ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་ལས་བྱེད་པ་རིགས་བཞིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཡིག་ཆ་བཏོན་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཉེ་ཆར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ།ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།ཞིང་ཆེན་བུད་མིད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་ན་གཞོན་ལས་བྱེད་པ་དང་བུད་མིད་ལས་བྱེད་པ།གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ།ཏང་ཕྱིའི་ལས་བྱེད་པ་བཅས་ཀྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་རྣམ་གྲངས4ཡི་སྐོར་ནས“བསམ་འཆར་འགའ”བཏོན་ཏེ།ལས་བྱེད་པ་རིགས་བཞིའི་དཔུང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་བྱེ་བྲག་གི་དམིགས་འབེན་དང་བྱ་བའི་བྱེད་ཐབས་སྔར་བས་ཞིབ་ཚགས་དང་འཐུས་ཚང་དུ་བཏང་།

  རྣམ་གྲངས4ཡི“བསམ་འཆར་འགའ”ཞེས་པ་ལས་གཙོ་བོ་མིག་སྔར་ཞིང་ཆེན་ཡོངས་ཀྱི་ན་གཞོན་ལས་བྱེད་པའི་སྤྱི་གྲངས་གསོག་འཇོག་མི་འདང་བ་དང་།ཏང་སྲིད་མགོ་ཁྲིད་པ་གཙོ་བོའི་འགན་ཁུར་པའི་བུད་མིད་ལས་བྱེད་པ་ཉུང་བ།གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་ཁྱབ་ཚུལ་ཆ་སྙོམས་མིན་པ།ཏང་ཕྱིའི་ལས་བྱེད་པའི་དཔུང་སྡེའི་ཆགས་སྟངས་ཚད་མཐུན་མིན་པ་སོགས་ཀྱི་འབུར་ཐོན་གནད་དོན་ལ་དམིགས་ཏེ།གནད་ཆེ་ས་བཟུང་བ་དང་།ཁག་བགོས་ནས་སྲིད་ཇུས་ལག་བསྟར་བྱས་ནས། བྱེད་ཐབས་གསར་པ་རབས་དང་རིམ་པ་བཏོན།“བསམ་འཆར”ནང་ན་གཞོན་ལས་བྱེད་པ་དང་བུད་མིད་ལས་བྱེད་པ།གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ།ཏང་ཕྱིའི་ལས་བྱེད་པ་བཅས་དཔུང་སྡེ་འཛུགས་སྐྲུན་གྱི་སྲིད་ཇུས་ཆོད་དོན་ཧྲག་སྡེབ་ནུས་ལྡན་བྱེད་པ་དང་། འབྲེལ་ཡོད་ཡིག་ཆ་དང་མགོ་ཁྲིད་པའི་གསུང་བཤད་ཁྲོད་ཀྱི་བླང་བྱ་ཐར་ཐོར་དང་མཛུབ་སྟོན་ལ་དག་སྒྲིག་རབས་དང་རིམ་པ་བྱས་ཏེ།བཀོལ་སྤྱོད་རང་བཞིན་ཇེ་དྲག་ཏུ་བཏང་བས།གནས་ཚུལ་གསར་པའི་འོག་ན་གཞོན་ལས་བྱེད་པ་དང་བུད་མིད་ལས་བྱེད་པ།གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ།ཏང་ཕྱིའི་ལས་བྱེད་པ་བཅས་སྐྱེད་སྲིང་དང་འདེམ་བསྐོ་བྱེད་པའི་གཞི་འཛིན་ས་གཙོ་བོར་གྱུར་པས།མཚོ་སྔོན་ཞིང་ཆེན་གྱིས“ལྔ་བཅུ་གསུམ”གྱི་དམིགས་འབེན་བདེ་བླག་ངང་མངོན་འགྱུར་བྱེད་པར་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།

  “བསམ་འཆར་འགའ”4ཡི་ནང་དོན་གཙོ་བོ།

  གཅིག་ནི་ན་གཞོན་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།

གཏན་འཁེལ་བྱས་དོན།ཞིང་ཆེན་དང་གྲོང་ཁྱེར།ཁུལ་བཅས་ཀྱིས་རྩ་འཛུགས་བྱས་པའི་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་སུ་ཐོག་མར་ན་གཞོན་ལས་བྱེད་པ་འདེམ་མངག་བྱས་ནས་ཞུགས་སུ་འཇུག་པ་དང་། ལོ་རེར་ན་གཞོན་ལས་བྱེད་པ1000ཡས་མས་གདམ་གསེས་བྱས་ཏེ།དཀའ་ཁག་ཆེ་བའི་ས་ཁུལ་དང་གཞི་རིམ་གྱི་ལས་ཡུལ་དང་པོར་སོང་ནས་དུས་ཡུན་ལོ1ཙམ་གྱི་རིང་ལ་སྐྱེད་སྲིང་སྦྱོང་བརྡར་བྱེད་དགོས།ཞིང་ཆེན་ཡོངས་ཀྱིས་ལོ་རེར་གསར་དུ་བསྡུས་པའི་གཞུང་ཞབས་པ་གཞི་རིམ་དུ་མངགས་པའི་བསྡུར་གྲངས60%

  ལས་ཉུང་མི་རུང་།རང་གཤིས་རང་བཞིན་གྱི་གསོ་སྐྱོང་འཆར་གཞི་གཏན་ལ་འབེབས་པ་དང་།རིམ་པ་ལྟར་ཕུལ་བྱུང་ན་གཞོན་ལས་བྱེད་པའི་མཛོད་འཛུགས་དགོས།

  གཉིས་ནི་བུད་མེད་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།

བླང་བྱ་བཏོན་དོན།ལོ་རེར་བསྡུར་གྲངས20%ཡན་གྱི་བུད་མིད་ལས་བྱེད་པ་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་དཔལ་འབྱོར་ལྟོས་བཅས་ཀྱིས་དར་རྒྱས་ཆེ་བའི་ས་ཁུལ་དུ་མངགས་ནས་འགན་དཀྲིས་སྦྱོང་བརྡར་བྱེད་དུ་འཇུག་དགོས།རིམ་པ་སོ་སོའི་བུད་མིད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ལོ་རེར་འཆར་གཞི་ལྡན་པའི་ངང་བུད་མིད་ལས་བྱེད་པ་ཕུལ་བྱུང་ཅན་བདམས་ནས་རྩ་འཛུགས་དང་མི་དོན་སྡེ་ཁག་ལ་མཚམས་སྦྱོར་བྱེད་དགོས།གཙོ་གནད་དུ་བཞག་ནས་སྐྱེད་སྲིང་བྱེད་དགོས་པའི་བུད་མིད་ལས་བྱེད་པའི་མཛོད་འཛུགས་པ་དང་།གཙོ་བོ་ན་གཞོན་བུད་མིད་ལས་བྱེད་པའི་མཛོད་དང་གྲངས་ཉུང་མི་རིགས་ཀྱི་བུད་མིད་ལས་བྱེད་པ་དང་ཏང་ཕྱིའི་བུད་མིད་ལས་བྱེད་པ་བཅས་སྐྱེད་སྲིང་བྱེད་དགོས།

  གསུམ་ནི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།

གཏན་འཁེལ་བྱས་དོན།གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ལོ5རེའི་ནང་གསོ་སྦྱོང་ནང་ཞུགས་པའི་དུས་ཚོད་བསྡོམས་པས་ཟླ3ལས་ཉུང་མི་རུང་བ་དང་།ཧུར་བརྩོན་གྱིས་སྐད་གཉིས་གསོ་སྦྱོང་དུ་ཞུགས་ནས་གྲངས་ཉུང་མི་རིགས་ལས་བྱེད་པའི་སློབ་སྦྱོང་བརྒྱུད་རིམ་དང་ཕྱོགས་བསྡུས་ཆུ་ཚད་ཇེ་མཐོར་གཏོང་དགོས།གྲངས་ཉུང་མི་རིགས་ལས་བྱེད་པ་ས་ཁུལ་དང་སྡེ་ཁགལས་རིགས་བཅས་བརྒལ་ནས་བརྗེ་རེས་འགན་དཀྲིས་བྱེད་པ་དང་།གཞི་རིམ་དུ་ཕྱོགས་ནས་དམིགས་བཀར་དང་མངོན་གསལ་དུ་གདམ་གསེས་བྱེད་པ་དེ་རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་སུ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཕུལ་བྱུང་ཅན་ཁ་གསབ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩི་དགོས།

  བཞི་ནི་ཏང་ཕྱིའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།

བླང་བྱ་བཏོན་དོན། དུས་ཚོད་དང་རིམ་པ་ལྟར་ཏང་ཕྱིའི་ལས་བྱེད་པ་མངགས་ནས་ན་གཞོན་ལས་བྱེད་པའི་འཛིན་གྲྭ་དང་།

ཆེད་སྦྱོང་འཛིན་གྲྭ སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣའི་འཛིན་གྲྭ་ཆོས་ལུགས་མི་སྣའི་རྒྱལ་གཅེས་ཁྲིམས་བརྩི་འཛིན་གྲྭ་སོགས་སུ་ཞུགས་དགོས།ཀྲུང་དབྱང་གི་རྒྱལ་ཁབ་ལས་ཁུངས་དང་ཀྲུང་དབྱང་གི་ཁེ་ལས།ཞིང་ཆེན་གཞན་གྱི་ལྟོས་བཅས་ཀྱིས་དར་རྒྱས་ཆེ་བའི་ས་ཁུལ་དང་ཞིང་ཆེན་ནང་ཁུལ་གྱི་ཕྱོགས་གཉིས་སུ་འདེམ་མངག་བྱས་ནས་འགན་དཀྲིས་སྦྱོང་བརྡར་བྱེད་པའི་ལས་བྱེད་པའི་ཁྲོད་ཏང་ཕྱིའི་ལས་བྱེད་པ་ངེས་ཅན་ཞིག་ཡོད་དགོས།རིམ་པ་དང་རིགས་བཀར་ནས་ཏང་ཕྱིའི་རྗེས་གྲབས་ལས་བྱེད་པའི་མཛོད་བཙུགས་ཏེ།ཕྱོགས་བསྡུས་ཆུ་ཚད་བཟང་བ་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་ཡོད་པའི་ཏང་ཕྱིའི་ལས་བྱེད་པ་སྐོར་ཞིག་གཙོ་གནད་དུ་བཞག་ནས་སྐྱེད་སྲིང་བྱེད་པ་དང་།དམིགས་གཏད་རང་བཞིན་ཡོད་པའི་སྐྱེད་སྲིང་བྱེད་ཐབས་གཏན་འཁེལ་བྱེད་དགོས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།