ཀྲུང་གོ་བོད་ཀྱི་དྲ་བ།

དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག(གསུམ)

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2016-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འགོ་ཁྲིད་ཚན་ཁག་གི་ཁོངས་མིས་ངེས་པར་དུ་སྤྱི་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ནས་ལས་ཀར་ཞིབ་འཇུག་བྱེད་སྐབས་བསམ་འཆར་གང་ལེགས་འདོན་དགོས་པ་དང་། ཐབས་ཇུས་གཏན་འཁེལ་བྱུང་རྗེས་དམ་འཛིན་མཐར་ཕྱིན་པ་བྱེད་དགོས་པ་ལས་མཉམ་སྡེབ་ཀྱི་གཏན་འབེབས་ལས་འགལ་ནས་རང་མཚམས་ཀྱིས་ཐག་གཅོད་པ་དང་རང་སོ་སོས་ཐག་གཅོད་བྱེད་མི་ཆོག སྐད་ཆ་གང་ཡོད་མདུན་དུ་མི་ཤོད་པར་རྒྱབ་ཏུ་གང་བྱུང་ཤོད་པ་དང་། ཚོགས་འདུའི་ཐོག་མི་ཤོད་པར་ཚོགས་འདུ་གྲོལ་རྗེས་གང་བྱུང་ཤོད་པ། མདུན་དུ་བྱེད་སྟངས་གཅིག་དང་རྒྱབ་ལ་བྱེད་སྟངས་གཅིག་སོགས་ནོར་འཁྲུལ་གྱི་གཏམ་སྤྱོད་ལ་ངོ་རྒོལ་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། རྩ་དོན་ལ་སྣང་ཆེན་དང་སྒྲིག་ལམ་ལ་སྣང་ཆེན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གཤིས་རྩ་དོན་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་གི་མཐུན་སྒྲིལ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས།

ཏང་ཨུད(ཏང་ཙུའུ)ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ངེས་པར་དུ་དམངས་གཙོ་དར་སྤེལ་དང་། གཅིག་སྡུད་བྱེད་མཁས་པ། འགན་འཁྲི་འཁུར་ཕོད་པ་བཅས་བྱེད་དགོས། གནད་དོན་ལ་ཞིབ་འཇུག་དང་གྲོས་བསྡུར་བྱེད་སྐབས་རང་ཉིད་ཚན་ཁག་ཁྲོད་ཀྱི་འདྲ་མཉམ་ཡིན་པའི་ཁོངས་མི་ཞིག་ཏུ་བརྩིས་ནས་དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ་དང་། གོ་རིམ་བཞིན་ཐབས་ཇུས་འགོད་པ་དང་སྒྲིག་ལམ་བཞིན་བྱ་བ་ནན་ཏན་བསྒྲུབས་པ། བསམ་འཆར་མི་མཐུན་རིགས་ནན་ཏན་ངང་ཉན་པ། མི་ཉུང་ཤས་ཀྱི་བསམ་འཆར་ལ་ལྟ་སྟངས་ཡང་དག་འཛིན་པ་བཅས་བྱེད་པ་ལས་ཚིག་གཅིག་གིས་ཐག་གཅོད་པ་དང་ཐ་ན་འགོ་པས་གང་བཤད་ཀྱི་ལམ་ལུགས་ལག་ལེན་བསྟར་མི་ཆོག ཚན་ཁག་གི་ཁོངས་མིར་འགན་འཁྲི་སྒྲུབ་ཁོངས་སུ་རང་བརྟེན་འགན་འཁུར་གྱི་ལས་དོན་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་པ་ལས། མིང་ལ་མཉམ་སྡེབ་འགོ་ཁྲིད་ཟེར་བ་ལས་དོན་དམ་པར་མི་སྒེར་རམ་མི་ཉུང་ཤས་ཤིག་གིས་ཐག་གཅོད་པ་སྔོན་འགོག་དང་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། མིང་ལ་མཉམ་སྡེབ་ཐོག་འགན་འཁྲི་འཁུར་བ་ཟེར་བ་ལས་དངོས་སུ་འགན་འཁུར་མཁན་མེད་པ་སྔོན་འགོག་དང་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས།

འགོ་ཁྲིད་ཚན་ཁག་གི་ཁོངས་མིས་ངེས་པར་དུ་ཏང་རྩ་འཛུགས་ཀྱི་གཏན་འབེབས་ལག་ལེན་མཐའ་གཅིག་ཏུ་བསྟར་དགོས་པ་དང་། གལ་སྲིད་བསམ་འཆར་མི་མཐུན་རིགས་ཡོད་ཚེ་སོར་འཇོག་བྱེད་པའམ་ཡང་ན་རིམ་པ་གཅིག་གིས་མཐོ་བའི་ཏང་རྩ་འཛུགས་ལ་ཞུ་དགོས། འོན་ཀྱང་གོང་རིམ་མམ་ཡང་ན་རིམ་པ་དེ་གའི་ཏང་རྩ་འཛུགས་ཀྱིས་གཏན་འབེབས་ལ་འགྱུར་ལྡོག་མ་བཏང་གོང་། གཏན་འབེབས་ལག་བསྟར་བྱས་པ་ལས་འཕྲལ་དུ་མཇུག་འབྲས་ངན་པ་ཚབས་ཆེན་སོགས་གནས་ཚུལ་ཛ་དྲག་པོ་ཐོན་རིགས་ཕུད་ངེས་པར་དུ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བཟོས་ཟིན་པའི་གཏན་འབེབས་ལག་བསྟར་བྱེད་དགོས།

འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་ལས་བགོས་དེ་གཏན་འབེབས་བཞིན་གོང་རིམ་ཏང་ཨུད་ལ་སྙན་སེང་ཞུ་བ་ལས་ལུགས་མཐུན་རྒྱུ་མཚན་མེད་པར་གོང་རིམ་ཏང་ཨུད་ལ་སྙན་སེང་མ་ཞུས་རིགས་ལེགས་སྒྲིག་བྱེད་མི་རུང་། འགོ་ཁྲིད་ལས་བྱེད་པས་རྩ་འཛུགས་ཀྱི་ལས་བགོས་བཀོད་སྒྲིག་ལ་རང་རྟོགས་ངང་དང་ལེན་ཞུ་བ་ལས་མི་གང་རུང་ཞིག་གིས་རྩ་འཛུགས་དང་ཕར་བཤད་ཚུར་བཤད་མི་བྱེད་པ་དང་རྩ་འཛུགས་ཀྱི་བཀོད་སྒྲིག་དང་ལེན་མི་བྱེད་པ་བྱེད་མི་ཆོག འགོ་ཁྲིད་ལས་བྱེད་པས་ཁག་བགོས་དོ་དམ་གྱི་ལས་དོན་དང་། ཁག་བགོས་དོ་དམ་གྱི་ཁྱབ་ཁོངས་དང་ས་ཆ་དེ“མི་སྒེར་གྱི་མངའ་ཁོངས་ས་ཆར”བརྩི་མི་ཆོག་ལ་བརྒྱ་ཁ་གཅིག་གཅོད་གཏན་ནས་བྱེད་མི་ཆོག

ཏང་གི་ལས་ཀ་དང་བྱེད་སྒོ་སྤེལ་རིང་། རྩ་འཛུགས་ཀྱི་མིང་ཐོག་ནས་ཐག་གཅོད་བྱེད་དགོས་རིགས་མི་སྒེར་གྱི་མིང་ཐོག་ནས་ཐག་གཅོད་བྱེད་མི་ཆོག་པ་དང་། མཉམ་སྡེབ་ཐོག་ཞིབ་འཇུག་བྱེད་དགོས་རིགས་མི་སྒེར་གྱིས་རང་དགར་ཐག་གཅོད་བྱེད་མི་ཆོག་པ། མི་སྒེར་གྱི་འདོད་ཚུལ་གྱིས་ཏང་རྩ་འཛུགས་ཀྱི་འདོད་ཚུལ་གྱི་ཚབ་བྱེད་པ་དང་མི་སྒེར་གྱི་ཐག་གཅོད་ཀྱིས་ཏང་རྩ་འཛུགས་ཀྱི་ཐག་གཅོད་ཀྱི་ཚབ་བྱེད་མི་ཆོག

བདུན། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་དང་ཏང་ཡོན་གྱི་ཁེ་དབང་འགན་ལེན་བྱེད་དགོས།

ཏང་ནང་ཁུལ་གྱི་དམངས་གཙོ་ནི་ཏང་གི་བླ་སྲོག་ལྟ་བུ་ཞིག་ཡིན་ལ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སྐྱོན་བྲལ་ཡོང་བའི་རྨང་གཞི་གལ་ཆེན་ཞིག་ཀྱང་ཡིན། ཏང་ནང་ཁུལ་གྱི་དམངས་གཙོའི་ལམ་ལུགས་ཁག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བར་ཏང་ནང་ཁུལ་གྱི་དམངས་གཙོའི་སྤུས་ཚད་མཐོ་རུ་གཏོང་དགོས་པ་དང་། ཏང་ནང་ཁུལ་གྱི་ཐབས་ཇུས་དང་། ལག་བསྟར། ལྟ་སྐུལ་སོགས་ཀྱི་ལས་དོན་སྒྲུབ་པར་ངེས་པར་དུ་ཏང་གི་སྒྲིག་ཡིག་དང་ཏང་སྲོལ་ནང་གཏན་འབེབས་བྱས་པའི་དམངས་གཙོའི་རྩ་དོན་དང་གོ་རིམ་ལག་ལེན་བསྟར་དགོས་པ་ལས་ཏང་རྩ་འཛུགས་དང་མི་སྒེར་གང་རུང་ཞིག་གིས་ཏང་ནང་ཁུལ་གྱི་དམངས་གཙོར་འགོག་རྐྱེན་བཟོ་བ་དང་ཏང་ནང་ཁུལ་གྱི་དམངས་གཙོར་གཏོར་བཤིག་གཏོང་མི་ཆོག

ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཆབ་སྲིད་ཅུས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཏང་གི་རིམ་ཁག་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཐབས་ཇུས་གལ་ཆེན་བཀོད་སྒྲིག་བྱེད་སྐབས་ངེས་པར་དུ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་དགོས་པ་དང་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་ནས་བློ་རིག་དང་སྟོབས་ཤུགས་གོང་བུ་གཅིག་ཏུ་འགྲིལ་ཏེ་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་། དམངས་གཙོའི་ཐབས་ཇུས། ཁྲིམས་མཐུན་ཐབས་ཇུས་བཅས་འགོད་ཐུབ་པ་བྱེད་དགོས།

ངེས་པར་དུ་ཏང་ཡོན་གྱི་བྱེད་པོའི་གནས་བབ་ལ་བརྩི་འཇོག་དང་ཏང་ཡོན་གྱི་དམངས་གཙོའི་དབང་ཆ་འགན་ལེན་བྱས་ནས་ཏང་ཡོན་ཚོར་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་། དེའི་ནང་ཞུགས་དབང་། འདེམས་བསྐོ་བྱེད་དབང་། ལྟ་སྐུལ་བྱེད་དབང་བཅས་ཡོང་བ་བྱས་ཏེ་ཏང་ཡོན་ཚང་མར་ཏང་གི་སྒྲིག་ཡིག་ནང་གཏན་འབེབས་བྱས་པའི་ཏང་ཡོན་གྱི་དབང་ཆ་འདྲ་མཉམ་ངང་སྤྱོད་པ་དང་ཏང་གི་སྒྲིག་ཡིག་ནང་གཏན་འབེབས་བྱས་པའི་ཏང་ཡོན་གྱི་འོས་འགན་ལག་ལེན་བསྟར་རྒྱུ་འགན་ལེན་བྱས་ཐོག་ཏང་ནང་ཁུལ་དུ་དམངས་གཙོ་འདྲ་མཉམ་གྱི་བློ་མཐུན་འབྲེལ་བ་མཐའ་འཁྱོངས་ཀྱིས་ཏང་ནང་ཁུལ་དུ་ཚང་མས་བློ་མཐུན་ཞེས་འབོད་དགོས། ཏང་རྩ་འཛུགས་དང་ཏང་ཡོན་གང་རུང་གིས་ཏང་ཡོན་གྱི་དམངས་གཙོའི་དབང་ཆར་གནོད་འཚེ་གཏོང་མི་ཆོག

ཏང་ནང་ཁུལ་གྱི་ལས་དོན་ནང་ཏང་ཡོན་ཞུགས་པ་དང་དེར་གྲོས་བསྡུར་བྱེད་པའི་ཐབས་ལམ་ཤར་བགྲོད་ཐུབ་པ་དང་། ཏང་ཡོན་གྱི་བསམ་འཆར་ཤོད་པའི་ཐབས་ལམ་རྒྱ་ཆེ་རུ་བཏང་སྟེ་ཏང་ནང་ཁུལ་དུ་དམངས་གཙོ་གྲོས་བསྡུར་གྱི་ཆབ་སྲིད་རྣམ་པ་བཟང་པོ་ཞིག་གཏོད་དགོས། ཏང་ནང་ཁུལ་གྱི་ཐབས་ཇུས་གལ་ཆེན་ལ་རིགས་པས་ཁུངས་སྐྱེལ་གྱི་དཔྱད་དཔོག་དང་བསམ་འཆར་བསྡུ་ལེན་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་གི་རིམ་ཁག་རྩ་འཛུགས་ཀྱིས་ཐབས་ཇུས་གལ་ཆེན་དང་གནད་དོན་གལ་ཆེན་ཐད་བྱ་ཐབས་སྣ་ཚོགས་ཐོག་ནས་ཏང་ཡོན་གྱི་བསམ་འཆར་བསྡུ་ལེན་བྱེད་དགོས། ཏང་གི་ཚོགས་འདུའི་ཐོག་ཏང་ཡོན་ཚོར་བསམ་འཆར་མི་འདྲ་བ་འདོན་དབང་ཡོད་པ་དང་། ཏང་གི་གྲོས་ཆོད་དང་སྲིད་ཇུས་ཐད་བསམ་འཆར་མི་མཐུན་རིགས་ཡོད་ཚེ་ལག་ལེན་མཐའ་གཅིག་ཏུ་བསྟར་བའི་སྔོན་འགྲོའི་ཆ་རྐྱེན་འོག་བསམ་འཆར་སོར་འཇོག་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཆོག་ལ་རང་ཉིད་ཀྱི་བསམ་འཆར་དེ་ཏང་གི་རིམ་པ་གོང་མའི་རྩ་འཛུགས་དང་ཐ་ན་ཏང་ཀྲུང་དབྱང་ལ་སྙན་སེང་ཡང་ཞུ་ཆོག ཏང་དོན་ཡོངས་བསྒྲགས་བྱ་རྒྱུར་སྐུལ་མ་བཏང་ནས་ཏང་དོན་ཡོངས་བསྒྲགས་ཀྱི་རྣམ་པ་གསར་པ་གོང་འཕེལ་གཏོང་བ་དང་ལེགས་པར་སྤྱད་དེ་ཏང་ནང་ཁུལ་གྱི་ལས་དོན་ལ་ཏང་ཡོན་ཚོས་དེ་བས་ཤེས་རྟོགས་དང་དེའི་ནང་ཞུགས་ཐུབ་པ་བྱེད་དགོས།

ཏང་ནང་ཁུལ་གྱི་འདེམས་བསྐོ་བྱེད་པར་ངེས་པར་དུ་འདེམས་མཁན་གྱི་འདོད་བློ་མཚོན་པར་བྱས་ནས་འདེམས་བསྐོའི་ལམ་ལུགས་ཀྱི་སྒྲིག་སྲོལ་ཚད་ལྡན་དང་འཐུས་སྒོ་ཚང་དུ་གཏོང་དགོས། འདེམས་མཁན་གྱིས་གཏན་འབེབས་བཞིན་འདེམས་བསྐོའི་དབང་ཆ་རང་བདག་ངང་སྤྱོད་རྒྱུར་ཏང་རྩ་འཛུགས་དང་མི་སྒེར་གང་རུང་གིས་བྱེད་ཐབས་གང་རུང་ལ་བརྟེན་ནས་འགོག་རྐྱེན་བཟོ་མི་ཆོག་པ་དང་ཏང་ཡོན་གྱི་འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆར་བཙན་གནོད་གཏོང་བའི་སྣང་ཚུལ་ལ་ངོ་རྒོལ་དང་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། འདེམས་ཤོག་འཕེན་སྐུལ་བྱེད་པ་དང་གསུག་བྱིན་ངོ་བརྒྱུད་ཀྱིས་འདེམས་སུ་འཇུག་པ་སོགས་ཀྱི་བྱེད་སྤྱོད་ལ་སྔོན་འགོག་དང་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས།

ཏང་གི་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་བྱེད་དགོས། ཆོག་མཆན་མ་ཐོབ་པར་ཏང་གི་འཐུས་མི་ཚོགས་ཆེན་སྔ་སྣུར་དུ་འཚོག་པའམ་ཡང་ན་ཕྱིར་འགྱངས་མི་ཆོག ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འགན་འཛིན་ཡུན་ཚད་ལམ་ལུགས་དོན་འཁྱོལ་བྱེད་པར་འཐུས་མིའི་གྲོས་གཞིའི་ལམ་ལུགས་ལག་ལེན་བསྟར་ནས་འཐུས་མི་ཚོ་ཐབས་ཇུས་གལ་ཆེན་འགོད་པའི་ནང་ཞུགས་པ་དང་། ལས་བྱེད་པ་གལ་ཆེན་འོས་སྦྱོར་དང་དམངས་གཙོའི་དཔྱད་མོལ་ནང་ཞུགས་པ། ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་ནང་ཟུར་ཞུགས་བྱེད་པ། ཏང་ཡོན་མང་ཚོགས་དང་འབྲེལ་བ་བྱེད་པ་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་གི་ས་གནས་རིམ་ཁག་གི་ཨུ་ཡོན་ལྷན་ཁང་དང་དེའི་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཏང་ནང་ཁུལ་གྱི་གནས་ཚུལ་བརྡ་ཁྱབ་གཏོང་བའི་ལམ་ལུགས་དང་གནས་ཚུལ་ཤོད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཏང་ཡོན་ཚོས་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ལས་གོ་མི་འཕེར་བ་བརྗེ་འཐེན་བྱ་རྒྱུའི་བསམ་འཆར་དང་རེ་བ་འདོན་པའི་ཐབས་ལམ་རྒྱ་ཆེར་གཏོང་དགོས། ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་དང་། སྤྱི་ཁྱབ་ཀྲི་པུའུ། ཀྲི་པུའུ་ཨུ་ཡོན་ལྷན་ཁང་བཅས་ཀྱི་སྐབས་བརྗེའི་ལས་དོན་དུས་བཀག་ལྟར་སྤེལ་དགོས།

ཏང་ཡོན་གྱིས་ཏང་ལ་འགན་ཁུར་ནས་ཏང་གི་རྩ་འཛུགས་གང་རུང་ཞིག་དང་ཏང་ཡོན་གྱི་སྒྲིག་འགལ་བྱེད་སྤྱོད་གང་རུང་ཞིག་ཐེར་འདོན་དང་ཉེས་སྐྱོན་ཐེར་འདོན་བྱེད་དབང་ཡོད་པ་དང་། དངོས་མིང་ཐོག་ནས་ཐེར་འདོན་བྱ་རྒྱུ་དར་སྤེལ་གཏོང་དགོས། ཏང་ཡོན་ལ་ཏང་གི་ཚོགས་འདུའི་ཐོག་གཞི་འཛིན་ས་ཡོད་པའི་སྒོ་ནས་ཏང་གི་རྩ་འཛུགས་གང་རུང་ཞིག་དང་ཏང་ཡོན་གང་རུང་ཞིག་ལ་སྐྱོན་བརྗོད་བྱེད་དབང་ཡོད། ཏང་རྩ་འཛུགས་ཀྱིས་ཐེར་འདོན་མཁན་ལ་མཐོང་ཆུང་དང་། གནོད་སྐྱེལ། བཙན་གནོན་བཅས་ཀྱི་བྱེད་སྤྱོད་དང་ལྷག་དོན་དུ་རྡུང་རྡེག་གཏོང་བ་དང་འཁོན་ལན་སློག་པའི་བྱེད་སྤྱོད་རིགས་ཐག་གཅོད་ནན་པོ་བྱེད་དགོས་ཁར་སྙོན་འཛུགས་སྙན་འབུལ་དང་མ་ཉེས་ཁ་གཡོགས་ཀྱི་བྱེད་སྤྱོད་ལ་རྩད་གཅོད་དང་ཐག་གཅོད་ནན་པོ་བྱེད་དགོས། མ་ཉེས་ཁ་གཡོགས་དང་། སྙོན་འཛུགས་སྙན་འབུལ། ཐེར་འདོན་རྫུན་ཞུ་བཅས་བྱས་པའི་ཏང་ཡོན་ལ་ཏང་རྩ་འཛུགས་ཀྱིས་དུས་ཐོག་ཏུ་ཁོ་པར་དག་སེལ་བྱེད་དགོས། ཏང་ཡོན་གྱི་དག་འབུད་དང་རྒྱུ་མཚན་ཞུ་འབུལ་སོགས་ཀྱི་དབང་ཆ་འགན་ལེན་བྱེད་དགོས། སྒྲིག་ཁྲིམས་ལག་བསྟར་བྱེད་སྐབས་ཀྱི་ནོར་འཁྲུལ་དང་སྒྲིག་འགལ་བྱེད་སྤྱོད་ལ་སྒྲིག་ཁྲིམས་ལྟར་དུས་ཐོག་ཏུ་ཡོ་བསྲང་དང་ཤུགས་རྐྱེན་ངན་པ་མེད་པ་བཟོས་ཁར་འབྲེལ་ཡོད་རྩ་འཛུགས་དང་མི་སྣའི་འགན་འཁྲི་བདའ་འདེད་གཏོང་དགོས།

བརྒྱད། ཡང་དག་ངང་མི་འདེམས་སྤྱོད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་དགོས།

ཡང་དག་ངང་མི་འདེམས་སྤྱོད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བའི་རྩ་འཛུགས་ཀྱི་འགན་ལེན་ཞིག་ཡིན། ངེས་པར་དུ་ཚད་གཞི་ནན་དུ་གཏོང་བ་དང་། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། བརྒྱུད་རིམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ་བདམས་པའི་ལས་བྱེད་པ་རྣམས་རྩ་འཛུགས་བློ་བདེ་བ་དང་། མང་ཚོགས་བློ་ཡིད་ཚིམ་པ། ལས་བྱེད་པ་ཡི་རང་བ་བཅས་ཡོང་བ་བྱེད་དགོས།

ལས་བྱེད་པ་འདེམས་སྤྱོད་བྱེད་སྐབས་ངེས་པར་དུ་ཏང་གི་སྒྲིག་སྲོལ་ནང་གཏན་འབེབས་བྱས་པའི་ལས་བྱེད་པའི་ཆ་རྐྱེན་མཐའ་འཁྱོངས་བྱེད་པ་དང་། སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་ལ་སྣང་ཆེན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཕྱོགས་བཞི་མཚམས་བརྒྱད་ནས་མཛངས་མི་ཁོ་ན་བསྐོ་གཞག་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དད་སེམས་བརྟན་པོ་དང་། དམངས་ལ་ཞབས་འདེགས། སྲིད་བརྩོན་དངོས་སྒྲུབ། འགན་འཁུར་ཕོད་པ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་ལས་བྱེད་པ་ཡག་པོ་ཞིག་གི་ཚད་གཞི་མཐའ་འཁྱོངས་བཅས་བྱེད་དགོས། གཞུང་དྲང་ཚུལ་མཐུན་དེ་ལས་བྱེད་པའི་ལས་དོན་གྱི་སྲོག་ཤིང་འདུ་ཤེས་སུ་བརྩིས་ནས་མི་འདེམས་སྤྱོད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་མཐའ་འཁྱོངས་བྱས་ཏེ་གཞུང་དྲང་ངང་ལས་བྱེད་པར་ལྟ་སྟངས་འཛིན་པ་དང་། གཞུང་དྲང་ངང་ལས་བྱེད་པར་གདེང་འཇོག་བྱེད་པ། གཞུང་དྲང་ངང་ལས་བྱེད་པ་བེད་སྤྱོད་པ་བཅས་བྱེད་དགོས།

མི་འདེམས་སྤྱོད་བྱེད་སྐབས་ངེས་པར་དུ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་འགག་སྒོའི་ནུས་པར་ཤུགས་སྣོན་རྒྱག་པ་དང་ལས་བྱེད་པ་འདེམས་སྤྱོད་ལས་དོན་གྱི་དོན་དམ་འགོད་པའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་ལྷུ་ཚིགས་ཚང་མར་བཀོལ་སྤྱོད་ཚད་ལྡན་ཡོང་བའི་འགན་ལེན་བྱེད་དགོས། རྩ་འཛུགས་སྡེ་ཚན་གྱིས་སྲིད་ཇུས་དང་། རྩ་དོན། ལམ་ལུགས་བཅས་གཞིར་བཟུང་བྱ་བ་སྒྲུབ་པ་དང་། དངོས་ཐོག་བདེན་འཚོལ་གྱིས་ལས་བྱེད་པར་རྟོག་ཞིབ་གདེང་འཇོག་བྱེད་པ། ལས་བྱེད་པའི་ཆེད་དྲང་གཏམ་ཤོད་ཕོད་པ། མི་འདེམས་རིང་གི་སྒྲིག་འགལ་བྱེད་སྤྱོད་ལ་བཀག་འགོག་བྱེད་ཕོད་པ་བྱས་ཏེ་འཇོན་ཐང་ཅན་བསྐོ་གཞག་དང་། ཐ་མལ་བ་ཕྱིར་འབུད། བཟང་གནས་ཞན་དོར་བཅས་ཀྱི་མི་འདེམས་སྤྱོད་བྱ་རྒྱུ་སྟོན་ཕྱོགས་སུ་བྱེད་དགོས། མི་འདེམས་སྤྱོད་ཀྱི་ལྟ་སྐུལ་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་བརྒྱབ་སྟེ་མི་སྤྱོད་རིང་ལྟ་འཛོལ་ཤོར་བ་དང་ནོར་འཁྲུལ་རིགས་ལ་འགན་འཁྲི་བདའ་འདེད་གཏོང་དགོས།

ཏང་གི་རིམ་ཁག་རྩ་འཛུགས་ཀྱིས་ངེས་པར་དུ་མི་སྤྱོད་རིང་གི་ཚུལ་མིན་སྤྱོད་ཚུལ་དང་ཕྱོགས་ལྷུང་སྣ་ཚོགས་ལ་དོགས་ཟོན་དང་ཡོ་བསྲང་བྱེད་དགོས། དཔོན་གནས་རག་ཐབས་དང་། དཔོན་གནས་ཉོ་འཚོང་། འདེམས་ཤོག་བསླུ་ཉོ་སོགས་ཀྱི་བྱེད་སྤྱོད་ལ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ནས་གོ་གནས་ལེན་པ་དང་། མཚན་སྙན་ལེན་པ། ཐོབ་ཐང་ལེན་པ་སོགས་ཀྱི་བྱེད་སྤྱོད་ལ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ། ཏང་རྩ་འཛུགས་དང་ཁེ་ཕན་གྱི་རྩིས་གསལ་པོ་རྒྱག་པ་དང་རྩ་འཛུགས་ཀྱི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་ལ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་དགོས། སྤ་སེ་དང་། སྐར་གྲངས། ཐོན་སྐྱེད་རིན་ཐང་བསྡོམས་འབོར། ལོ་ཚད་བཅས་གཅིག་པུར་གཞིགས་ནས་མི་འདེམས་པའི་ཕྱོགས་ལྷུང་བྱེད་སྤྱོད་ལ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། མི་ཉུང་ཤས་ཤིག་གིས་ཉུང་ཤས་ཁྲོད་འདེམས་པའི་ཕྱོགས་ལྷུང་བྱེད་སྤྱོད་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་ཏང་གི་ལས་བྱེད་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུར་སྣེ་ཁྲིད་བྱེད་པ་དང་། གཉེན་ཉེ་ཁོ་ན་བསྐོ་བ་དང་ཆ་མེད་རྒྱུས་མེད་དང་འབྲེལ་འདྲེས་གཏོང་མི་རུང་བ། གནས་སྤར་མགོ་འདྲེན་དང་། དཔོན་གནས་ལ་བརྟེན་ནས་གསང་བ་ཕྱི་ལ་གྱར་བ། མི་སེམས་བསླུ་བ་བཅས་བྱེད་མི་ཆོག མི་སྒེར་གྱིས་ལས་བྱེད་པ་གནས་སྤར་དང་བེད་སྤྱོད་བྱེད་རིང་བརྡ་གཏོང་བ་དང་མགོ་འདྲེན་ཡི་གེ་སྐྱེལ་མི་ཆོག འགོ་ཁྲིད་ལས་བྱེད་པས་ལས་ཀ་བྱེད་མྱོང་བ་དང་འཚོ་བ་སྐྱེལ་མྱོང་བའི་ས་ཆ་དང་ལས་ཀ་བྱེད་མྱོང་བའི་ཚན་པ་དང་རང་ཉིད་ཀྱི་ཁག་བགོས་དོ་དམ་ཁོངས་སུ་མི་གཏོགས་པའི་ལས་བྱེད་པའི་འདེམས་སྤྱོད་ལས་དོན་ལ་ཐེ་ཇུས་བྱེད་མི་ཆོག་པ་དང་འབྲེལ་ཡོད་ས་གནས་དང་ཚན་པའི་ཏང་རྩ་འཛུགས་ཀྱིས་ཏང་གི་རྩ་འཛུགས་ཀྱི་རྩ་དོན་ལས་འགལ་བའི་བྱེད་སྤྱོད་དེ་རིགས་བཀག་འགོག་བྱེད་དགོས།

མི་སུ་ཞིག་ཡིན་རུང་ཏང་གི་ལས་བྱེད་པ་སྒེར་གྱི་རྒྱུ་ནོར་ལ་བརྩི་མི་ཆོག་ལ་ཏང་ནང་ཁུལ་དུའང་རྒྱབ་རྟེན་བཅོལ་བའི་འབྲེལ་བ་འཛུགས་མི་ཆོག འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ་མཐོ་རིམ་ལས་བྱེད་པས་བཟའ་དཔོན་ལམ་ལུགས་བཙུགས་ནས་མི་གཞན་ལ་བཀའ་གསུང་ཅི་སྒྲུབ་བྱེད་དགོས་པའི་རེ་བ་འདོན་མི་ཆོག་པ་དང་ལྷག་དོན་དུ་རིམ་པ་འོག་མར་ཏང་སྒྲིག་རྒྱལ་ཁྲིམས་ལས་འགལ་བའི་ལས་ཀ་བྱེད་དུ་འཇུག་མི་ཆོག རིམ་པ་འོག་མས་གོང་རིམ་འགོ་ཁྲིད་ལས་བྱེད་པའི་རེ་བ་དེ་རིགས་བཀག་འགོག་བྱེད་དགོས་པ་མ་ཟད། གོང་རིམ་ཏང་རྩ་འཛུགས་དང་ཐ་ན་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས་པ་ལས་གོང་རིམ་འགོ་ཁྲིད་ལས་བྱེད་པར་རྩ་དོན་མེད་པའི་ངང་བཀའ་བརྩི་དང་ལེན་བྱ་རྒྱུ་མེད། ཏང་ནང་ཁུལ་གྱི་བློ་མཐུན་དབར་འབྲེལ་གཏུག་བྱ་རྒྱུ་ཚད་ལྡན་དང་དྭངས་གཙང་དུ་བཏང་ནས་འགོ་ཁྲིད་ལས་བྱེད་པས་ཏང་ཡོན་ལ་དཔོན་ཉམས་ཆེན་པོས་བཀོད་འདོམས་བྱེད་མི་ཆོག་ལ་ཏང་ཡོན་གྱིས་ཀྱང་འགོ་ཁྲིད་ལས་བྱེད་པར་ངོ་དགའ་སྤྲེལ་ལད་འཁྲབ་མི་ཆོག

ལས་བྱེད་པ་ནི་ཏང་གི་རྩ་ཆེའི་རྒྱུ་ནོར་ཡིན་པས། ངེས་པར་དུ་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་ནན་དུ་གཏོང་དགོས་པ་མ་ཟད། ཆབ་སྲིད་དང་། བསམ་བློ། ལས་དོན། འཚོ་བ་བཅས་ཀྱི་ཐད་ལའང་ཐུགས་ཁུར་ཟབ་མོ་བྱས་ཏེ་ལས་བྱེད་པར་ལས་སྒྲུབ་ལས་གཏོད་དང་བློ་ཁོག་ཆེན་པོས་ལས་རྗེས་འཇོག་དགོས་པའི་ལྕག་སྐུལ་བྱེད་དགོས།

ནོར་འཁྲུལ་ཐོན་ཆོག་པ་དང་ནོར་འཁྲུལ་ཡོ་བསྲང་བྱེད་པའི་ལམ་སྲོལ་བཙུགས་ཏེ་ལས་བྱེད་པས་ལས་ཀ་བྱེད་སྐབས་དང་ལྷག་དོན་དུ་སྒྱུར་བཅོས་གསར་གཏོད་ཁྲོད་ཐོན་པའི་ནོར་འཁྲུལ་གུ་ཡངས་གཏོང་དགོས། སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་མཐའ་འཁྱོངས་ཀྱིས་ནོར་འཁྲུལ་ཐོན་པའི་ལས་བྱེད་པར་ལྟ་སྟངས་ཡང་དག་འཛིན་ནས་ཁོང་ཚོར་ནོར་འཁྲུལ་ངོས་འཛིན་དང་ཡོ་བསྲང་བྱེད་རོགས་བྱེད་དགོས། ལས་བྱེད་པས་ཐོན་པའི་ནོར་འཁྲུལ་གྱི་ངོ་བོ་ཉ་ཉུང་མཉམ་བསྲེས་བྱེད་པའམ་ཡང་ན་ནོར་འཁྲུལ་འུད་སྒྲོག་གིས་ལས་བྱེད་པར་དེ་དང་མི་མཐུན་པའི་ཐག་གཅོད་བྱེད་མི་ཆོག ལས་བྱེད་པས་ཐོན་པའི་ནོར་འཁྲུལ་སྤྱད་དེ་སྒེར་གྱི་འཁོན་གྲས་ཕྱིར་གྱར་བ་དང་འཁོན་ལན་སློག་མི་ཆོག

ཏང་གི་རིམ་ཁག་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པས་སྟོང་བཤད་རྒྱལ་ཕུངས་དང་དངོས་སྒྲུབ་རྒྱལ་དར་ཞེས་པ་ངེས་པར་དུ་བློ་ལ་བརྟན་པོར་ངེས་ཏེ་ཡང་དག་པའི་སྲིད་རྗེས་ལྟ་བ་ལག་ལེན་དང་། ཟེར་འདེབས་སྙིང་སྟོབས་དར་སྤེལ། སྟོང་བཤད་སྤང་གང་ཐུབ་བྱས་ནས་གནས་ཚུལ་དངོས་རྟོག་ཞིབ་དང་། བྱ་ཐབས་དངོས་འདོན་པ། བྱ་བ་དངོས་སྒྲུབ་པ། ཕན་འབྲས་དངོས་དོན་གཉེར་བཅས་ཀྱིས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྒེར་སེམས་མེད་ཅིང་དཔའ་མི་ཞུམ་པའི་སྒོ་ནས་འགལ་ཟླའི་མདུན་དུ་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་ཐུབ་པ་དང་། ཉེན་ཁའི་མདུན་དུ་གདོང་མཆོངས་བྱེད་ཕོད་པ། ནོར་འཁྲུལ་མདུན་དུ་འགན་འཁྲི་འཁུར་ཕོད་པ་བཅས་བྱེད་དགོས། ཏང་གི་རིམ་ཁག་རྩ་འཛུགས་ཀྱིས་དར་ཆ་གསལ་སྟོན་བྱས་ནས་འགན་འཁུར་ཕོད་པའི་ལས་བྱེད་པར་འགན་འཁུར་དགོས། འགན་མི་འཁུར་བ་དང་། ལས་ཀ་མི་སྒྲུབ་པ། ཁྲལ་སེལ་སླ་བཅོས་བཅས་བྱེད་མཁན་ལས་བྱེད་པར་སྐྱོན་བརྗོད་ནན་པོ་བྱས་ནས་དགོས་ངེས་སྐབས་སུ་རྩ་འཛུགས་ཀྱི་ཐག་གཅོད་དམ་ཡང་ན་ཏང་སྒྲིག་གི་ཆད་པ་གཅོད་དགོས། འགན་ཤོར་ལས་འཛོལ་བྱུང་བའི་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པ་དང་། རྗེས་འབྲས་ཚབས་ཆེན་བཟོས་པའི་རིགས་ལ་འགན་འཁྲི་རྩད་གཅོད་ནན་པོ་བྱས་ཏེ་སྒྲིག་སྲོལ་དང་བཅའ་ཁྲིམས་ལྟར་ཐག་གཅོད་བྱེད་དགོས།

དགུ། ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་ནན་དུ་གཏོང་དགོས།

ཏང་གི་རྩ་འཛུགས་འཚོ་བ་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ནང་དོན་གལ་ཆེན་དང་གཞི་རྟེན་ཞིག་རེད་ལ་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལ་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད། དེར་བརྟེན་ངེས་པར་དུ་ཏང་ཀྱི་རྩ་འཛུགས་འཚོ་བའི་ལམ་ལུགས་ཁག་མཐའ་འཁྱོངས་དང་བྱ་ཐབས་གསར་གཏོད་ཀྱིས་ཏང་གི་རྩ་འཛུགས་འཚོ་བའི་གསོན་ཤུགས་ཆེ་རུ་གཏོང་དགོས།

ཏང་ཡོན་དང་ལས་བྱེད་པ་ཡོངས་དང་ལྷག་དོན་དུ་མཐོ་རིམ་ལས་བྱེད་པས་ངེས་པར་དུ་ཏང་གི་འདུ་ཤེས་ཟབ་ཏུ་བཏང་ནས་དུས་དང་རྣམ་པ་ཀུན་ཏུ་ཏང་ཡོན་ཡིན་པ་བློ་ལ་ངེས་དགོས། ཏང་ཡོན་སུ་ཞིག་ཡིན་རུང་ཏང་རྩ་འཛུགས་ལས་བྲལ་མི་རུང་ལ་ཏང་རྩ་འཛུགས་ཀྱི་སྒང་ལ་དེ་བས་ཀྱང་བཞོན་མི་རུང་། ཏང་ཡོན་ཚང་མས་གོ་གནས་མཐོ་དམན་ལ་མི་བལྟོས་པར་ཏང་རྩ་འཛུགས་ཀྱི་འཚོ་བའི་ནང་ཞུགས་དགོས། ཏང་རྩ་འཛུགས་ཀྱིས་རྩ་འཛུགས་འཚོ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་ཏང་གི་རྩ་འཛུགས་འཚོ་བ་འཆར་ཅན་དང་། ནན་ཏན། སྒམ་ནན་བཅས་ཡོང་བའི་འགན་ལེན་བྱེད་དགོས།

“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་མཐའ་འཁྱོངས་བྱེད་དགོས། ཏང་ཡོན་ཚོས་ངེས་པར་དུ་ཏང་ཡོན་གྱི་ཚོགས་ཆེན་དང་ཏང་གི་ཚོགས་ཆུང་ཚོགས་འདུ་དང་དེ་བཞིན་ཏང་གི་སློབ་ཚན་ནང་ཞུགས་དགོས་པ་དང་ཏང་ཀྲི་པུའུ་ཡིས་དུས་བཀག་ནང་ཀྲི་པུའུ་ཨུ་ལྷན་གྱི་ཚོགས་འདུ་འཚོགས་དགོས། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”ལ་ཆབ་སྲིད་ཀྱི་སློབ་སྦྱོང་དང་སློབ་གསོ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཏང་གཤིས་བློ་སྦྱོང་འབུར་དུ་ཐོན་པ་དང་། ཕྱི་ཚུལ་ཙམ་དང་། རྣམ་པ་ཙམ། རོལ་རྩེད་ཅན། ཐ་མལ་བ་བཅས་སུ་འགྱུར་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་ཏང་ཡོན་དཀྱུས་མ་ཞིག་གི་ངོས་ནས་རང་གནས་སའི་ཏང་ཀྲི་པུའུ་འམ་ཡང་ན་ཏང་ཚོགས་ཆུང་གི་རྩ་འཛུགས་འཚོ་བའི་ནང་ཞུགས་ཏེ་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཏང་གི་སློབ་ཚན་འཁྲིད་པའི་ལམ་ལུགས་མཐའ་འཁྱོངས་བྱེད་དགོས། ཏང་ཡོན་ཚང་མས་གཏན་འབེབས་ལྟར་རང་རྟོགས་ངང་ཏང་དངུལ་སྐྱེལ་དགོས་པ་དང་ཏང་དངུལ་བེད་སྤྱོད་དང་དོ་དམ་ཡོངས་བསྒྲགས་ཁ་གསལ་ཡོང་བ་བྱེད་དགོས།

དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་ཀྱི་ཚོགས་འདུའི་ལམ་ལུགས་མཐའ་འཁྱོངས་བྱེད་དགོས། ཚོགས་འདུ་མ་འཚོག་གོང་བསམ་འཆར་རྒྱ་ཁྱབ་ཉན་པ་དང་སྙིང་གཏམ་ཤོད་རེས་བྱེད་དགོས་པ་དང་། ཚོགས་འདུའི་ཐོག་གནད་དོན་གྲལ་བཤེར་ནན་ཏན་དང་། རྐྱེན་རྩ་དབྱེ་ཞིབ་གཏིང་ཟབ། དག་ཐེར་ཁ་ཕྱོགས་གསལ་བཟོ་བཅས་བྱེད་དགོས་པ། ཚོགས་འདུ་གྲོལ་རྗེས་རིམ་པ་བཞིན་དག་ཐེར་དོན་འཁྱོལ་བྱེད་དགོས། གོང་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་དུས་བཀག་དང་སྐབས་བསྟུན་ངང་རིམ་པ་འོག་མའི་ཏང་རྩ་འཛུགས་འགོ་ཁྲིད་ཚན་ཁག་གི་དམངས་གཙོའི་འཚོ་བའི་ཚོགས་འདུར་ཞུགས་པ་དང་འཚོ་བའི་ཚོགས་འདུ་སྒྲིག་འཛུགས་བྱས་ཏེ་གནད་དོན་ཤེས་རྟོགས་ཐུབ་ཚེ་དུས་ཐོག་ཏུ་ཡོ་བསྲང་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་དེ་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་དགོས།

སྙིང་གཏམ་ཤོད་པ་དང་གླེང་མོལ་བྱེད་པའི་ལམ་ལུགས་མཐའ་འཁྱོངས་བྱེད་དགོས། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་བར་དང་། ཚན་ཁག་གི་ཁོངས་མི་དང་ཏང་ཡོན་གྱི་བར། ཏང་ཡོན་དང་ཏང་ཡོན་དབར་བཅས་ལ་རྒྱུན་དུ་སྙིང་གཏམ་ཤོད་པ་དང་གླེང་མོལ་བྱེད་པའི་ཐོག་ནས་གང་བསམ་ལྷུག་པོར་གླེང་དགོས་པ་དང་། བསམ་ཚུལ་སྤེལ་རེས། བསམ་འཆར་བརྗེ་རེས་བཅས་བྱེད་དགོས་ལ། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་གླེང་མོལ་བྱེད་དགོས་པ་དང་ཏང་ཡོན་དང་ལས་བྱེད་པའི་དུས་བཏབ་གྲོས་མོལ་དང་ལེན་ཡང་བྱེད་དགོས།

ཏང་ཡོན་ལ་དམངས་གཙོའི་དཔྱད་མོལ་མཐའ་འཁྱོངས་བྱེད་དགོས་ཤིང་། ཏང་ཡོན་ཚོར་ཏང་གི་སྒྲིག་ཡིག་ནང་གཏན་འཁེལ་བྱས་པའི་ཏང་ཡོན་གྱི་ཚད་གཞིར་བསྡུར་བ་བྱ་རྒྱུ་དང་། ཏང་ཞུགས་དམ་ཚིག་དང་བསྡུར་བ་བྱ་རྒྱུ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།