ཀྲུང་གོ་བོད་ཀྱི་དྲ་བ།

དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག(བཞི)

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2016-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་སྒེར་གྱི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་བཅས་ལ་ལྟ་སྐུལ་བྱས་ནས་ཏང་གཤིས་ལ་དབྱེ་ཞིབ་བྱས་ཏེ། ཏང་ཡོན་གྱི་འདུ་ཤེས་དང་། ཏང་གི་འདུ་ཤེས། ཏང་གཤིས་བློ་སྦྱོང་བཅས་ཟབ་ཏུ་གཏོང་དགོས། ཏང་གཤིས་ཟབ་པོ་མེད་པའི་ཏང་ཡོན་ལ་ཆ་མཚོན་ན། དུས་ཐོག་ཏུ་སྐྱོན་བརྗོད་སློབ་གསོ་བཏང་ནས་དུས་བཀག་ལྟར་དག་ཐེར་བྱེད་དགོས། སློབ་གསོ་བཏང་ཡང་འགྱུར་ལྡོག་མི་གཏོང་བའི་རིགས་ལ་ངེས་པར་དུ་ཏང་ནང་ནས་འབུད་རྒྱུའི་ཁ་ཏ་བསླབ་བྱ་བྱེད་པའམ་ཡང་ན་མིང་ཐོ་ནས་ཕྱིར་འབུད་དགོས།

འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་རྩ་འཛུགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། ལས་ཀའི་ཁྲོད་ཀྱི་གནད་དོན་གལ་ཆེན་དང་མི་སྒེར་གྱི་འབྲེལ་ཡོད་དོན་ཚན་དག་ངེས་པར་དུ་གཏན་འབེབས་ཀྱི་གོ་རིམ་ལྟར་རྩ་འཛུགས་ལ་དགོངས་སྐོར་སྙན་སེང་ཞུ་དགོས་པ་དང་། ལས་གནས་སམ་ཡང་ན་ལས་ཀ་བྱ་ཡུལ་ནས་འབྲལ་སྐབས་སྔོན་ལ་རྩ་འཛུགས་ལ་དགོངས་སྐོར་སྙན་སེང་ཞུ་དགོས། རྒྱུ་མཚན་ལུགས་མཐུན་མེད་པར་དུས་ཐོག་ཏུ་སྙན་ཞུ་མི་བྱེད་མཁན་དང་། སྙན་ཞུ་ཇི་མ་ཇི་བཞིན་མི་བྱེད་མཁན། སྙན་ཞུ་སྦ་གསང་བྱེད་མཁན་བཅས་ཀྱི་རིགས་ལ་ཐག་གཅོད་ནན་པོ་བྱེད་དགོས།

བཅུ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་དགོས།

སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱ་རྒྱུ་ནི་རང་རེའི་ཏང་གི་གཟུགས་གཞི་ཐང་དུ་དང་ནད་གཞི་བཅོས་པ། དེ་བཞིན་གཟུགས་པོ་ཐང་པོ་ཡོང་བའི་མཚོན་ཆ་རྣོན་པོ་ཞིག་རེད་ལ། ཏང་ནང་ཁུལ་གྱི་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་བའི་བྱ་ཐབས་གལ་ཆེན་ཀྱང་རེད། དེར་བརྟེན་ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པའི་མཚོན་ཆ་རྣོན་པོ་དེ་བེད་སྤྱོད་ཡག་པོ་བྱེད་དགོས།

སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པར་ངེས་པར་དུ་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱས་ནས། ཏང་གཤིས་ལ་སྣང་ཆེན་བྱེད་པ་ལས་མི་སྒེར་གྱི་བརྩེ་དུང་ལ་སྣང་ཆེན་བྱེད་མི་རུང་བ་དང་བདེན་དོན་ལ་སྣང་ཆེན་བྱེད་པ་ལས་ངོ་སོར་སྣང་ཆེན་བྱེད་མི་རུང་། “མཐུན་སྒྲིལ་དང་། སྐྱོན་བརྗོད། མཐུན་སྒྲིལ”བཅས་མཐའ་འཁྱོངས་བྱས་ཏེ“མེ་ལོང་ལྟ་བ་དང་། ཞྭ་གོས་སྲོང་བ། ལུས་པོ་བཀྲུ་བ། ནད་གཞི་བཅོས་པ”བཅས་ཀྱི་བླང་བྱ་ལྟར། སྒམ་བརླིང་གཟབ་ནན་གྱི་སྒོ་ནས་བསམ་འཆར་འདོན་པ་དང་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་བློ་མཐུན་ཚོར་རོགས་རམ་བྱས་ནས་རང་སྐྱོན་རང་བརྗོད་བྱ་རྒྱུ་དེ་སོ་སོར་བསྟོད་བསྔགས་གཏོང་བར་མི་འགྱུར་བ་དང་། ཕན་ཚུན་སྐྱོན་བརྗོད་བྱ་རྒྱུ་དེ་ཕན་ཚུན་འུད་བསྟོད་བྱེད་པར་གཏན་ནས་འགྱུར་མི་རུང་།

ཏང་ཡོན་དང་ལས་བྱེད་པས་ངེས་པར་དུ་རང་ཉིད་ལ་དབྱེ་ཞིབ་ནན་པོ་བྱས་ནས་ཤེས་རྟོགས་ཐུབ་པའི་གནད་དོན་དག་གི་འབྱུང་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་དག་ཐེར་ནན་ཏན་བྱེད་དགོས། སྐྱོན་བརྗོད་བྱེད་སྐབས་ནོར་འཁྲུལ་ཡོད་ན་དུས་ཐོག་ཏུ་དག་ཐེར་བྱེད་པ་དང་ནོར་འཁྲུལ་མེད་ན་ལྕག་སྐུལ་བྱེད་པ་ལས། རྒྱུ་མཚན་མེད་པར་རྩོད་པ་རྒྱག་མི་རུང།

སྐྱོན་བརྗོད་བྱེད་སྐབས་ངེས་པར་དུ་སྤྱི་སེམས་འཆང་བ་ལས་རང་ཤེད་ཚ་པོ་བྱེད་མི་རུང་ལ་སྒེར་གྱི་ཁོང་ཁྲོ་ཕྱི་རུ་འབྱིན་མི་རུང་། རང་དང་འབྲེལ་བ་མེད་པའི་དོན་དག་ལ་དོ་སྣང་གཏན་ནས་མི་བྱེད་པ་དང་། ནོར་བ་ཤེས་ཀྱང་ཁ་ཉུང་ན་དགའ་ཞེས་པ་ལྟར་གྱི་འདུ་ཤེས་དང་མི་བཟང་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། རང་སྐྱོན་འགེབས་པ་དང་ནོར་བ་ཤེས་ཀྱང་སྒྱུར་བཅོས་མི་བྱེད་པ་སོགས་ཀྱི་བསམ་ཕྱོགས་ནོར་འཁྲུལ་མཐའ་གཅིག་ཏུ་ཁྱད་བསད་བྱེད་དགོས།

ཏང་གི་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་བསམ་འཆར་མི་འདྲ་བ་སྣ་ཚོགས་ཉན་ནས་འོག་རིམ་ཀྱི་གནས་ཚུལ་དངོས་ལ་ལན་གདབ་རྒྱུར་སྐུལ་ལྕག་བྱེད་དགོས། ཏང་ནང་ཁུལ་གྱི་ལས་དོན་ཚོགས་འདུའི་སྙན་ཞུ་དང་། གཏམ་བཤད། དེ་བཞིན་ལས་དོན་ཕྱོགས་སྡོམ་སྣ་ཚོགས། གོང་རིམ་ལས་ཁུངས་དང་། འགོ་ཁྲིད་ལས་བྱེད་པས་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་བཅས་བྱེད་སྐབས། གྲུབ་འབྲས་དང་ཉམས་མྱོང་ཤོད་དགོས་ལ། གནད་དོན་དང་མི་འདང་སའང་ཤོད་དགོས་པ་དང་། གནད་དོན་ཐག་གཅོད་བྱ་རྒྱུར་སྣང་ཆེན་བྱེད་དགོས་ལ། གནད་དོན་གྱི་ཁྲོད་ནས་སོ་སོའི་ལས་དོན་དང་འགོ་ཁྲིད་ཀྱི་འགན་འཁྲིར་བསམ་གཞིག་ཀྱང་བྱེད་དགོས།

འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ངེས་པར་དུ་སྣེ་ཁྲིད་དེ་གཞན་ཇུས་དགོངས་བཞེས་མགྱོགས་པ་དང་སྐད་ཆ་དྲང་པོ་ཤོད་ཕོད་པ་བྱས་ཏེ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་དཔེ་སྟོན་བྱ་སྤྱོད་ལ་བརྟེན་ནས། ཏང་ཡོན་དང་ལས་བྱེད་པའི་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་ན་ཞབས་འདྲེན་ཞུས་མི་ཡོང་ངམ་བསམ་པའི་སེམས་ཁྲལ་བྱེད་པ་དང་། གོང་རིམ་ལ་སྐྱོན་བརྗོད་བྱས་ན་འཁོན་སློག་ནག་འཛུགས་བྱས་མི་ཡོང་ངམ་བསམ་པའི་སེམས་ཁྲལ་བྱེད་པ། རིམ་པ་གཅིག་མཚུངས་ལ་སྐྱོན་བརྗོད་བྱས་ན་མཐུན་སྒྲིལ་ལ་གནོད་པ་བསྐྱལ་མི་ཡོང་ངམ་བསམ་པའི་སེམས་ཁྲལ་བྱེད་པ། འོག་རིམ་ལ་སྐྱོན་བརྗོད་བྱས་ན་འདེམས་ཤོག་འཕེན་དུས་གནོད་པ་བསྐྱལ་མི་ཡོང་ངམ་བསམ་པའི་སེམས་ཁྲལ་བྱེད་པ་སོགས་ཀྱི་དོགས་འཆར་བསལ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། རང་ངོས་ཀྱི་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱེད་པའི་ནུས་པ་དེ་འགོ་ཁྲིད་ཚན་ཁག་ལ་དཔྱད་ཞིབ་དང་གདེང་འཇོག་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་དགོས།

བཅུ་གཅིག དབང་ཆ་བེད་སྤྱོད་ཀྱི་ཚོད་འཛིན་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས།

ལྟ་སྐུལ་བྱ་རྒྱུ་ནི་དབང་ཆ་ཡང་དག་ངང་སྤྱོད་པའི་རྩ་བའི་འགན་ལེན་ཞིག་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་རྒྱུ་དང་ཚད་ལྡན་དུ་གཏོང་རྒྱུའི་བྱེད་ཐབས་གལ་ཆེན་ཞིག་རེད། དེ་བས་ངེས་པར་དུ་འགོ་ཁྲིད་ལས་བྱེད་པར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། ཏང་ནང་ཁུལ་དུ་ཚོད་འཛིན་མི་ཐུབ་པའི་དབང་ཆ་ཡོད་མི་རུང་ལ། ལྟ་སྐུལ་མི་ཐུབ་པའི་དམིགས་བསལ་ཏང་ཡོན་ཡང་ཡོད་མི་རུང་།

དབང་ཆ་བེད་སྤྱོད་ཚོད་འཛིན་དང་ལྟ་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དབང་ཆ་ཡོད་ན་ངེས་པར་དུ་འགན་འཁྲི་ཡོད་པ་དང་། དབང་ཆ་སྤྱོད་སྐབས་ངེས་པར་དུ་འགན་འཁྲི་འཁུར་ཕོད་པ། དབང་ཆར་ལྟ་སྐུལ་བྱེད་སྐབས་ངེས་པར་དུ་འགན་འཁྲི་བདའ་འདེད་གཏོང་བ་བཅས་ཀྱི་ལམ་ལུགས་ཀྱི་བཀོད་སྒྲིག་ཅིག་ཆགས་པར་བྱེད་དགོས་པ་དང་། དབང་ཆའི་གསལ་ཐོའི་ལམ་ལུགས་ལག་བསྟར་བྱེད་པ་དང་། དབང་ཆ་བེད་སྤྱོད་ཀྱི་བརྒྱུད་རིམ་དང་མཇུག་འབྲས་ཡོངས་བསྒྲགས་བྱེད་པ། དབང་ཆ་སྤྱོད་ཚུལ་འཚམ་པོ་མེད་པའི་འགན་འཁྲི་རྩད་གཅོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། དབང་ཆ་དེ་ལམ་ལུགས་ཀྱི་རླུང་ཙིའི་ནང་འཇུག་པ་དང་། དབང་ཆ་དེ་ཉི་འོད་འོག་བེད་སྤྱོད་ཡག་པོ་བྱེད་དགོས།

ཏང་གི་རིམ་ཁག་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཁྱབ་ཁོངས་ཀྱི་བྱེད་སྒོའི་ཁྲོད་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཁྲིམས་གཏན་འཁེལ་བའི་དབང་ཚད་དང་། སྒྲིག་སྲོལ། གོ་རིམ་བཅས་ལ་རང་རྟོགས་ངང་གཞིགས་ནས་ལས་དོན་བསྒྲུབས་ཏེ་གཏམ་གྱིས་ཁྲིམས་ཚབ་དང་། དབང་གིས་ཁྲིམས་གནོན། ཉེར་ཕྱོགས་ཁྲིམས་འགལ་བཅས་གཏན་ནས་བྱེད་མི་རུང་ལ། སྒྲིག་འགལ་ངང་ཁྲིམས་འཛིན་ལ་ཐེ་ཇུས་ཀྱང་གཏན་ནས་བྱེད་མི་རུང་།

ཏང་ནང་ཁུལ་གྱི་དམངས་གཙོའི་ལྟ་སྐུལ་ཁོར་ཡུག་བཏོད་དེ་ཏང་ནང་ཁུལ་གྱི་དམངས་གཙོའི་ལྟ་སྐུལ་ཐབས་ལམ་ཤར་གཏོང་བྱེད་དགོས། ཏང་གི་རིམ་ཁག་རྩ་འཛུགས་དང་ཏང་ཡོན་ཚང་མས་ལྟ་སྐུལ་འདུ་ཤེས་ཟབ་ཏུ་བཏང་སྟེ། ལྟ་སྐུལ་འགན་འཁྲི་སྒྲུབ་པ་དང་ཆབས་ཅིག་ཕྱོགས་ཁག་གི་ལྟ་སྐུལ་དང་ལེན་བྱེད་དགོས།

ཏང་ནང་ཁུལ་གྱི་ལྟ་སྐུལ་ཐད་ཏང་གི་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་ཏུ་འགོ་ཁྲིད་ལས་བྱེད་པ་གཙོ་བོ་དག་ངེས་པར་ཏུ་འབུར་དུ་ཐོན་པར་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་ལྟ་སྐུལ་ལ་ལྟ་སྟངས་ཡང་དག་བཟུང་ནས་རང་འགུལ་ངང་ལྟ་སྐུལ་དང་ལེན་དང་། ལྟ་སྐུལ་འོག་ལས་དོན་བསྒྲུབ་རྒྱུར་གོམས་པར་བྱེད་པ་ལས་ལྟ་སྐུལ་དང་ལེན་མི་བྱེད་པའམ་ལྟ་སྐུལ་ལས་གཡོལ་མི་རུང་།

འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་ཏུ་མཐོ་རིམ་ལས་བྱེད་པས་ངེས་པར་ཏུ་རང་གཅུན་ཤུགས་ཆེན་དང་། གཅིག་པུར་རང་ཞིབ། སྐྱོན་ཆ་ཆུང་ཙག་ལ་ཡང་འཛེམ་པ་བཅས་བྱས་ནས་དབང་ཆ་སྤྱོད་པ་དང་སྲིད་གཙང་སྲིད་བརྩོན་ཐད་ལྷག་པའི་གནད་དོན་ལ་རང་རྟོགས་ངང་ཞིབ་བཤེར་དང་དུས་ཐོག་ཏུ་ཡོ་བསྲང་བྱས་ཏེ། སྤྱོད་ཆོག་པའི་དབང་ཆ་དེ་སྒྲིག་སྲོལ་ལྟར་ཡང་དག་པར་སྤྱོད་པ་དང་། གོང་རིམ་རྩ་འཛུགས་ཀྱིས་སྤྱོད་འོས་པའི་དབང་ཆ་འོག་རིམ་རྩ་འཛུགས་ཀྱིས་སྤྱོད་མི་ཆོག་པ། འགོ་ཁྲིད་ཚན་ཁག་གིས་ཐུན་མོང་ཐོག་སྤྱོད་འོས་པའི་དབང་ཆ་ཚན་ཁག་གི་ཁོངས་མི་སྒེར་གྱིས་རང་དགར་མི་སྤྱོད་པ། རང་གིས་སྤྱོད་མི་འོས་པའི་དབང་ཆ་མི་སྤྱོད་པ་བཅས་བྱེད་དགོས།

སྒྲིག་འགལ་ཁྲིམས་འགལ་བྱེད་སྤྱོད་དང་འབྲེལ་བའི་ཐེར་འདོན་དང་ཏང་ཡོན་གྱིས་ཡར་ཞུ་བྱས་པའི་གནད་དོན་རིགས་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པ་སུས་ཀྱང་སྦ་གསང་བྱས་ནས་གོང་ཞུ་མི་བྱེད་པའམ་ཡང་ན་དུས་འགྱངས་བྱས་ནས་ཐག་གཅོད་མི་བྱེད་པ་བྱེད་མི་ཆོག ཡར་ཞུ་བྱས་པའི་གནད་དོན་དང་འབྲེལ་བའི་འགོ་ཁྲིད་ལས་བྱེད་པ་ཟུར་བྱོལ་བྱེད་དགོས་པ་ལས། རྩ་འཛུགས་ཀྱིས་བརྟག་ཞིབ་བྱེད་པར་ཐེ་ཇུས་བྱེད་མི་ཆོག

ཏང་ཡོན་དང་ལས་བྱེད་པས་མི་གཞན་གྱི་གནད་དོན་ཡར་ཞུ་བྱེད་པར། ཏང་གཤིས་ལྟར་བྱེད་དགོས་ཏེ། ཏང་ནང་ཁུལ་གྱི་རྒྱུན་ལྡན་ཐབས་ལམ་བརྒྱུད་དངོས་མིང་བྲིས་ནས་ཡར་ཞུ་བྱེད་དགོས་པ་ལས་མིང་མ་བྲིས་པའི་ཡི་གེ་བཀྲམ་ནས་སྙོན་འཛུགས་ཉེས་འགེལ་བྱེད་མི་ཆོག རྒྱུན་ལྡན་ཐབས་ལམ་བརྒྱུད་དེ་གནད་དོན་ཡར་ཞུ་བྱེད་མཁན་ཏང་ཡོན་ལ། རྩ་འཛུགས་དང་མི་སྒེར་སུས་ཀྱང་རྡུང་རྡེག་དང་འཁོན་ལན་སློག་པ། རང་དགར་རྩད་གཅོད་བྱེད་པ། ལས་གནས་སྤོ་རུ་འཇུག་པ་དང་ཐོབ་ཐང་ཕབ་པ་སོགས་ཀྱི་ཆད་པ་གཅོད་པ་སོགས་བྱེད་མི་རུང་།

དབང་ཆ་སྐུར་མཁན་གྱིས་ལྟ་སྐུལ་བྱེད་འགན་འཁུར་རྒྱུ་མཐའ་འཁྱོངས་བྱས་ནས་གནད་དོན་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། གོང་རིམ་རྩ་འཛུགས་ཀྱིས་འོག་རིམ་རྩ་འཛུགས་དང་ལྷག་པར་ཏུ་འགོ་ཁྲིད་ལས་བྱེད་པ་གཙོ་བོས་དབང་ཆ་སྤྱོད་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། དབང་ཆར་ཚོད་འཛིན་མེད་པ་དང་ཅི་དགར་སྤྱོད་རྒྱུ་སྔོན་འགོག་བྱེད་དགོས།

ཏང་རྩ་འཛུགས་དང་། ཏང་ཡོན། ལས་བྱེད་པ་བཅས་ཀྱིས་དབང་ཆ་སྤྱོད་པར་ལྟ་སྐུལ་བྱེད་པར་ངེས་པར་ཏུ་སྒྲིག་ཁྲིམས་དང་བཅའ་ཁྲིམས་གཞིར་འཛིན་དགོས། སྒྲིག་བཤེར་ལྟ་ཞིབ་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལ་ནན་པོར་གཞིགས་ནས། བརྒྱུད་རིམ་ལྟར་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལས་ཚབས་ཆེན་འགལ་བའི་བྱེད་སྤྱོད་ལ་བརྟག་ཞིབ་བྱེད་དགོས། རྩ་འཛུགས་དང་མི་སྒེར་སུས་ཀྱང་རང་གིས་སམ་ཡང་ན་གཞན་གྱི་ངན་སྐུལ་ལྟར་ཏང་ཡོན་དང་ལས་བྱེད་པར་ཁྲིམས་དང་མི་མཐུན་པའི་བརྟག་ཞིབ་བྱེད་ཐབས་སྤྱོད་མི་ཆོག གཏན་འབེབས་དང་འགལ་རིགས་ལ། སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།

བཅུ་གཉིས། གཞུང་དྲང་སྤྱོད་གཙང་གི་ཆབ་སྲིད་རང་གཤིས་རྒྱུན་འཁྱོངས་བྱེད་དགོས།

སྤྱོད་གཙང་ཆབ་སྲིད་འཛུགས་སྐྱོང་བྱས་ནས་རུལ་སུངས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་རྒྱུ་དང་ཚད་ལྡན་དུ་གཏོང་རྒྱུའི་ལས་འགན་གལ་ཆེན་ཞིག་རེད། དེས་ན་ངེས་པར་དུ་བསླད་སྐྱོན་འགོག་ཐབས་དང་ངོ་འགྱུར་སྔོན་འགོག་གི་བསམ་བློ་དང་ལམ་ལུགས་ཀྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་བ་དང་ཆབས་ཅིག་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ལམ་སྲོལ་དང་སྒྲིག་སྲོལ་འཛུགས་རྒྱུར་ཤུགས་བརྒྱབ་ནས་མུ་མཐུད་ཏང་ལུས་བདེ་ཐང་དང་དཔུང་ཁག་དྭངས་གཙང་ཡོང་བ་བྱེད་དགོས།

རིམ་ཁག་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་བློ་སྦྱོང་ནན་པོ་དང་། དབང་ཚོད་ནན་པོ། རང་གཅུན་ནན་པོ། ཇུས་འགོད་དྲང་པོ། ལས་ཀ་དྲང་པོ། མི་དྲང་པོ་བཅས་བྱས་ནས་དབང་ཆ་དང་། རྒྱུ་དངུལ། གཟུགས་མཛེས་བཅས་ཀྱི་ཚོད་བགམ་ཐེག་པར་བྱེད་དགོས་ཤིང་། ཏང་དང་མི་དམངས་ཀྱིས་གནང་བའི་དབང་ཆ་སྤྱད་དེ་མི་དམངས་ལ་ཞབས་འདེགས་ཡག་པོ་ཞུ་དགོས།

འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ངེས་པར་དུ་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བྱེད་པ་དང་། ཏང་གི་སྲོལ་རྒྱུན་བཟང་པོ་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་བྱེད་པ་དང་འབྲེལ་དར་སྤེལ་གཏོང་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་དགོས་ཤིང་། བློ་སྦྱོང་ལ་སྣང་ཆེན་དང་། ཀུན་སྤྱོད་ལ་སྣང་ཆེན། ཡིད་རྟོན་ལ་སྣང་ཆེན། གུས་ལུགས་ལ་སྣང་ཆེན་བཅས་བྱས་ཏེ། གུང་ཁྲན་རིང་ལུཌ་ཀྱི་གཞུང་དྲང་ཞིང་ཡ་རབས་སྤྱོད་བཟང་འཇཌ་པར་བྱེད་དགོས་ལ། མ་རབས་རིགས་དང་རང་རྟོགས་ངང་རིང་དུ་གྱེད་དགོས།

རིམ་ཁག་འགོ་ཁྲིད་ལས་བྱེད་པ་ནི་མི་དམངས་ཀྱི་གཞུང་ཞབས་པ་ཡིན་པ་དང་དམིགས་བསལ་གྱི་དབང་ཆ་གང་ཡང་མེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་ལེན་བསྟར་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་སྤྱི་དོན་དུ་ཏང་འཛུགས་རྒྱུ་དང་དམངས་དོན་དུ་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། གཞུང་སྒེར་དབྱེ་བ་གསལ་པོ་འབྱེད་རྒྱུ་དང་། གཞུང་སྔོན་སྒེར་རྗེས་འཇོག་རྒྱུ། སྒེར་དོར་སྤྱི་སྐྱོང་བྱ་རྒྱུ་བཅས་མཐའ་འཁྱོངས་བྱེད་དགོས་ཁར། སྣེ་ཁྲིད་དེ་ཁེངས་སྐྱུང་དང་། གཟབ་ནན། ང་རྒྱལ་དང་འཚབ་འཚུབ་མེད་པ་བཅས་ཀྱི་སྤྱོད་ཚུལ་རྒྱུན་འཁྱོངས་དང་དཀའ་སྤྱད་འབད་འཐབ་ཀྱི་སྤྱོད་ཚུལ་རྒྱུན་འཁྱོངས་བྱེད་དགོས། སྣེ་ཁྲིད་དེ་སྤྱོད་གཙང་རང་གཅུན་གྱི་ཚད་གཞི་ལག་ལེན་བསྟར་ནས་དམིགས་བསལ་དབང་ཆ་དང་དམིགས་བསལ་སྣང་ཚུལ་དང་རང་རྟོགས་ངང་འཐབ་རྩོད་བྱེད་དགོས། དབང་ཆ་སྤྱད་ནས་རང་ཉིད་དང་གཞན་ལ་སྒེར་ཕན་སྒྲུབ་མི་རུང་། ནོར་དཔལ་ལམ་ལུགས་ལས་འགལ་ནས་དངུལ་དང་། དངོས་པོ། རྣམ་གྲངས་བཅས་ལ་འཐུས་མཆན་འགོད་མི་ཆོག ཁ་གཡར་ས་སྣ་ཚོགས་སམ་ཡང་ན་མིང་སྣ་ཚོགས་བཏགས་ནས་རྒྱལ་ཁབ་དང་མཉམ་སྡེབ་ཀྱི་རྒྱུ་དངུལ་ཧམ་བཟུང་དང་བག་མེད་ལོངས་སྤྱོད་བྱེད་མི་ཆོག གཏན་འབེབས་ལས་འགལ་ཏེ་ལས་བྱེད་པའི་ཐོབ་ཐང་མཐོ་རུ་གཏོང་མི་ཆོག

འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ངེས་པར་དུ་ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་ལ་སྣང་ཆེན་བྱས་ནས་ནང་མི་དང་ཉེ་འཁོར་གྱི་ལས་དོན་པར་སློབ་གསོ་ཡག་པོ་རྒྱག་དགོས་ལ་དོ་དམ་ཡག་པོའང་བྱེད་དགོས། འགོ་ཁྲིད་ལས་བྱེད་པའི་མི་སྒེར་གྱི་འབྲེལ་ཡོད་བྱ་བའི་སྙན་ཞུའི་ལམ་ལུགས་དམ་ནན་དུ་བཏང་ནས་འགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་བུ་ཕྲུག་གི་ལས་ཞུགས་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་དགོས། འགན་དབང་ངམ་ཡང་ན་སྒེར་གྱི་ཤུགས་རྐྱེན་ལ་བརྟེན་ནས་ནང་མི་དང་དགའ་ཉེ་སྤུན་མཆེད་ལ་དམིགས་བསལ་གྱི་ལྟ་རྟོག་བྱེད་མི་ཆོག འགོ་ཁྲིད་ལས་བྱེད་པའི་ནང་མི་དང་དགའ་ཉེ་སྤུན་མཆེད་ཀྱིས་འགོ་ཁྲིད་ལས་བྱེད་པའི་འགན་དབང་ཁྱབ་ཁོངས་ནང་གི་ལས་ཀ་དང་མི་དོན་བཀོད་སྒྲིག་ལས་ཀར་ཐེ་ཇུས་བྱེད་མི་ཆོག འགོ་ཁྲིད་ལས་བྱེད་པའི་ནང་མི་དང་དགའ་ཉེ་སྤུན་མཆེད་ཀྱིས་གཏན་འབེབས་ལས་འགལ་ནས་ཐེ་ཇུས་བྱས་པའི་རིགས་ལ་རིམ་ཁག་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་མ་ཟད། ད་དུང་འབྲེལ་ཡོད་གནས་ཚུལ་ཏང་རྩ་འཛུགས་ལ་སྙན་སེང་ཡང་ཞུ་དགོས།

ཏང་ཡོན་དང་ལས་བྱེད་པ་ཡོངས་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་བསླད་སྐྱོན་འགོག་ཐབས་བྱས་ནས་འདམ་སྙིགས་ནང་མ་དིམ་པ་བྱེད་དགོས་པ་དང་། རྣམ་གཡེང་རུལ་སུངས་སྣང་ཚུལ་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས་ཁར། མངོན་མེད་སྒྲིག་སྲོལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། སྤྱི་ཚོགས་འབྲེལ་བའི་འཁོར་རྒྱ་དང་། འཚོ་བའི་འཁོར་རྒྱ། གྲོགས་པོ་གྲོགས་མོའི་འཁོར་རྒྱ་བཅས་རང་རྟོགས་ངང་གཙང་མ་བཟོ་དགོས། ཚོང་ཟོག་བརྗེ་རེས་ལྟ་བུའི་བྱེད་སྟངས་དེ་རིགས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དང་ལས་དོན་ནང་སྤྱོད་གཏན་ནས་མི་རུང་། ཏང་གི་རིམ་ཁག་རྩ་འཛུགས་ཀྱིས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གྱི་ཆབ་སྲིད་ལས་འགན་ཕྲག་ཏུ་ཁུར་ཏེ་རུལ་སུངས་ཡིན་ཕྱིན་ངོ་རྒོལ་བྱ་རྒྱུ་དང་ལྐོག་ཟ་ཡིན་ཕྱིན་ཆད་གཅོད་ནན་པོ་བྱ་རྒྱུ་མཐའ་འཁྱོངས་དང་། “སྟག་སྦྲང”མཉམ་རྡུང་བྱ་རྒྱུ་མཐའ་འཁྱོངས། བཀག་སྡོམ་ཁུལ་མེད་པ་དང་། ཡོངས་སུ་ཁྱབ་པ། བཟོད་བསྲན་གཏན་ནས་མི་བྱེད་པ་བཅས་མཐའ་འཁྱོངས་བྱས་ནས་རུལ་སུངས་པ་རྣམས་ཏང་ནང་ཁུལ་དུ་ཆགས་ས་ཡིབ་ས་མེད་པར་བཟོ་དགོས།

ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་རྒྱུ་དང་ཚད་ལྡན་དུ་གཏོང་རྒྱུ་ནི་ཏང་ཡོངས་ཀྱི་ཐུན་མོང་ལས་འགན་ཞིག་ཡིན་པས་ངེས་པར་དུ་ཏང་ཡོངས་ཀྱིས་མཉམ་དུ་ཤུགས་རྒྱག་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་རྒྱུ་དང་ཚད་ལྡན་དུ་གཏོང་རྒྱུའི་འགོ་ཁྲིད་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་བྱ་རྒྱུར་ཤུགས་རྒྱག་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ལམ་ལུགས་དང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་རྒྱུ་དང་ཚད་ལྡན་དུ་གཏོང་རྒྱུའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་དྲིལ་བསྒྲགས་བྱ་རྒྱུ་དང་སློབ་གསོ་གཏོང་རྒྱུའི་ལས་དོན་གཏིང་ཟབ་སྤེལ་དགོས་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་དེ་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་གཏོང་བ་དང་གསོ་སྐྱོང་བྱེད་རིང་ངེས་པར་དུ་སྦྱོང་དགོས་པའི་ནང་དོན་གྲས་སུ་འཇུག་དགོས།

ཏང་ཨུད་ཀྱི་བྱེད་པོའི་འགན་འཁྲི་དང་སྒྲིག་ཨུད་ཀྱི་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱས་ནས་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་དགོས། ཏང་ཨུད(ཏང་ཙུའུ)ཀྱིས་འགན་འཁུར་བ་གཙོ་བོས་འགན་འཁྲི་བ་ཨང་དང་པོའི་འགན་འཁྲི་ནན་ཏན་ངང་འཁུར་དགོས། ཏང་གི་རིམ་ཁག་རྩ་འཛུགས་ཀྱིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་དོན་འཁྱོལ་བྱ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག་འགན་འཁྲི་བདའ་འདེད་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རིམ་ཁག་རྩ་འཛུགས་སྡེ་ཚན་དང་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱིས་རྒྱུན་གཏན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། རིམ་ཁག་སྒྲིག་བཤེར་ལས་ཁུངས་ཀྱིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་ལས་འགལ་བའི་བྱེད་སྤྱོད་སྣ་ཚོགས་ལ་ཞིབ་གཅོད་ནན་པོ་བྱེད་དགོས།

ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་རྒྱུ་དང་ཚད་ལྡན་དུ་གཏོང་རྒྱུ་དེ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཆབ་སྲིད་ཅུས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ནས་འགོ་འཛུགས་དགོས། མཐོ་རིམ་ལས་བྱེད་པས་ཏང་དང་རྒྱལ་ཁབ་ངོས་ནས་རང་ཉིད་ལས་གནས་ཀྱི་དམིགས་བསལ་གལ་ཆེན་རང་བཞིན་ཤེས་རྟོགས་གསལ་པོ་བྱེད་དགོས་པ་དང་། གོ་གནས་ཇི་ཙམ་མཐོ་ན་དེ་བས་ཏང་གིས་བཏོན་པའི་ཚད་གཞི་གཞིར་བཟུང་རང་ཉིད་ལ་བླང་བྱ་ནན་པོ་འདོན་དགོས་པ་དང་། ཏང་གཤིས་སྲ་ཞིང་བརྟན་པ་དང་ཏང་གི་སྒྲིག་ཁྲིམས་ཁ་གསལ་པོ་དེ་བས་ཀྱང་བྱེད་ཐུབ་པ་དགོས་ཤིང་། ཏང་ལ་ཐོག་མཐའ་བར་གསུམ་དུ་བློ་དཀར་སེམས་དཀར་བྱེད་པ་དང་ནམ་ཡང་ཏང་ལ་རྒྱབ་གཏོད་བྱེད་མི་རུང་། མཐོ་རིམ་ལས་བྱེད་པས་ཚད་གཞི་འདི་ཉིད་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་བསམ་འཆར་བཟོས་ནས། མཐོ་རིམ་ལས་བྱེད་པར་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞིར་བརྩི་སྲུང་ཞུ་རྒྱུ་དང་ལག་བསྟར་བྱ་རྒྱུའི་ཐད་ཏང་ཡོངས་ལ་མིག་དཔེ་འདོན་དགོས་པའི་ཁྲིད་སྟོན་བྱེད་དགོས་ལ་ལྕག་སྐུལ་ཡང་བྱེད་དགོས།

ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དེ་ནམ་ཡང་བྱེད་མུས་ཡིན་པས། ཏང་ཡོངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་ཏེ་གཞུང་དྲང་སྤྱོད་གཙང་གི་ཆབ་སྲིད་རྣམ་པ་ཞིག་ཐུན་མོང་ཐོག་གཏོད་ནས། ཏང་འདི་ཉིད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་ཞིག་ཏུ་སྔར་བཞིན་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ11པའི་ཚེས2ཉིན་འབྱོར་བའི་གློག་འཕྲིན)

རྩོམ་སྒྲིག་པ། : ཀླུ་མོ་མཚོ།