ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུ་ནོར་བདག་དབང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དང་རྒྱུ་ནོར་ཁྲིམས་ལྟར་བདག་དབང་སྲུང་སྐྱོབ་བྱེད་སྐོར་གྱི་བསམ་འཆར། (སྟོད་ཆ)

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(2016ལོའི་ཟླ11ཚེས4ཉིན)།

ཐོན་དབང་ལམ་ལུགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་རྨང་རྡོ་ཡིན་པས་དེ་སྲུང་སྐྱོབ་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། རྒྱུ་ནོར་ཅན་ལ་བརྩོན་པ་ཆེ་ཞེས་པ་བཞིན་དུ་དཔལ་འབྱོར་གྲུབ་གཟུགས་ཀྱི་ཐོན་རྫས་བདག་དབང་འགན་ལེན་ནུས་ལྡན་དང་མངོན་འགྱུར་ཡོང་རྒྱུ་ནི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་རྨང་གཞི་ཡིན། བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་། ཐོན་དབང་ལམ་ལུགས་བཅོས་བསྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བར་བརྟེན་རང་རྒྱལ་གྱི་ཁོངས་གཏོགས་ཁ་གསལ་དང་། འགན་དབང་ཁ་གསལ་དང་། སྲུང་སྐྱོང་ནན་པོ་དང་འཁོར་རྒྱུག་ཐོགས་མེད་བཅས་དེང་རབས་ཀྱི་ཐོན་དབང་ལམ་ལུགས་དང་རྒྱུ་ནོར་བདག་དབང་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས་སྒྲོམ་གཞི་གཞི་རྩའི་ཆགས་ཡོད་པ་དང་། སྤྱི་ཚོགས་ཡོངས་ཀྱི་རྒྱུ་ནོར་བདག་དབང་སྲུང་སྐྱོབ་ཀྱི་འདུ་ཤེས་ཆེ་རུ་བཏང་ནས་སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།

དུས་མཚུངས་སུ་རང་རྒྱལ་གྱི་བདག་དབང་སྲུང་སྐྱོབ་ལ་སྔར་བཞིན་མི་འདང་ས་ཆད་ལྷག་གི་སྐྱོན་ལྡན་ཏེ། དེ་ནི་རྒྱལ་དབང་ཐོན་དབང་གི་བདག་དབང་དང་ངོ་ཚབ་མཁན་བར་གྱི་འབྲེལ་བ་གསལ་བོ་མིན་པ། ནང་ཁུལ་ནས་མིར་ཚོད་འཛིན་བྱེད་པ། འབྲེལ་ཚོང་སོགས་རྐྱེན་གྱིས་དབང་གིས་རྒྱལ་དབང་རྒྱུ་ནོར་ཤོར་བ་ལ་སོགས་ཀྱི་གནད་དོན་ཡོད། གཞུང་དབང་བེད་སྤྱོད་དེ་སྒེར་དབང་རྒྱུ་ནོར་གནོད་འཚེ་དང་ཁྲིམས་འགལ་གྱིས་དམངས་གཉེར་ཁེ་ལས་རྒྱུ་ནོར་སྒོ་རྒྱ་ཐེལ་གནོན་དང་བཙན་ཉར་བསྡམས་བཅད་སོགས་ཀྱི་སྣང་ཚུལ་རྒྱུན་དུ་བྱུང་རྒྱུ་ཡོད་ལ། ཤེས་བྱའི་ཐོན་དབང་སྲུང་སྐྱོང་ནུས་ལྡན་མིན་པས་གནོད་འབྱུང་སླ་བ་བཅས་གནད་དོན་འདི་དག་ཐག་གཅོད་བྱེད་པར་ངེས་པར་དུ་རྒྱུ་ནོར་བདག་དབང་སྲུང་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར་ཇེ་མགྱོགས་བཏང་བ་དང་། ཁྲིམས་ལྟར་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་གྱི་རྩ་འཛུགས་དང་སྤྱི་དམངས་ཀྱི་རྒྱུ་ནོར་བདག་དབང་ནུས་ལྡན་སྲུང་སྐྱོང་བྱས་ཏེ། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་དང་རྒྱུ་ནོར་བདེ་འཇགས་ཚོར་སེམས་དང་། སྤྱི་ཚོགས་ཀྱི་ཡིད་ཆེས་ཇེ་དྲག་ཏུ་བཏང་སྟེ་སྔོན་དཔག་ཡག་པོ་ཆགས་དགོས། དཔལ་འབྱོར་གྲུབ་ཆ་གཙོ་བོ་སྣ་ཚོགས་ཀྱི་གསར་འབྱེད་གསར་གཏོད་ཀྱི་སྒུལ་ཤུགས་གསར་བ་ཇེ་དྲག་ཏུ་བཏང་ནས། སྤྱི་ཚོགས་འདྲ་མཉམ་གཞུང་དྲང་སྲུང་སྐྱོང་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་བྱ་དགོས། ད་ལྟ་རྒྱུ་ནོར་བདག་དབང་སྲུང་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། ཁྲིམས་ལྟར་ཐོན་དངོས་བདག་དབང་སྲུང་སྐྱོང་བྱས་པར་གཤམ་གསལ་བསམ་འཆར་འདོན་དགོས།

གཅིག སྤྱིའི་བླང་བྱ།

ཐོན་དངོས་བདག་དབང་སྲུང་སྐྱོང་ཤུགས་སྣོན་བྱེད་པའི་གཞི་རྩའི་ཐབས་ཇུས་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་བ། དྲུག་པའི་དགོངས་དོན་ལ་ལག་བསྟར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་ སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར། “ཕྱོགས་ལྔ་གཞི་གཅིག” སྤྱིའི་བཀོད་སྒྲིག་ལ་ གཅིག་གྱུར་འཆར་འགོད་སྐུལ་འདེད་གཏོང་རྒྱུ་དམ་པོར་དམིགས་ནས། “ཁྱོན་ཡོངས་བཞི” འཐབ་ཇུས་ཀྱི་བཀོད་པ་མཐུན་སྦྱོར་ངང་སྐུལ་སྤེལ་གཏོང་དགོས། འཕེལ་རྒྱས་གསར་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱ་དགོས། རིམ་བཞིན་འདོན་སྤྲོད་ལོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་སྤེལ་བཏང་སྟེ། དེང་རབས་ཀྱི་ཐོན་དབང་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་ནས། ཐོན་དབང་སྲུང་སྐྱོང་བྱ་རྒྱུ་ཁྲིམས་ལུགས་ཅན་དུ་སྐུལ་འདེད་གཏོང་དགོས། ཐོན་དངོས་བདག་དབང་སྲུང་སྐྱོང་བྱེད་པའི་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་སོགས་ལ་འབྲེལ་བའི་ཕྱོགས་སོ་སོ་དང་གོ་རིམ་ཁག་ཐད་ཁྲིམས་སྐྱོང་འདུ་ཤེས་མཚོན་པ། དེའི་ཕྱིར་གཤམ་གསལ་གྱི་རྩ་དོན་མཐའ་འཁྱོངས་བྱ་དགོས།

འདྲ་མཉམ་སྲུང་སྐྱོང་བྱ་རྒྱུ། འདྲ་མཉམ་སྲོག་ཤིང་རྩ་དོན་བྱས་པའི་རྒྱུ་ནོར་བདག་དབང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་བཏང་ནས། འགྱུར་བ་སྤུ་ཙམ་མེད་པའི་སྒོ་ནས་སྲ་བརྟན་དང་སྤྱི་ལ་དབང་བའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། གཡོ་འགུལ་སྤུ་ཙམ་མེད་པར་སྤྱི་ལ་དབང་བའི་དཔལ་འབྱོར་བསྔགས་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས། སྤྱི་ལ་དབང་བའི་དཔལ་འབྱོར་རྒྱུ་ནོར་བདག་དབང་ལ་བཙན་གནོད་གཏོང་མི་རུང་། སྤྱི་ལ་དབང་བ་མིན་པའི་དཔལ་འབྱོར་གྱི་བདག་དབང་དེ་དང་འདྲ་བའི་བཙན་གནོད་གཏོང་མི་རུང་།

ཕྱོགས་ཡོངས་ནས་སྲུང་སྐྱོང་། ཐོན་དངོས་བདག་དབང་སྲུང་སྐྱོང་བྱེད་པ་ནི་རྒྱུ་དངོས་བདག་དབང་སྲུང་སྐྱོང་དང་། བུན་དབང་། མ་རྐང་འཛིན་དབང་བཅས་འདུས་པ་མ་ཟད་ད་དུང་ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོང་དང་དེ་བཞིན་སྣ་ཚོགས་གཟུགས་མེད་ཀྱི་བདག་དབང་འདུས།

ཁྲིམས་ལྟར་སྲུང་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་བཅའ་ཁྲིམས་ལམ་ལུགས་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས། བཅའ་ཁྲིམས་ལག་བསྟར་ཇེ་དྲག་ཏུ་བཏང་སྟེ། ཁྲིམས་གཞི་འཛིན་ས་ཡོད་པ་དང་ཁྲིམས་བཟོས་ཕྱིན་ངེས་པར་དུ་བརྩི་སྲུང་བྱེད་དགོས་པར་འགན་ལེན་བྱ་དགོས།

ཐུན་མོང་ཞུགས་པ་རྒྱུན་འཁྱོངས་བྱས། སྲིད་གཞུང་གི་ཡིད་རྟོན་དང་མང་ཚོགས་ཞུགས་པ་དང་ཟུང་འབྲེལ་བྱས་ཏེ། ཁྲིམས་སྐྱོང་སྲིད་གཞུང་དང་། འགན་ཁུར་སྲིད་གཞུང་། ཡིད་རྟོན་སྲིད་གཞུང་བཅས་འཛུགས་སྐྲུན་བྱས་ནས། སྤྱི་དམངས་ཀྱི་ཐོན་དབང་སྲུང་སྐྱོང་འདུ་ཤེས་དང་གན་རྒྱའི་འདུ་ཤེས་སྤྱི་ཚོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བྱ་དགོས།

རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱས། ཕུགས་ལ་དམིགས་ནས། དེ་འཕྲལ་ལ་ཤུགས་བརྒྱབ་ཏེ། ཐོན་དབང་སྲུང་སྐྱོང་ཐད་གནས་པའི་མངོན་གསལ་དོད་པོའི་གནད་དོན་ཐག་གཅོད་གང་མགྱོགས་བྱས་ཏེ། ཐོན་དངོས་བདག་དབང་སྲུང་སྐྱོང་བྱེད་པའི་ཡང་དག་བྱེད་ཚད་མཐོ་རུ་གཏོང་དགོས་པ་དང་། རྒྱུ་ནོར་བདག་དབང་སྲུང་སྐྱོབ་ཕུགས་ཕན་ལམ་སྲོལ་མགྱོགས་སུ་སྐྲུན་པ་དང་། རིགས་ཁག་གི་དཔལ་འབྱོར་གྲུབ་ཆ་གཙོ་བོའི་གསོན་ཤུགས་དང་གསར་གཏོད་ནུས་པ་འདོན་སྤེལ་བྱ་དགོས།

གཉིས། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་གྱི་ཐོན་དངོས་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་བྱ་དགོས།

རྒྱལ་དབང་ཁེ་ལས་དང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་གཏོང་བ་དང་། གཞུང་དབང་རྒྱུ་ནོར་བདག་དབང་དབང་མཁན་དང་ངོ་ཚབ་ཀྱི་འབྲེལ་བ་ཁ་གསལ་བཟོས་ཏེ། རྒྱལ་དབང་ཁེ་ལས་མ་རྐང་འཛིན་དབང་སྣ་མང་ཅན་དང་ཀུང་སིའི་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་་སྐུལ་འདེད་གཏོང་བ་དང་། ནོར་དོན་དང་། ཉོ་སྒྲུབ་དང་ཕྱིར་ཚོང་། མ་དངུལ་འཇོག་པ་སོགས་ལ་འབྲེལ་བ་ཡོད་པའི་ནང་ཁུལ་གྱི་ལྟ་སྐུལ་ལམ་ལུགས་དང་ནང་ཁུལ་གྱི་ཚོད་འཛིན་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། ལས་འཛིན་པ་ཚད་ལྡན་འཁོར་སྐྱོད་དང་སྤྱི་གཉེར་པའི་བང་རིམ་གྱི་ལྟ་སྐུལ་ལ་ཤུགས་སྣོན་དང་། རྒྱལ་དབང་རྒྱུ་ནོར་ཉོ་ཚོང་བྱེད་སྟངས་འཐུས་ཚང་དུ་གཏོང་དགོས། རྒྱལ་དབང་རྒྱུ་ནོར་ཐོ་འགོད་དང་། ནང་བཤུག ཞིབ་རྩིས། ཕྱིར་འཐེན་སོགས་ཀྱི་གོ་རིམ་དང་ཉོ་ཚོང་བྱེད་པའི་བྱ་སྤྱོད་ལ་ཚད་ལྡན་ནན་པོ་བྱས་ཏེ། ལམ་ལུགས་ཅན་གྱི་འགན་སྲུང་ལ་བརྟེན་ནས་རྒྱལ་དབང་ཐོན་དབང་སྲུང་སྐྱོང་ལ་སྐུལ་འདེད་བྱ་དགོས། ནང་ཁུལ་གྱི་མི་གང་འདོད་དུ་རྒྱལ་དབང་རྒྱུ་ནོར་ལ་བཀོད་པར་སྔོན་འགོག་བྱ་རྒྱུའི་རྒྱལ་དབང་རྒྱུ་ནོར་ཤོར་བར་སྔོན་འགོག་བྱ་དགོས།

ཁོངས་གཏོགས་ཁ་གསལ་དང་། འགན་དབང་ངེས་གསལ། ལྟ་སྐུལ་དོ་དམ་ནུས་ལྡན་གྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བདག་དབང་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། རང་བྱུང་ཐོན་ཁུངས་རིན་ཡོད་བེད་སྤྱོད་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རིམ་བཞིན་ཚོང་ར་སོ་སོའི་ཚོང་རའི་སྒྲིག་ལམ་དང་ཚོང་རའི་རིན་གོང་ལ་གཞིགས་ནས་ཁྲིམས་ལྟར་འདྲ་མཉམ་གྱི་ས་ཞིང་སོགས་རང་བྱུང་ཐོན་ཁུངས་བཀོལ་སྤྱོད་བྱས། གྲོང་གསེབ་ཀྱི་ཐུན་མོང་ཐོན་དབང་གཏན་འཁེལ་དང་སྲུང་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་ནས་ཐུན་མོང་གི་རྒྱུ་ནོར་ཐོན་དངུལ་ཞིབ་བཤེར་དང་། ཐོ་འགོད། ཉར་ཚགས། བཀོལ་སྤྱོད། ཐག་གཅོད་བྱེད་པའི་ལམ་ལུགས་དང་ནོར་དོན་དོ་དམ་ལ་ལྟ་སྐུལ་བཅས་ཀྱི་ལམ་ལུགས་རིགས་དབྱེ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། གྲོང་གསེབ་ཀྱི་ཐོན་དབང་འཁོར་རྒྱུག་ཉོ་ཚོང་ཚད་ལྡན་དུ་གཏོང་དགོས། ཐུན་མོང་དཔལ་འབྱོར་རྩ་འཛུགས་ནང་ཁུལ་གྱི་མི་ཉུང་ཤས་ཀྱི་བཙན་བཟུང་དང་ཁྲིམས་འགལ་གྱིས་ཐུན་མོང་གི་རྒྱུ་ནོར་ཐག་གཅོད་དང་།ཕྱིའི་མ་རྩ་ཧམ་བཟུང་དང་ཁྲིམས་འགལ་གྱིས་ཐུན་མོང་རྒྱུ་ནོར་ཚོད་འཛིན་བྱེད་པར་དངོས་སུ་སྔོན་འགོག་བྱ་དགོས།

དབང་ཆ་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་ལ་རྒྱུན་འཁྱོངས་བྱས་ཏེ། ་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྣམ་པ་སྣ་ཚོགས་གྱི་ལུགས་མཐུན་མིན་པའི་གཏན་འབེབས་མེད་པར་བཟོས་ཏེ། ལྐོག་གྱུར་མཁར་རྫོང་སྣ་ཚོགས་སེལ་ནས། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་ཁྲིམས་ལྟར་འདྲ་མཉམ་ཐོག་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་བེད་སྤྱོད་བྱེད་པ་དང་། ཡོངས་བསྒྲགས་དྲང་འདྲ་མཉམ་དྲང་གཞག་གི་ཚོང་རའི་འགྲན་རྩོད་ནང་ཞུགས་པ་དང་། འདྲ་མཚུངས་ཐོག་ཁྲིམས་ལུགས་ཀྱི་སྲུང་སྐྱོང་ཐོབ་པ་དང་ཐུན་མོང་ཐོག་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་དགོས།

གསུམ། འདྲ་མཉམ་སྲུང་སྐྱོང་ཐོན་དབང་གི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།

དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་ལས་དོན་སྐུལ་འདེད་གང་མགྱོགས་གཏོང་བ་དང་། དངོས་དབང་དང་། གན་རྒྱ། ཤེས་བྱའི་ཐོན་དངོས་བདག་དབང་བཅས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དྲང་གཞག་དང་འགལ་བའི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དོན་ཚན་གཙང་བཤེར་བྱ་རྒྱུ་དང་། འདྲ་མཉམ་སྲུང་སྐྱོབ་བྱ་རྒྱུ་དེ་ རྒྱུ་ནོར་འབྲེལ་བ་ཚད་ལྡན་དུ་གཏོང་བའི་གཞི་རྩའི་རྩ་དོན་བྱས་ཏེ། ཁེ་ལས་རྩ་འཛུགས་ཀྱི་རྣམ་པ་དང་མ་དངུལ་གཏོང་མཁན་གྱི་འགན་འཁུར་བྱེད་སྟངས་གཙོ་བོ་བྱེད་པའི་ཚོང་རའི་གྲུབ་ཆ་གཙོ་བོར་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་བཏང་ནས། དབང་བའི་ལམ་ལུགས་མི་འདྲ་བའི་རིགས་བཟོས་བའི་ཚོང་རའི་གྲུབ་ཆ་གཙོ་བོར་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལ་གཅིག་གྱུར་གྱིས་ཞིབ་འཇུག་གཙང་བཤེར་དང་རྩིས་མེད་དུ་གཏོང་རྒྱུ་དང་། སྡེ་ཁག་གི་སྒྲིག་སྲོལ་དང་ཚད་མཐུན་རང་བཞིན་གྱི་ཡིག་ཆ་ཆེད་དོན་གཙང་བཤེར་བྱས་ཏེ།འདྲ་མཉམ་གྱི་ཚོང་རའི་གྲུབ་ཆ་གཙོ་བོ་སོ་སོར་སྲུང་སྐྱོང་བྱ་དགོས།

བཞི། ལོ་རྒྱུས་ལས་ཆགས་པའི་ཐོན་དངོས་བདག་དབང་གྱོད་དོན་ཐག་གཅོད་འོས་འཚམ་བྱ་དགོས།

རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོད་ན་ངེས་པར་དུ་ཡོ་བསྲང་བྱ་དགོས། སྤྱི་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་ཐོན་དངོས་བདག་དབང་སྐོར་གྱི་རྩོད་གཞི་ཁག་གཅིག་ལ་ཞིབ་འབྱེད་ཡོ་བསྲང་བྱས་ཏེ། ཁག་གཅིག་ལ་གནོད་འཚེ་བཏང་བའི་ཐོན་དངོས་བདག་དབང་དཔེ་མཚོན་སྐོར་ཞིག་ལ་དབྱེ་ཞིབ་བྱ་དགོས། གལ་ཆེའི་རྒྱུ་ནོར་ཐག་གཅོད་བྱེད་པའི་ཐོན་དངོས་བདག་དབང་གི་རྩོད་གཞི་རྒྱུ་མཚན་ཞུ་འབུལ་གྱི་གྱོད་གཞི་དང་དམངས་གཉེར་ཁེ་ལས་དང་མ་དངུལ་འཇོག་མཁན་ཁྲིམས་འགལ་རྒྱུ་མཚན་ཞུ་འབུལ་གྱི་གྱོད་གཞི་དང་འབྲེལ་བའི་གྱོད་གཞི་ཁྲིམས་ལྟར་ཞིབ་འབྱེད་བྱ་དགོས། དངོས་གནས་ཁོངས་དོན་མི་གསལ་བ་དང་། དཔང་རྟགས་མི་འདང་བ། བཅའ་ཁྲིམས་ཀྱི་ནོར་འཁྲུལ་ཡིན་པ་བཅས་ཀྱི་གྱོད་གཞི་ཁྲིམས་ལྟར་ཡོ་བསྲང་བྱས་ནས་དོ་བདག་ལ་གྱོང་གུན་སྐྱིན་ཚབ་བྱ་དགོས ། གྱོད་དོན་ལས་སྒྲུབ་ཀྱི་སྤུས་ཚད་ཚེ་གང་གི་འགན་འཁུར་བ་དང་གྱོད་འཛོལ་འགན་འཁྲི་ལྡོག་བཤེར་བདའ་འདེད་ལམ་ལུགས་འཐུས་ཚང་དུ་བཏང་ནས། རྩ་བ་ནས་གྱོད་འཛོལ་གྱོད་གཞི་བྱུང་བར་ནུས་ལྡན་གྱི་སྔོན་འགོག་བྱ་དགོས།

ལྔ། གྱོན་དོན་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་ཐག་གཅོད་བྱས་པའི་བཅའ་ཁྲིམས་གོ་རིམ་ནན་པོ་ཚད་ལྡན་དུ་གཏོང་དགོས།

ཁྲིམས་འགལ་དང་དོགས་གནད་ཡོད་པའི་ཁེ་ལས་དང་མི་སྣའི་རྒྱུ་ནོར་ཐག་གཅོད་ལམ་སྲོལ་སྔར་བས་ཞིབ་ཚགས་སུ་གཏོང་བ་དང་། ཁྲིམས་ལྟར་ཐག་གཅོད་བྱེད་ཐབས་ཀྱི་འབྲེལ་ཡོད་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་སྟངས་གཟབ་ནན་བྱ་དགོས། སྒོ་རྒྱ་ཐེལ་གནོན་དང་བཙན་ཉར། བསྡམས་བཅད་སོགས་ཀྱི་བྱ་ཐབས་ངེས་པར་དུ་སྤྱད་དགོས་ན། ཁྲིམས་བཀོད་གོ་རིམ་ལ་ལྟར་ནན་མོ་བྱ་དགོས་པ་དང་། ཁྲིམས་ལྟར་སྒོ་རྒྱག་དགོས་པའི་ཁེ་ལས་ཀྱི་གནས་ཚུལ་ལས་གཞན་ཆ་རྐྱེན་ཆོག་པའི་གནས་ཚུལ་འོག་ཏུ་ཁེ་ལས་དགོས་ངེས་ཀྱི་འཁོར་རྒྱུག་མ་དངུལ་དང་འགྲོ་འོང་ཐོ་ཁོངས་སོར་བཞག་བྱས་ཆོག ཁེ་ལས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་སྒོའི་གནོད་པ་ཆེས་དམའ་རུ་གཏོང་དགོས།

སྒོ་རྒྱ་ཐེལ་གནོན་དང་། བཙན་ཉར། བསྡམས་བཅད་བྱ་ཐབས་སྤྱོད་པ་དང་གྱོད་གཞི་དང་འབྲེལ་ཡོད་ཀྱི་རྒྱུ་ནོར་ཐག་གཅོད་བྱེད་སྐབས། སྒེར་གྱི་རྒྱུ་ནོར་དང་ཁེ་ལས་ཁྲིམས་མིའི་རྒྱུ་ནོར་ལ་ཁྲིམས་ལྟར་གཟབ་ནན་སྒོས་དབྱེ་དགོས། མ་རྐང་འཇོག་མཁན་དང་། ཁེ་ལས་གཉེར་སྐྱོང་དོ་དམ་པ་སོགས་སྤྱི་དམངས་ཁྲིམས་འགལ་གྱི་བྱ་སྤྱོད་ཐག་གཅོད་བྱེད་སྐབས་དེ་སྒེར་གྱི་རྒྱུ་ནོར་ཐག་གཅོད་བྱེད་སྐབས་གང་འདོད་དུ་འབྲེལ་ཡོད་ཁྲིམས་མིའི་རྒྱུ་ནོར་ལ་འབྲེལ་ཆགས་སུ་མི་འདུག ཁེ་ལས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཐག་གཅོད་བྱེད་སྐབས་ཁྲིམས་མིའི་རྒྱུ་ནོར་མ་རྐང་འཇོག་མཁན་དང་ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་པའི་སྒེར་གྱི་ཁྲིམས་མཐུན་རྒྱུ་ནོར་ལ་གང་འདོད་དུ་འབྲེལ་ཆགས་སུ་མི་འདུག

ཁྲིམས་འགལ་གྱི་ཐོབ་ཆ་དང་ཁྲིམས་མཐུན་རྒྱུ་ནོར་གཟབ་ནན་སྒོས་དབྱེ་འབྱེད་བྱ་སོགས། གྱོད་དོན་འབྲེལ་བ་ཡོད་པའི་མི་སྣའི་སྒེར་གྱི་རྒྱུ་ནོར་དང་ཁྱིམ་མིའི་རྒྱུ་ནོར་ལ་དབྱེ་འབྱེད་དེ། ཐག་གཅོད་ཁྲིམས་འགལ་གྱི་ཐོབ་ཆའི་ཐག་གཅོད་བྱེད་སྐབས་ཁྲིམས་མཐུན་རྒྱུ་ནོར་ལ་འབྲེལ་ཆགས་མི་འདུག གྱོད་གཞི་དང་འབྲེལ་ཡོད་ཀྱི་རྒྱུ་ནོར་ཉར་ཚགས་དང་། གསལ་འབྱེད། གདེང་འཇོག ཧབ་འཚོང་། འཚོང་སྒྱུར་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ལ་དོན་དུ་ཡོངས་བསྒྲགས་གཞུང་དྲང་དང་ཚད་ལྡན་ནུས་ཆེ་བྱས་ནས། དོ་བདག་དེ་བཞིན་དེའི་གཉེན་ཉེ། མ་རྐང་འཇོག་མཁན། བུན་བདག་སོགས་འབྲེལ་ཡོད་ཕྱོགས་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ བརྩི་འཇོག་གང་ལེགས་དང་ཁྲིམས་ལྟར་སྲུང་སྐྱོང་བྱ་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།