་དོན་ལ་འཕྲད་པ་ན་དུས་ལྟར་དུ་རིམ་པ་གོང་མའི་བུད་མེད་ལྷན་ཚོགས་ལ་སྙན་ཞུ་ཞུས་ནས་མཉམ་གཅིག་ཏུ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། གལ་ཏེ་གྱོད་དོན་བྱུང་རྗེས་དུས་ལྟར་ཏུ་གྱོད་དོན་བྱུང་ཡུལ་ལ་སོང་ནས་གྱོད་དོན་གྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ནས་གནོད་འཚེ་ཐེབས་པའི་མི་སྣ་དང་ས་གནས་མང་ཚོགས་ཀྱི་བདེ་འཇགས། དགེ་སྒྲུབ་བཅས་ཀྱི་བྱ་བར་རོགས་འདེགས་བྱེད་དགོས།

“གསུམ་པ།”ཡང་དག་པའི་སྒོ་ནས་གྱོད་དོན་སྔོན་འགོག་དང་ཚོད་འཛིན་གྱི་འདུ་ཤེས་བཟུང་སྟེ། སྔོན་འགོག་བྱ་བར་ཤུགས་སྣོན་བྱེད་དགོས།

1.ཕྱི་ཚུལ་ནས་བལྟས་ན་གྱོད་དོན་དེ་ལྟེས་དབང་གིས་བྱུང་བ་སྟེ། ཧོལ་རྒྱུགས་ཀྱིས་ནག་ཉེས་བཟོས་པ་ཅུང་མང་། དོན་དངོས་སུ་འགལ་ཟླ་བྱུང་ནས་དུས་ཡུན་རིང་བོ་འགོར་ཟིན་པས་དུས་ལྟར་ཤེས་རྟོག་དང་དུས་ལྟར་འགལ་སེལ་བཅས་ཀྱིས་སྐྱོ་གར་མི་འབྱུང་བའི་སྔོན་འགོག་གི་བྱ་བ་ནུས་ལྡན་སྒྲུབ་དགོས།

2.སྒྲིག་སྲོལ་ལ་རྒྱུས་མངའ་ཡོད་པའི་སྒོ་ནས་ཁ་གཏད་རང་བཞིན་གྱིས་སྤེལ་བའི་བྱ་བ་དེས་བྱེད་ནུས་འདོན་སྤེལ་ཐུབ་པ་བྱ་དགོས།

(1)གཉེན་འཐོར་དང་མཉམ་འདུག དགའ་རོགས་ལས་འགལ་བ་བཅས་ཀྱི་དབང་གིས་བྱུང་བའི་གྱོད་དོན་དེ་དམངས་དོན་ནས་ཉེས་དོན་དུ་གྱུར་བའི་གྱོད་དོན་གལ་ཆེན་གྱི་ཟིན་ཚད་ནི50%ཡིན་པས། གཉེན་སྒྲིག་དང་མཛའ་གྲོགས་ཀྱི་འདུ་ཤེས་དྲིལ་སྒྲོག་སློབ་གསོ་དང་ཁྲིད་སྟོན་ལ་ཤུགས་སྣོན་བྱེད་དགོས། དེ་དང་ཆབས་ཅིག་འཚུབ་ཆ་ཅན་གྱི་གློ་བུར་བའི་གནས་ཚུལ་འོག་ཏུ་གཏུམ་དྲག་གི་སེམས་ཁམས་དེ་ཇི་ལྟར་ཚོད་འཛིན་བྱེད་པའི་ཐབས་ཤེས་ལ་མཛུབ་སྟོན་བྱེད་དགོས།

(2)95%ཡན་གྱི་སྲོག་ཤོར་གྱོད་དོན་དེ་དག་ནི་ཞིང་གྲོང་དུ་བྱུང་བ་ཡིན་ལ། ནག་ཉེས་བཟོ་མཁན་གྱི་དོགས་ཡོད་ཉེས་ཅན་མི་སྣའི་སློབ་གསོ་མྱངས་བའི་ཆུ་ཚད་ནི་ཡོངས་ཁྱབ་ཀྱིས་ཅུང་དམའ་ཞིང་། གནོད་འཚེ་ཐེབས་པའི་མི་མང་ཤོས་ནི་གཉེན་འཐོར་བྱུང་བ་དང་སྐྱ་ཡ་ཆུང་དུས་ཚེ་ལས་འདས་པའི་དཀའ་ཁག་ཅན་གྱི་བུད་མེད་དག་ཡིན། དེའི་རྐྱེན་གྱིས་འགལ་བ་རྩད་གཅོད་དང་རྩོད་གླེང་བར་འདུམ་བཅས་ཀྱིས་དྲིལ་སྒྲོག་སློབ་གསོའི་གཙོ་གནད་དེ་ཞིང་སྡེ་དང་ཡང་ན་དཀའ་ངལ་ཅན་གྱི་བུད་མེད་ཚོགས་སྤྱི་ལ་ཁ་གཏད་དགོས།

(3)གྱོད་དོན་བྱུང་བ་ཆེས་མང་པོའི་དུས་ནི་ལོ་སར་དང་སྟོན་སྡུད་སོགས་ཞིང་བ་ལས་བཟོ་པ་དག་ཕྱིར་རང་ཡུལ་ལ་ལོག་པའི་དུས་ཡིན་པས། དུས་སྐབས་དེའི་གཞི་རིམ་གྱི་བདག་སྲུང་བྱ་བར་ཤུགས་སྣོན་བྱེད་དགོས།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།