ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་གནད་དོན་ཐད་ཀྱི་རྩ་བའི་ལངས་ཕྱོགས་དང་སྲིད་ཇུས།

ཡོང་ཁུངས། : སྲིད་གཞུང་དྲ་བ།     སྤེལ་དུས། : 2016-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  གཅིག མི་རིགས་ཀྱི་འབྱུང་ཁུངས་དང་དར་རྒུད་ནི་ཡུན་རིང་བའི་ལོ་རྒྱུས་ཀྱི་གོམ་འགྲོས་ཤིག་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དུས་སྐབས་ནི་མི་རིགས་ཁག་ཐུན་མོང་ཐོག་འཕེལ་རྒྱས་དང་། དར་རྒྱས་ཀྱི་དུས་རིམ། མི་རིགས་ཁག་བར་གྱི་ཐུན་མོང་གི་རྒྱུ་རྐྱེན་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་སྟེ། མི་རིགས་ཀྱི་ཁྱད་ཆོས། མི་རིགས་ཀྱི་ཁྱད་པར་ཡུན་རིང་གནས་པ་ཞིག་ཡིན།

  གཉིས། མི་རིགས་གནད་དོན་ནི་སྤྱི་ཚོགས་སྤྱིའི་གནད་དོན་གྱི་ཆ་ཤས་ཤིག་ཡིན་པ་དང་། རང་རྒྱལ་གྱི་ད་ལྟའི་མི་རིགས་གནད་དོན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ལས་དོན་ཁྲོད་ནས་ད་གཟོད་རིམ་བཞིན་ཐག་གཅོད་བྱེད་དགོས།

  གསུམ། རྒྱལ་ཁབ་གཅིག་གྱུར་ནི་མི་རིགས་ཁག་གི་མི་དམངས་ཀྱི་ཆེས་མཐོའི་ཁེ་ཕན་ཡིན་པ་དང་། མི་རིགས་ཁག་གི་མི་དམངས་ཚང་མར་རྒྱལ་ཁབ་ཀྱི་བདེ་འཇགས་དང་། མཚན་སྙན། ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱ་རྒྱུའི་འོས་འགན་ཡོད།

  བཞི། མི་རིགས་ཚང་མ་འདྲ་མཉམ་ཡིན་པས་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་དང་ཁེ་ཕན་ལ་འགན་སྲུང་བྱེད་པ་ཡིན།

  ལྔ། མི་རིགས་ཁག་གི་མི་དམངས་ཀྱིས་ཕན་ཚུན་བར་ལ་བརྩི་བཀུར་དང་། འཆམ་མཐུན་མཉམ་གནས། རྒྱུན་ཆད་མེད་པར་མི་རིགས་མཐུན་སྒྲིལ་ཆེན་པོ་སྲ་བརྟན་གཏོང་དགོས།

  དྲུག མི་རིགས་ཁག་གིས་ཕན་ཚུན་རོགས་འདེགས་མཉམ་འབྲེལ་ལ་ཤུགས་སྣོན་དང་། ཧུར་ཐག་གིས་ཐུན་མོང་ཡར་རྒྱས་དང་དར་རྒྱས་མངོན་འགྱུར་ཡོང་བ་བྱེད་དགོས།

  བདུན། དཔལ་འབྱོར་འཕེལ་རྒྱས་དང་འཚོ་བ་ལེགས་བཅོས་བྱ་རྒྱུ་ནི་རང་རྒྱལ་གྱི་ད་ལྟའི་དུས་རིམ་གྱི་མི་རིགས་ལས་དོན་གྱི་ལས་འགན་གཙོ་བོ་དང་། གཞན་གནད་དོན་སྣ་ཚོགས་ཐག་གཅོད་ཀྱི་རྨང་གཞི་ཡིན།

  མི་རིགས་ས་གནས་རང་སྐྱོང་ནི་ཀྲུང་གོ་གུང་ཁྲན་ཏང་གི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཐད་ཀྱི་མཛད་རྗེས་གལ་ཆེན་ཞིག་ཡིན་ལ། དེ་ནི་རང་རྒྱལ་གྱི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་ལམ་ལུགས་ཡིན། རྒྱུན་ཆད་མེད་པར་མི་རིགས་ཁག་གི་མི་དམངས་ཀྱི་བསམ་བློའི་ཀུན་སྤྱོད་ཀྱི་བྱང་ཚད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་མཐོར་འདེགས་དང་། ཧུར་བརྩོན་སྒོས་ཤེས་སྤྱོད་ཟུང་ལྡན་གྱི་མི་རིགས་གྲངས་ཉུང་གི་ལས་བྱེད་པའི་དཔུང་སྡེ་སྐྱེད་བསྲིང་བྱེད་དགོས།

  མི་རིགས་ཀྱི་གནད་དོན་དང་ཆོས་ལུགས་གནད་དོན་དེ་ས་གནས་ཁ་ཤས་སུ་མཉམ་གཅིག་ཏུ་སྦྲེལ་འདུག་པས། མི་རིགས་གནད་དོན་ཐག་གཅོད་སྐབས་ཏང་གི་ཆོས་ལུགས་སྲིད་ཇུས་མཐའ་འཁྱོངས་བྱེད་རྒྱུ་མཉམ་འཇོག་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།